༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

​ ཡིག་ཚགས་འགྲེམས་སྟོན་ལ་ལྟ་སྐོར་གྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་བྱེད་པ།

来源:ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ2019-08-25 10:48:46 查看数0

655623_yis_1566530900966_s.jpg

ཟླ་༨ཚེས་༢༢ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས། ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པ་ཁག་དང་ཁེ་ལས་བྱ་གཞག་ཚན་པའི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ཀྱིས། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་བསྐྱོད་ནས། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”ཡིག་ཚགས་འགྲེམས་སྟོན་ལ་ལྟ་སྐོར་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་དད་སེམས་བརྟན་གཏོང་དང་། “བོད་སྐྱོད་པ་རྒན་གྲས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་གྱིས་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད། བྱས་རྗེས་གསར་པ་བསྐྱར་དུ་འཇོག་པའི་ཁྲིད་སྟོན་བྱས་ཤིང་། འདི་ནི་ཏང་ཡོན་ལས་བྱེད་པས་ཡིག་ཚགས་འགྲེམས་སྟོན་ལ་ལྟ་སྐོར་བྱེད་བཞིན་པ།