༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

རང་ལྗོངས་ཀྱི་འཐུས་མི་ཚོས་འདི་ལྟར་གསུངས་འདུག

来源:སེམས་ཀྱི་ཞིང་ཁམས།2019-03-16 12:34:33 查看数0

     དཔྱིད་དཔལ་རབ་ཏུ་བཞད་པའི་དུས་བཟང་འདིར། སྤོབས་སེམས་ཆེར་བསྐྱེད་ཀྱི་སྒོ་ནས་མདུན་དུ་བསྐྱོད། དེ་རིང་སྔ་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་རིམ་ཁག་རྒྱལ་ཁའི་ངང་རྒྱལ་ས་པེ་ཅིང་གི་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ་བ་རེད། དུས་རབས་གསར་པའི་སྤོབས་སེམས་ཀྱིས་ཁེངས་པའི་གོམ་སྟབས་ཆེན་པོས། རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྣམས་རྒྱལ་ཡོངས་ས་གནས་སོ་སོའི་འཐུས་མི་རྣམས་དང་མཉམ་དུ་མཇུག་སྒྲིལ་ཚོགས་འདུའི་ཁྲོད་ཞུགས་པ་རེད། 


དཔྱིད་ཀྱི་ལྷན་ཚོགས་འདིས་དུས་རབས་གསར་པར་སུབ་ཐབས་མེད་པའི་ངོ་འཚར་ཆེ་བའི་ལེའུ་ཞིག་བརྩམས་པ་རེད།  རླབས་ཆེའི་དུས་རབས་དང་རླབས་ཆེའི་འཕོ་འགྱུར་ཁྲོད་དུ་ཞུགས་ནས། མི་དམངས་ཚོགས་ཁང་མོ་ནས་ཕེབས་པའི་རང་ལྗོངས་ཀྱི་འཐུས་མི་ཚོར་གཟི་ཉམས་ལྡན་ལ། ལམ་རིམ་གསར་པར་སྐྱོད་པའི་གོམ་སྟབས་སྔར་བས་ཇེ་བརྟན་དུ་སོང་ཡོད།


འཐུས་མི། ཚེ་རིང་མཚོ་བསྟན།  

རང་ཉིད་ལ་ཡང་གྲུབ་འབྲས་མང་པོ་ཐོབ་བྱུང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སྔར་བས་ངོས་འཛིན་གཏིང་ཟབ་ཐུབ་བྱུང་ཞེས་གསུངས་པ་རེད།

འཐུས་མི། སྒོག་སྒོག 

     ཐེངས་འདིའི་ཚོགས་འདུ་གཉིས་ཀྱི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་ཡོད་པ་དང་། འདི་ལོའི་ལས་དོན་སྒྲུབ་ཕྱོགས་ཐད་ཀྱི་ལས་འགན་ཁ་གསལ་བཟོས་ཡོད་ལ། ད་དུང་དུས་རབས་གསར་པའི་འཆར་གཞི་ཁ་གསལ་བཟོས་ཡོད་པར་མ་ཟད། ཕྱོགས་ཡོངས་ནས་འབྱོང་འབྲིང་སྤྱི་ཚོགས་བསྐྲུན་པའི་རླབས་ཆེའི་དམིགས་ཚད་མངོན་འགྱུར་ཡོང་བའི་འབོད་སྐུལ་ཡང་བཏང་འདུག་ཅེས་གསུངས་པ་རེད།

འཐུས་མི། ཕུན་ཚོགསས། 

     ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་དཀའ་སྤྱད་འབད་བརྩོན་བྱས་ཏེ། ལས་དོན་ཁག་སོ་སོ་དམ་པོར་བཟུང་ནས་ལག་བསྟར་བྱ་རྒྱུ་ཡིན་ལ། ཕྱིར་ལོག་རྗེས། གཙོ་བོ་རང་ཉིད་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ། ཚོགས་འདུའི་དགོངས་དོན་ལག་བསྟར་དང་། ལྷག་པར་དུ་འགག་སྒྲོལ་གསུམ་གྱི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་གསུངས་པ་རེད།

འཐུས་མི། བཀྲ་ཤིས་རྒྱལ་མཚན། 

     ཕྱིར་ལོག་རྗེས། ང་ཚོས་ཕུ་ཐུང་བརྫེས་ཏེ་ནུས་པ་ཡོད་ཚད་ཀྱི་སྒོ་ནས་ལས་དོན་བསྒྲུབ་རྒྱུ་དང་། ༢༠༡༩ལོར་ལྗོངས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཡོད་ཚད་ཡག་པོ་བསྒྲུབས་ཏེ། ༢༠༢༠ལོར་སླེབས་སྐབས། རྒྱལ་ཡོངས་དང་ལྷན་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུར་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

འཐུས་མི། དབང་འདུས། 

     འདི་ལོའི་འཆར་གཞི་གཏན་འཁེལ་གནང་ཟིན་པ་དང་།  སླད་ཕྱིན་གྱི་གནད་གཙོ་བོ་དེ་ཅི་ལྟར་དོན་འཁྱོལ་བྱ་རྒྱུ་དེ་ཡིན། ཡིད་ཆེས་བརྟན་པོའི་ངང་ནས་དམ་པ་དོན་གཉེར་དང་འགན་འཁྲི་ནན་འཁུར། ཡར་རྒྱས་བརྩོན་ལེན་བཅས་བྱས་ཐོག དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དགོངས་དོན་ལག་བསྟར་དང་དོན་འཁྱོལ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

གསར་འགོད་པ། བཀྲ་ཤིས་གཡུ་མཚོ། 

འབད་བརྩོན་ཆེན་པོས་རླབས་ཆེ་བའི་བྱས་རྗེས་དང་།  ནུས་པ་ཡོད་ཚད་ཀྱིས་རྨི་ལམ་མངོན་འགྱུར་བྱ་རྒྱུ། མི་དམངས་ཚོགས་ཁང་ཆེན་མོ་ལས་ཡོང་བའི་རང་ལྗོངས་ཀྱི་འཐུས་མི་རྣམས། རྒྱལ་ས་པེ་ཅིང་ནས་ཕྱིར་མེས་རྒྱལ་གྱི་མཐའ་མཚམས་སུ་ཕེབས་ཏེ། དམིགས་ཡུལ་སེམས་ལ་དམ་པོར་བཅངས་ནས་བློ་ཐག་རྦད་ཆོད་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱས་ཐོག  གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བ་བསུ་བ་ཞུ་རྒྱུ་རེད།