༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

བསྟན་འཛིན། བདེ་སྐྱིད་འཚོ་བ་སྦྲང་རྩི་ལས་ཀྱང་མངར།

来源:བོད་ལྗོངས་ཉིན་རེའི་ཚགས་པར།2018-06-13 15:53:49 查看数0

↑འདི་ནི་བསྟན་འཛིན(མདུན་གྲལ)ཁྱིམ་མི་མཉམ་འཛོམས་ཀྱི་པར་ཡིན་པ།

ཚ་མོ་གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རེན་བྱས་པ་ནས་བཟུང་ཨ་མ་བསྟན་འཛིན་གྱི་ངོ་གདོང་ལས་འཛུམ་མདངས་ཡང་ཡང་འཕྱུར། མ་གཞི་མི་རྣམས་ཀྱི་མིག་ནང་གྲོང་ཚོའི་ལས་བྱེད་པ་ཞིག་ཡིན་པར་ཧ་ལས་རྒྱུ་གང་ཡང་མེད་མོད། འོན་ཀྱང་ཨ་མ་བསྟན་འཛིན་གྱི་ངོས་ནས་བརྗོད་ན་དེ་ནི་དགའ་འོས་པའི་བྱ་བ་ཞིག་རེད།

ཨ་མ་བསྟན་འཛིན་ཁྱིམ་གྱི་ཕ་མེས་མི་རབས་ནས་མི་རབས་བར་མངའ་བདག་ཁྱིམ་གྱི་ཕྱུགས་རྫི་བ་ཡིན་པ་དང་། དེ་དུས་ས་མ་འབྲོག་གི་གྲོང་ཚོ་དེ་སྔོན་ཆད་དབུལ་པོར་མཐོང་ཆུང་བྱེད་རྐྱང་བྱེད་ཀྱི་ཡོད་པས་ཁོང་གིས་སྤོ་བོ་ལགས་སུ་ཉལ་བའི་རྨི་ལམ་དུའང་ཉིན་ཞིག་མངའ་བདག་གིས་རང་ལ་ས་ཞིང་བོགས་མར་གཏོང་བའི་རེ་བ་བྱེད་ཀྱི་ཡོད། ཕྱུགས་རྫི་བའི་འཚོ་བ་ནི་ཧ་ཅང་དཀའ་ངལ་ཆེ་བ་ཞིག་ཡིན་པ་དང་། མངའ་བདག་གིས་སྤྲད་པའི་བཟའ་འབྲུ་ཏོག་ཙམ་དེས་ནང་མི་ཚང་མའི་འཚོ་བ་འཁྱོལ་ཙམ་ལས་མེད། དེས་མ་ཚད་སྤོ་བོ་ཡིད་ཐང་ཆད་དགོས་པ་ཞིག་ནི་མི་རབས་ནས་མི་རབས་བར་འཚོ་བ་འདི་འདྲ་སྐྱེལ་དགོས་པ་དེ་ཡིན། གལ་ཏེ་ས་ཞིང་བོགས་མར་བླངས་ནས་བཏབ་ཚེ་བལྟོས་བཅས་ཀྱིས་རང་བདག་དབང་ཆ་ཕྲན་བུ་ཡོད་པས་ནང་མི་ཚོས་བཟའ་མཁས་འཐུང་མཁས་བྱས་ཚེ་ཁྱིམ་ནོར་ཕྲན་བུ་གསོག་ཐུབ་ཀྱི་ཡོད་ལ་རྗེས་སུའང་རེ་བ་བཅོལ་ས་ཞིག་ཡོད། འོན་ཀྱང་རྒད་པོ་ཁོང་མཐར་ཉིན་མོ་དེ་རེ་སྒུག་ཐུབ་མ་སོང་ཞེས་ཨ་མ་བསྟན་འཛིན་གྱིས་དྲན་གསོ་བྱེད་བཞིན་བཤད། ཁོང་གིས་ངའི་མི་རབས་འདིར་སླེབས་རྗེས་གཞི་ནས་འཚོ་བ་ཡག་ཏུ་ཕྱིན་སོང་། ལོ་བཅུ་གཅིག་བཅུ་གཉིས་ལ་སླེབས་སྐབས་ཁྱིམ་ལ་ས་ཞིང་བགོ་བཤའ་རག་བྱུང་། འོན་ཀྱང་དུས་ཡུན་རིང་པོ་ཕྱུགས་རྫི་བའི་འཚོ་བ་བསྐྱལ་བའི་དབང་གིས་ནང་མི་ཚོས་ས་ཞིང་ཡག་པོ་འདེབས་ཤེས་ཀྱི་མེད། ས་ཞིང་བཏབ་མ་ཐག་པའི་ལོ་ཁ་ཤས་ནང་ཐོན་འབབ་ཁྱིམ་ཚང་གཞན་དང་བསྡུར་ན་ཧ་ཅང་ཉུང་བ་ཡོད། སྟབས་ལེགས་པ་ཞིག་ལ་དམངས་གཙོའི་བཅོས་སྒྱུར་བཏང་རྗེས་གྲོང་ཚོའི་ནང་རོགས་རེས་ཚོགས་ཆུང་བཙུགས་པས་ཚང་མས་ཕན་ཚུན་རོགས་རམ་བྱེད་ཀྱི་ཡོད། ཏང་གི་འགོ་ཁྲིད་འོག་ང་ཚོའི་འཚོ་བ་ཉིན་བཞིན་ཡག་ཏུ་འགྲོ་བཞིན་ཡོད། བོད་རྙིང་པར་ང་ཚོར་ཐ་ན་ཇ་བསྲུབས་མའང་འཐུང་རྒྱུ་མེད་ཅེས་བཤད། ཨ་མ་བསྟན་འཛིན་གྱིས་གུང་ཁྲན་ཏང་དང་གྲོང་ཚོའི་ལས་བྱེད་པ་ཚང་མར་དམིགས་བསལ་གྱི་བརྩེ་སེམས་འཆང་གི་ཡོད། ད་ཆ་ཚ་མོ་གྲོང་ཚོའི་ལས་བྱེད་པར་བདམས་པ་དེ་ནི་གྲོང་མི་ཚོས་རང་ཉིད་ཀྱི་ཁྱིམ་ལ་རོགས་རམ་བྱས་པ་ཞིག་རེད་ཅེས་ཤོད་བཞིན་དུ་ཨ་མ་བསྟན་འཛིན་གྱི་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར།

ཨ་མ་བསྟན་འཛིན་གྱིས་ད་ལྟའི་ཕྱུགས་འཚོ་སྟངས་དེ་སྔ་བཞིན་མ་རེད། སྲིད་ཇུས་བཟང་པོ་འདི་འདྲ་ཡོད་པས་ཡོང་འབབ་ཚང་མ་རང་ཉིད་ལ་བདག་པ་དང་འཚོ་བའི་ཆ་རྐྱེན་ཡང་ཡག་ཏུ་ཕྱིན་སོང་། གང་ཟ་གང་འདོད་ཡོད་པས་བོད་རྙིང་པའི་དཀའ་སྡུག་གི་འཚོ་བ་དེ་འདྲ་སྐྱེལ་དགོས་ཀྱི་མེད། ཚ་བོ་ཚ་མོ་ཚང་མ་འཇོན་པོ་ཡོད། ཚ་བོ་ཆུང་ཤོས་སློབ་ཆེན་ཐོན་རྗེས་ལྷ་སར་དགེ་རྒན་བྱེད་ཀྱི་ཡོད། ཚ་མོའང་གྲོང་ཚོའི་ནང་གི་ལས་བྱེད་པར་བདམས་པས་བདེ་སྐྱིད་ཀྱི་འཚོ་བ་སྦྲང་རྩི་ལས་ཀྱང་མངར་བ་ཡོད་ཅེས་བཤད།