༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ཝུའུ་དབྱིང་ཅེས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཛོམས་གནང་བ།

来源:2019-08-19 10:24:41 查看数0

653256_yis_1565929185817.jpg

      ཟླ་༨ཚེས་༡༤ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་བྱམས་བརྩེའི་ངང་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཛོམས་གནང་བ་རེད།

     ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་མཇལ་འཛོམས་ལ་ལྷན་དུ་ཕེབས་ཡོད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བསྟན་ཁོ་དང་། ལིའུ་ཅང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ས་ལུང་ཕུན་ལགས། བསོད་ནམས་རིག་འཛིན་བཅས་ཀྱང་མཇལ་འཛོམས་ལ་ཕེབས་ཡོད་པ་རེད།

      ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བོད་དུ་སྤེལ་གནང་བའི་བྱེད་སྒོ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཝུའུ་དབྱིང་ཅེས་ཟླ་བ་གཉིས་རིང་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་སྔ་རྗེས་སུ་ལྷ་ས་དང་། གཞིས་རྩེ། ནག་ཆུ། མངའ་རིས་བཅས་གྲོང་ཁྱེར་དང་ས་ཁུལ་བཞིར་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་གནང་བ་དང་སྤྱི་ཚོགས་ཀྱི་བརྟག་ཞིབ་གནང་བ་དང་ལྷག་པར་དུ་ཉིན་༢༠ལྷག་ཙམ་རིང་རྒྱུན་མཐུད་དེ་མངའ་རིས་དང་ནག་ཆུའི་ས་བབ་མཐོ་བའི་ས་ཁུལ་དུ་བྱེད་སྒོ་མང་དག་སྤེལ་ནས་ཏང་གི་མི་རིགས་ཆོས་ལུགས་ཀྱི་སྲིད་ཇུས་རྒྱ་ཁྱབ་ངང་དྲིལ་བསྒྲགས་དང་། ཆོས་ལུགས་ཀྱི་བསྟན་དོན་འགྲེལ་བཤད། གྲྭ་བཙུན་དང་དད་ལྡན་མང་ཚོགས་ཚོར་མཐུན་སྒྲིལ་ལ་སྲུང་སྐྱོང་དང་། བརྟན་ལྷིང་ལ་སྐུལ་འདེད། ཞི་མཐུན་ལ་སྐུལ་འདེད།  སྣོད་བཅུད་སྲུང་སྐྱོང་བཅས་བྱེད་པའི་སློབ་གསོ་བཏང་བར་ཕན་འབྲས་ཡག་པོ་ཐོན་ནས་ངོས་འཛིན་གཅིག་མཐུན་དང་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད་ཅེས་གསུངས།

      མཇལ་འཛོམས་གནང་རིང་། ཝུའུ་དབྱིང་ཅེས་ལོ་མང་གོང་རང་ཉིད་མངའ་རིས་དང་ནག་ཆུའི་ཐག་རིང་ལུང་ཁུག་གི་རྫོང་དང་ཤང་གི་ལས་དོན་ལ་བརྟག་ཞིབ་ལ་བསྐྱོད་པའི་གནས་ཚུལ་ཕྱིར་དྲན་བྱེད་སྐབས། སྐབས་དེའི་དཀའ་ཚེགས་ཆེ་བའི་ལས་ཀ་དང་འཚོ་བའི་ཆ་རྐྱེན་དེ་དག་བརྗེད་ཐབས་མི་འདུག་ཅེས་མྱོང་ཚོར་ཟབ་མོས་གསུངས་ཤིང་། ཝུའུ་དབྱིང་ཅེས་མིག་སྔར་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་གོང་འཕེལ་བརྟན་པོ་རྒྱུན་འཁྱོངས་ཐུབ་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་གོང་མཐོར་སོང་བ། རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱུང་བ། སྤྱི་ཚོགས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་བྱུང་ཡོད། གྲུབ་འབྲས་འདི་དག་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་ལས་བྱུང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ཡོད་པ་ལས་བྱུང་བ་རེད། དེའི་ཁྲོད་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཚུད་པའི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་འབད་འཐབ་ཀྱི་འབྲས་བུའང་ཚུད་ཡོད་ཅེས་གསུངས།

      ཝུའུ་དབྱིང་ཅེས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་གོང་འོག་ཚང་མས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་ཞོར། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་སྐྲུན་པ་བཅས་ཀྱི་དམིགས་ཡུལ་ཕྱོགས་སུ་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱེད་བཞིན་ཡོད། རེ་བར་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་སྤྱི་ཁྱབ་ཧྲུའུ་ཅིའི་སློབ་སྟོན་ཟབ་མོ་དང་ཀྲུའུ་ཞི་དབང་དབྱང་གི་ཐུགས་རེ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས“ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པ”བཅས་སྣེ་ཁྲིད་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ཏེ་འགན་འཁྲི་དང་ལས་འགན་ཡག་པོ་སྒྲུབ་པ་དང་། ཁྲིད་སྟོན་གྱི་ནུས་པ་ཡག་པོ་འདོན་པ། དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་སློབ་གསོ་ཡག་པོ་གཏོང་བ་དང་ཁྲིད་སྟོན་བྱས་ནས་ཕ་ཡུལ་དར་རྒྱས་གོང་འཕེལ་དང་ཞི་མཐུན་བརྟན་ལྷིང་ལ་སྟོབས་ཤུགས་སྔར་བས་ཆེ་བ་ལེགས་སྐྱེས་འབུལ་དགོས་ཞེས་གསུངས།

      པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བོད་དུ་བཞུགས་རིང་གི་མྱོང་ཚོར་ཟབ་མོ་ལྷུག་གླེང་གནང་ཞིང་། ཁོང་གིས་ད་ཐེངས་ཕ་ཡུལ་དུ་སྐྱོད་སྐབས་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པའི་ཁར་ནུབ་རྒྱུད་ཐག་རིང་ལུང་ཁུག་གི་འབྲོག་པར་གློག་དང་། ཆུ། དྲོད་རླངས་བཅས་ཚང་བའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད་པ་དང་ཆབས་ཅིག ཆུང་དུས་སློབ་མཁན་ཡོད་པ་དང་། རྒས་དུས་འཚོ་རྟེན་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། སྡོད་སའི་ཁང་པ་ཡོད་པ་བཅས་ལས་ཕ་ཡུལ་གྱི་མི་དམངས་ཚོས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་འདུག་པས། སེམས་གཏིང་ནས་དགའ་ཚོར་ཆེན་པོ་བྱུང་། ལམ་བར་དུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་མཐོང་བྱུང་ལ། རིམ་པ་ཁག་དང་སྡེ་ཚན་ཁག དེ་བཞིན་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཐོག་མའི་བསམ་འདུན་དང་ངོ་བོར་འགྱུར་ལྡོག་མི་གཏོང་བར་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་སྐྲུན་བཞིན་པ་མཐོང་དུས་རང་ཉིད་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་ཞེས་གསུངས།

    པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བོད་དུ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག བོད་བརྒྱུད་ནང་བསྟན་ནི་ཆོས་ལུགས་ཀྱི་དད་མོས་ཁོ་ན་ཙམ་མིན་པར་ཞིང་བྲན་བདག་པོས་རྒྱ་ཆེའི་ཞིང་བྲན་ལ་གཉའ་གནོན་གཏོང་བའི་ཆབ་སྲིད་ཀྱི་ལག་ཆ་ཞིག་ཏུ་གྱུར་བས་རིན་ཐང་གི་རིགས་པའི་གཞུང་ལུགས་ནས་བརྗོད་ན། ནང་ཆོས་ཀྱི“བྱམས་སྙིང་རྗེ་ལྡན་པ་དང་འགྲོ་དྲུག་བཏང་སྙོམས”ཀྱི་བསྟན་དོན་དང་ཡོངས་སུ་རྒྱབ་འགལ་སོང་ཡོད། ད་ཆ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དུས་རབས་སུ་བོད་བརྒྱུད་ནང་བསྟན་ལོ་རྒྱུས་ཐོག་གི་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་བཞིན་ཡོད་པས། རླབས་ཆེན་གྱི་དུས་རབས་འདི་དང་སྔར་བས་འཚམ་ཞིང་མཉམ་འདྲེས་བྱས་ཏེ་རྒྱལ་ཁབ་དར་རྒྱས་དང་། མི་དམངས་བདེ་སྐྱིད། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བཅས་ཡོང་བར་སྐུལ་མ་གཏོང་བའི་ཐད་དེ་བས་དགེ་མཚན་ལྡན་པའི་ནུས་པ་ཐོན་གྱི་ཡོད། རང་ཉིད་ཀྱིས་དུས་ནམ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ཟབ་མོ་དང་ཀྲུའུ་ཞི་དབང་དབྱང་གི་ཐུགས་རེ་ཟབ་མོ་བློ་ལ་བརྟན་པོར་འཆང་བ་དང་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མིག་དཔེར་བཟུང་ནས་རང་ངོས་ཀྱི་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི་རྒྱ་ཆེའི་གྲྭ་དམངས་དང་དད་ལྡན་མང་ཚོགས་ཚོར་ལས་སླ་པོར་བྱུང་བ་ཞིག་མིན་པའི་མཛེས་སྡུག་ལྡན་པའི་འཚོ་བར་གཅེས་སྤྲས་ལྡབ་བརྒྱ་བྱེད་དགོས་པའི་སློབ་གསོ་དང་ཁྲིད་སྟོ ན་བྱས་ཏེ། རྒྱལ་གཅེས་ཆོས་གཅེས་དང་། ཁྲིམས་སྲུང་སྡོམ་སྲུང་གིས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་གསུངས།