༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

སྡོད་མལ་དང་ལས་ཞུགས་ལ་འཚམ་པའི་བདེ་སྐྱིད་ཁྱིམ་གཞིས།

来源:བོད་ལྗོངས་ཉིན་རེའི་ཚགས་པར།2018-06-13 15:53:47 查看数0

ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས“རྨང་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་པ། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་བྱེད་པ། ཁུལ་གསར་གྱིས་སྣེ་ཁྲིད་བྱེད་པ”བཅས་ཀྱི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་། དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་སྤེལ་བྱས་ལ་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཆུ་ཚད་མུ་མཐུད་གོང་མཐོར་འགྲོ་རྒྱུར་སྐུལ་འདེད་ཀྱང་བཏང་ཡོད། ད་ཆ་གྲོང་ཁྱེར་དེ་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་བར་ཁམས་བཀོད་སྒྲིག་བྱེད་ཚུལ་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བ་དང་། ཐོན་ལས་ལ་བརྟེན་ནས་འདེགས་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ། བྱེད་པོའི་ནུས་པ་སྔར་བས་ཆེ་རུ་འགྲོ་བ། མི་སྡོད་ཁོར་ཡུག་ཇེ་ལེགས་སུ་འགྲོ་བ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཐོན་ཡོད། གཞན་ཡང་སྣེ་གདོང་ཆུས་ལྟེ་བར་བྱས་པ་དང་། རྫོང་གྲོང་ཁག་བརྟེན་སར་བྱས་པ། ཁྱད་ལྡན་གྱི་གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུ་ཁག་དྲ་རྒྱར་བྱས་པ་བཅས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་ལག་ཅིག་རགས་ཙམ་ཆགས་ཡོད། འདི་ནི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྩེད་ཐང་གྲོང་རྡལ་གྱི་གྲོང་ཁུལ་ཡིན་པ།