༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

བརྩེ་སེམས་ས་མཐོར་རྒྱུན་མཐུད་བྱེད་པ།

来源:ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ2018-07-13 12:57:44 查看数0

530741_yis_1531216426139_s.jpg

ཉེ་ཆར། པའེ་ཝུའེ་དབྱིང་པོས་ཅིང་ཏུང་ཟོག་འགྲེམས་དང་ལག་གདང་སྦྲེལ་བའི་དང་བླངས་པ་༢༠ཡིས་ས་བབ་མཐོ་ཚད་སྨི་༤༣༠༠ལྷག་ཙམ་ཡོད་པའི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ལུང་རིང་ཤང་ལྟེ་བའི་སློབ་ཆུང་དུ་ས་མཐོར་བརྩེ་སེམས་བཅངས་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་། སློབ་གྲྭ་དེ་གའི་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་༡༠ལ་རིན་ཐང་སྒོར་༡༠༠༠༠རི་བའི་ལག་རྟགས་དང་སློབ་གྲྭ་ཡོངས་ཀྱི་གྲོགས་པོ་ཆུང་ཆུང་༦༠༠ལ་མི་རེར་ཡིག་ཆས་རེ་སྤྲད་པ་མ་ཟད། ད་དུང་སློབ་གྲྭའི་རྐང་རྩེད་སྤོ་ལོའི་རུ་ཁག་ལ་Adidasགྱི་ཁ་གྲངས་ངེས་ཅན་ཡོད་པའི་རྐང་རྩེད་སྤོ་ལོ་༡སྤྲད་ནས་སློབ་ཕྲུག་ཚོར་རང་ཉིད་ཀྱི་ཕུགས་བསམ་མཐའ་འཁྱོངས་ཀྱིས་མུ་མཐུད་མདུན་སྐྱོད་བྱེད་རྒྱུར་སྐུལ་མ་བཏང་ཞིང་། འདི་ནི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བྱ་ཡུལ་ཡིན་པ།