༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ཁྲོན་བོད་ལྕགས་ལམ་གྱི་མིག་སྔའི་ལས་རིམ།

来源:2019-08-23 13:11:24 查看数0

༄༅།།ཁྲོན་བོད་ལྕགས་ལམ་གྱི་མིག་སྔའི་ལས་རིམ།

 ཟླ་༨ཚེས་༢༠ཉིན། “དུས་རབས་གསར་པར་མཐའ་མཚམས་སུ་བསྐྱོད”ཅེས་པའི་གསར་འགྱུར་དྲ་ཚིགས་ཆེ་གྲས་བོད་ལྗོངས་སུ་བསྐྱོད་པའི་བྱེད་སྒོར་ཞུགས་མཁན་རིགས་གཅིག་མཁས་པ་དང་གསར་འགོད་པ་མཉམ་དུ་ལྷ་ས་གྲོང་ཁྱེར་ནས་ལྷོ་ཁ་གྲོང་ཁྱེར་དུ་བསྐྱོད་པ་རེད། རྩེད་གོང་མྱུར་བགྲོད་གཞུང་ལམ་དུ་བསྐྱོད་དུས། གསར་འགོད་པས་ཁྲོན་བོད་ལྕགས་ལམ་གྱི་ལྷ་ཉིང་ལམ་དུམ་གོ་རིམ་ལྡན་པའི་ངང་བསྐྲུན་བཞིན་ཡོད་པ་མཐོང་།  
    ཤེས་རྟོགས་བྱུང་བར་གཞིགས་ན། ཁྲོན་བོད་ལྕགས་ལམ་གྱི་ལམ་དུམ་སྟེ་ལྷ་ས་ནས་ཉིང་ཁྲི་བར་ནི་བོད་རང་སྐྱོང་ལྗོངས་གྱི་ལྟེ་གནས་ལྷ་ས་གྲོང་ཁྱེར་ནས་འགོ་བརྩམས་ཏེ། ཉིང་ཁྲི་གྲོང་ཁྱེར་བར་དུ་ཡིན་ཞིང་། ལམ་ཐག་རིང་ཚད་ལ་སྤྱི་ལེ་༤༣༥.༤༨ཡོད་ཅིང་། སྔོན་རྩིས་ལྟར་ན་༢༠༢༠ལོའི་ལོ་མཇུག་ཏུ་ལམ་ཐིག་ཡོངས་ཀྱི་སྒྲོམ་གཞི་འདིང་ཐུབ་རྒྱུ་རེད། 

༄༅།།ཁྲོན་བོད་ལྕགས་ལམ་གྱི་མིག་སྔའི་ལས་རིམ།