༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

མཐའ་མཚམས་གྲོང་རྡལ་ཆུང་གྲས་ཀྱི་རྣམ་པ་གསར་པ།

来源:ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་བ2018-07-12 12:47:21 查看数0

530941_yis_1531284354685_s.jpg

༢༠༡༥ལོར་རང་ལྗོངས་ཀྱིས་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་དཔེ་སྟོན་འཛུགས་སྐྲུན་གྱི་ལས་དོན་སྤེལ་འགོ་ཚུགས་པ་དང་། ལོ་གསུམ་རིང་། རིམ་ཁག་སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱི་ཐུན་མོང་གི་འབད་བརྩོན་བརྒྱུད། མིག་སྔར་ཤང་གྲོང་༢༦རང་སྐྱོང་ལྗོངས་རིམ་པའི་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་དཔེ་སྟོན་འཛུགས་སྐྲུན་གྱི་མིང་གཞུང་ནང་བཅུག་པ་དང་། ཤང་གྲོང་༧རྒྱལ་ཁབ་རིམ་པའི་ཁྱད་ལྡན་གྲོང་རྡལ་ཆུང་གྲས་སྐྱེད་སྲིང་གི་མིང་གཞུང་ནང་བཅུག་ཡོད། མཚོ་སྣ་རྫོང་སླད་མོན་པ་མི་རིགས་ཤང་༢༠༡༥ལོར་རང་སྐྱོང་ལྗོངས་རིམ་པའི་ཁྱད་ལྡན་གྲོང་རྡལ་དཔེ་གསར་གྱི་རྣམ་གྲངས་ནང་བཅུག་པ་དང་། ༢༠༡༧ལོའི་ཟླ་བཅུ་གཉིས་པའི་ཟླ་མཇུག་ཏུ་རྣམ་གྲངས་ལས་གྲྭ་འཛུགས་སྐྲུན་ལེགས་གྲུབ་བྱུང་ཡོད། ད་ཆའི་སླད་མོན་པ་མི་རིགས་ཤང་གི་མང་ཚོགས་ཚང་མ་གཙང་ལ་གྲལ་འགྲིག་པའི་སྤྲོ་ཁང་ཆུང་གྲས་ནང་སྤོས་ཡོད་ཅིང་། འདི་ནི་སླད་མོན་པ་མི་རིགས་ཤང་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་ཟུར་ཞིག་ཡིན་པ།

--    --