༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

གཅེས་སེམས་དངོས་ལ་བརྟེན་ནས་སློབ་སྐྱོར་བྱས་ཏེ་བྱིས་པར་དྲོ་སྐྱིད་སྦྱིན་པ།

来源:ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ2019-11-18 12:09:53 查看数0

680592_yis_1573964612145.jpg

ཉེ་ཆར། བོད་དམག་ཁུལ་ཁང་གི་ལུའེ་ཞིག་གིས་བོད་ལྗོངས་གཅེས་སེམས་སྤྱི་ཕན་ཞབས་ཞུ་ལྟེ་གནས་དང་མཉམ་འབྲེལ་ཐོག་མི་སྣ་སྒྲིག་འཛུགས་བྱས་ཏེ་ལྷ་ས་གྲོང་ཁྱེར་སྣེའུ་ཤང་ལྟེ་བའི་སློབ་ཆུང་དུ་བསྐྱོད་ནས་སློབ་གསོ་དབུལ་སྐྱོར་གྱི་ཞལ་འདེབས་རྒྱག་པའི་བྱེད་སྒོ་སྤེལ་བ་དང་། ད་རེས་ཞལ་འདེབས་བརྒྱབ་པའི་ནང་ལན་ཆིའུ་སྤོ་ལོ་དང་། རྐང་རྩེད་སྤོ་ལོ། དཔེ་ཁུག འཁྱགས་སྒམ། གཞུང་ལས་གློག་ཀླད་སོགས་ཡོད་པ་དང་། ཞལ་འདེབས་རྒྱག་པའི་བྱེད་སྒོ་མཇུག་འགྲིལ་རྗེས་དཔོན་དམག་ཚོས་སློབ་མ་དང་མཉམ་དུ་སློབ་གྲྭའི་ལུས་རྩལ་ཐང་དུ་རྩེད་མོ་རྩེས་བས་དགའ་འབོད་ཀྱི་སྒྲ་རྒྱུན་ཆད་མེད་པར་གྲགས་ཤིང་། འདི་ནི་དཔོན་དམག་དང་སློབ་མ་རྣམས་རྩེད་མོ་རྩེ་བཞིན་པ།