༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

བོད་རིགས་དང་ཆའང་རིགས། དབྱིས་རིགས་བཅས་ཀྱི་རིག་གནས་ཐོན་ལས་བར་ཁྱམས་འཛུགས་སྐྲུན་རྣམ་གྲངས་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར༤༣.༣བཏང་།

来源:ཀྲུང་གོའི་བོད་ལྗོངས་དྲ་བ།2018-01-11 11:15:29 查看数0

      ཉེ་བའི་ལོ་ཤས་རིང་།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རིག་གནས་ཐོན་ལས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་།  རིག་གནས་ཐོན་ལས་དེ་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ལ་གཞིར་འཛིན་པ་དང་། བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་གི་ནང་དོན་གལ་ཆེན་ལ་བཟུང་ནས་རིག་གནས་ཐོན་ལས་གོང་འཕེལ་ཤུགས་ཆེན་གཏོང་དགོས་པ་བཏོན་པ་དང་། ༢༠༢༠ལོར་སླེབས་སྐབས་རིག་གནས་ཐོན་ལས་དེ་བོད་ལྗོངས་ཀྱི་རྒྱལ་དམངས་དཔལ་འབྱོར་གྱི་རྐང་འཛིན་རང་བཞིན་ལྡན་པའི་ཐོན་ལས་གསར་པར་སྐྱེད་སྲིང་བྱེད་དགོས་པའི་འཐབ་ཇུས་ཀྱི་དམིགས་འབེན་བཏོན། འདས་མ་ཐག་པའི༢༠༡༧ལོར། རང་སྐྱོང་ལྗོངས་རིག་གནས་ཐིང་ནས་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ལས་དེ་རྒྱལ་དམངས་དཔལ་འབྱོར་གྱི་རྐང་འཛིན་ཐོན་ལས་གསར་པར་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་པའི་དམིགས་ཚད་ལ་དམ་པོར་དམིགས་ཏེ། རོགས་སྐྱོར་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་རང་ལྗོངས་ཀྱི་རིག་གནས་ཐོན་ལས་ཀྱི་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད་པ་རེད།

                          རྣམ་གྲངས༡༢༢གྲངས་མཛོད་དུ་ཚུད་པ་དང་།  ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར༤༠༠བཏང་།

          《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད》( གཤམ་དུ《རྩ་གནད》ཅེས་བསྡུས)ནང་ཐེངས་དང་པོར་རིག་གནས་ཐོན་ལས་དེ་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་གི་ལས་འགན་གལ་ཆེན་དུ་བགྲངས་པ་དང་། དེ་ནི་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཀྱི་ནང་དོན་གྲུབ་ཆ་གལ་ཆེན་དུ་ཚུད་པ། “༢༠༢༠ལོར་སླེབས་སྐབས། རིག་གནས་ཐོན་ལས་ནི་རྒྱལ་དམངས་དཔལ་འབྱོར་གྱི་རྐང་འཛིན་ཐོན་ལས་ཡིན་པའི”འཐབ་ཇུས་དམིགས་འབེན་གཏན་འཁེལ་གསལ་པོར་གནང་། ན་ནིང་ལོའི་ལོ་འགོར། རིག་གནས་ཐིང་གིས《རྩ་གནད》དང་རང་ལྗོངས་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བའི་ནང་དོན་དངོས་ལ་གཞིགས་ཏེ། 《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི” རིང་རིག་གནས་ཐོན་ལས་འཕེལ་རྒྱས་འཆར་འགོད》( གཤམ་དུ《འཆར་འགོད》ཅེས་བསྡུས)པར་འགྲེམས་གནང་།

          རང་སྐྱོང་ལྗོངས་རིག་གནས་ཐིང་ཐོན་ལས་ཁྲུའུ་ཡི་ཁྲུའུ་ཀྲང་ནོར་བུ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 《འཆར་འགོད》ནང“ལོ་ལྔ་ཚན་བཅུ་གསུམ་པའི” རིང་གི་རང་ལྗོངས་ཀྱི་རིག་གནས་ཐོན་ལས་ཀྱི་གཙོ་གནད་རྣམ་གྲངས་ཁྱོན་རིགས་ཆེ་བ་གསུམ་དུ་དབྱེ་ཡོད་དེ། བོད་རིགས་དང་ཆའང་རིགས། དབྱིས་རིགས་བཅས་ཀྱི་རིག་གནས་ཐོན་ལས་བར་ཁྱམས་འཛུགས་སྐྲུན་རྣམ་གྲངས་དང་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་དཔེ་སྟོན་གླིང་འཛུགས་སྐྲུན་རྣམ་གྲངས། བོད་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་བཅས་རེད། མིག་སྔར། མཛོད་འཇུག་རྣམ་གྲངས༡༢༢ཟིན་པ་དང་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར༤༠༠ལ་ཉེ་བ་བཏང་ཡོད་པ་རེད། བོད་རིགས་དང་ཆའང་རིགས། དབྱིས་རིགས་བཅས་ཀྱི་རིག་གནས་ཐོན་ལས་བར་ཁྱམས་འཛུགས་བསྐྲུན་རྣམ་གྲངས་ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར༤༣.༣བཏང་ཡོད་ལ། དེའི་ནང་དམག་སྡེ་བཅོ་བརྒྱད་པའི་རྗེས་ཤུལ་གསར་བརྗེའི་རིག་གནས་ཡུལ་སྐོར་གསར་སྤེལ་དང་། 《ཤམ་བྷ་ལ་འཚོལ་བ》ཡི་རིམ་སྤོར་པར་མ། “རྒྱལ་མོ་རྔུལ་ཆུའི་ངོགས་གཉིས”ཀྱི་མངོན་མིན་སྐྱེ་ཁམས་ཐོན་ལས་སྲུང་སྐྱོབ། བོད་ཀྱི་འབྱུང་གནས་དངོས་མང་བཤམས་སྟོན་ཁང་འཛུགས་སྐྲུན། གནམ་མཚོའི་ས་གདན་རིག་གནས་ཐོན་ལས་སྲུང་སྐྱོབ།  ཇ་རྟའི་གནའ་ལམ་གྱི་རིག་གནས་བར་ཁྱམས་ཀྱི་ཉམས་རོལ་ཁུལ་བཅས་འདུས་པའི་གཙོ་གནད་རྣམ་གྲངས༡༩ཡོངས་སུ་འགོ་ཚུགས་པ་དང་། ལྷ་ས་དང་ཉིང་ཁྲི། ཆབ་མདོ་ལྟེ་བའི་ཁུལ་གྱི་རྣམ་གྲངས་ཕྱེད་ཀ་ཡན་ལེགས་གྲུབ་ཟིན་པ། རྣམ་གྲངས་ཁག་གཅིག་སྤྱོད་འགོ་ཚུགས་ཟིན་པ་རེད།

          དེ་དང་དུས་མཚུངས་སུ།  བོད་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ལས་རྣམ་གྲངས༡༥ནི་ལས་འགོ་བཙུགས་པའམ་ཡང་ན་སྤྱོད་འགོ་ཚུགས་ཟིན་པ་དང་། དེ་དག་ནི་བྱེ་བྲག་ཁམས་པའི་རིག་གནས་ཐོན་ལས་གླིང་དང་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་ཁུལ། ཞང་ཞུང་རིག་གནས་ཐོན་ལས་གླིང་། ཉིང་ཁྲི་གྲོང་ཁྱེར་མངོན་མིན་རིག་གནས་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོབ་ཕྱོགས་བསྡུས་རྣམ་གྲངས། ཉིང་ཁྲིའི་རིག་གནས་ཐོན་ལས་དཔེ་སྟོན་གླིང་གི་གཞོགས་འདེགས་འཛུགས་སྐྲུན་རྣམ་གྲངས། ཞང་ཞུང་མེ་ཏོག་དགའ་ཚལ་ཡུལ་སྐོར་རིག་གནས་ཐོན་ལས་གླིང་། རྒྱལ་རྩེ་རྫོང་རོང་ས་དམར་པོའི་གསར་གཏོད་ཐོན་ལས་གླིང་ཁུལ་འཕེལ་རྒྱས་འཛུགས་སྐྲུན་རྣམ་གྲངས། ཞ་ལུ་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་རིག་གནས་ཐོན་ལས་གླིང་ཁུལ་རྣམ་གྲངས། པ་སྣམ་རྫོང་ཡུལ་སྐོར་དང་རིག་གནས་ཐོན་ལས་གླིང་ཁུལ་རྣམ་གྲངས། བོད་ཀྱི་རིག་གནས་གསར་གཏོད་ཐོན་ལས་གསོ་སྐྱོང་གླིང་ཁུལ་དང་ཐོན་རྫས་ཁྱབ་སྤེལ་སྟེགས་བུ། ཀྲུང་གོའི་མི་རིགས་རོལ་དབྱངས་ཐོན་ལས་རྟེན་གཞིའི་རིག་གནས་ཐོན་ལས་གླིང་ཁུལ་རྣམ་གྲངས། བོད་ལྗོངས་དཔེ་སྐྲུན་རིག་གནས་ཐོན་ལས་གླིང་གི་རིག་གནས་དཀྱིལ་འཁོར་དང་། བོད་ཀྱི་རིག་གནས་དོན་སྙིང་གསར་གཏོད་གསོ་སྐྱོང་ལྟེ་གནས། གུར་གུམ་རིག་གནས་དངོས་མང་འགྲེམས་སྟོན་ལྟེ་གནས། མ་སྐྱེས་ཨ་མ་རོལ་རྩེད་རིག་གནས་ཐང་ཆེན་བཅས་སོ།

                         རིག་གནས་ཐོན་ལས་ཇེ་མང་དུ་བཏང་པ་དེས་རྒྱལ་དམངས་དཔལ་འབྱོར་གོང་དུ་འཕེལ་བར་བྱས་རྗེས་འཇོག་ཚད།

          གསར་འགོད་པས་ཤེས་རྟོགས་བྱུང་པ་ལྟར་ན། ༢༠༡༣ལོར་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་ཁུལ་རྣམ་གྲངས་སྤེལ་འགོ་ཚུགས་པ་ནས་བཟུང་།  ཐོན་ལས་གླིང་དེས་རིག་གནས་ཡུལ་སྐོར་ནི་གཙོ་ཁྲིད་ཐོན་ལས་དང་། དམངས་སྲོལ་རིག་གནས་འགྲེམས་སྟོན་དང་མི་རིགས་ལག་ཤེས་བཟོ་རྩལ་ཐོན་འཚོང་། འཁྲབ་རྩལ་རོལ་རྩེད། སྤྲོ་གསེང་མགྲོན་ཁང་། ཚོང་དོན་ཡུལ་སྐོར། འཚོ་བ་ཞབས་ཞུ་བཅས་གཞི་གཅིག་ཏུ་བསྡུས་པའི་རིག་གནས་ཡུལ་སྐོར་ཐོན་ལས་འདུས་ཁུལ་གསར་འཛུགས་གནང་པ་རེད།

          ནོར་བུ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་རྣམ་གྲངས་ནི་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། རྒྱལ་གཉེར་རམ་དམངས་གཉེར་ཁེ་ལས་ཞིབ་ཕྲའི་ལས་རིམ་དུ་ཞུགས་པའམ་ལག་ལེན་བསྟར་བ་དང་། དུས་མཚུངས་སུ་མཛོད་འཇུག་གི་རྣམ་གྲངས་དག་ནི་ས་གནས་རང་གི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ཁུངས་ལས་དམིགས་ནས། དེར་བསྟུན་གྱི་རིག་གནས་ཐོན་ལས་ཀྱི་འདུས་སྡོད་ཁུལ་བསྐྲུན་པ། “ ས་གནས་ཁག་ཚང་མས་རང་རང་སོ་སོའི་རིག་གནས་ཀྱི་ཁྱད་ཆོས་དང་བསྟུན་ནས་གསར་སྐྲུན་བྱས་པ་རེད། རིག་གནས་གཙོ་སྐྱོང་སྡེ་ཁག་ཡིན་པའི་ངོས་ནས།  རྣམ་གྲངས་འཛུགས་སྐྲུན་ཁྲོད་ངོ་བོ་གཞན་འགྱུར་གྱི་གནད་དོན་ལ་འཛེམས་པས་ན། རྣམ་གྲངས་ནི་འཛུགས་སྐྲུན་ཚན་པའི་དོན་དངོས་དང་མཐུན་པ་རེད། ང་ཚོས་རང་སྐྱོང་ལྗོངས་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁ་ཕྱོགས་ལ་དམིགས་ཏེ།  རྣམ་གྲངས་ཀྱི་ཇུས་གཞི་དང་ཞིབ་འཇུག་བྱེད་འཐུས་སྙན་ཞུ།  འཕེལ་རྒྱས་ཁ་ཕྱོགས་སོགས་ལ་མཛུབ་སྟོན་གནང་པ་ཡིན་ལ། རྣམ་གྲངས་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་། ང་ཚོས་ཀྱང་མ་དངུལ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་ཐད་རྒྱབ་སྐྱོར་གནང་པ་ཡིན” ཞེས་ནོར་བུ་ཚེ་རིང་གིས་དེ་སྐད་བརྗོད་བྱུང་།

          ནོར་བུ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་ལྗོངས་ཀྱི་རིག་གནས་ཐོན་ལས་ཀྱི་གཙོ་གནད་རྣམ་གྲངས་དཔུང་གཤིབ་མཉམ་སྐྱོད་ཀྱི་སྤེལ་བ་དང་། ཕྱོགས་མི་འདྲ་བའི་ཐད་ནས་རིག་གནས་ཐོན་ལས་དང་རྒྱལ་དམངས་དཔལ་འབྱོར་དར་རྒྱས་གཏོང་ཐད་བྱས་རྗེས་བཞག་ཡོད། གཙོ་གནད་རྣམ་གྲངས་རིགས་ཆེན་པོ་གསུམ་གྲས་ཀྱི་གཅིག་ཡིན་པའི་ཆ་ནས། བོད་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ཀྱི་མཛོད་འཇུག་རྣམ་གྲངས༡༥ནི་ལྗོངས་ཡོངས་ལ་ཁྱབ་ཡོད་པ་དང་། དེས་ནི་རང་ལྗོངས་ཀྱི“ལྟེ་བ་གཅིག་དང་ཁུལ་གཉིས་ཐིག་ལྔའི”བར་སྟོང་སྒྲིག་བཀོད་འཛུགས་བསྐྲུན་དང་། ནུས་ཤུགས་ཡོད་རྒུས་བོད་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་མ་ལག་འཐུས་ཚང་དུ་གཏོང་གང་ཐུབ་དང་། དེང་རབས་ཀྱི་རིག་གནས་ཚོང་རའི་མ་ལག་དང་བོད་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གང་མགྱོགས་སུ་གཏོང་ཐུབ་ཅེས་བརྗོད་བྱུང་།

          “གླིང་ཁུལ་ནི་ལྗོངས་ཡོངས་ཀྱི་རིག་གནས་ཐོན་ལས་ཆེད་ལས་ཅན་དང་གཞི་རྒྱ་ཅན། ལེགས་བསྡུས་ཞིབ་གཉེར་ཅན་གྱི་འཕེལ་རྒྱས་ཀྱི་རྟེན་ས་གལ་ཆེན་ཞིག་ཡིན་ལ། དུས་མཚུངས་སུ་ས་གནས་དེ་གའི་རིག་གནས་ཐོན་ལས་གཅིག་སྡུད་ཁུལ་མཉམ་ལས་ཧུར་ཐག་ཀྱི་སྟེགས་བུ་ཞིག་ཀྱང་རེད། ལས་སྟེགས་འདི་ལ་བརྟེན་ནས་སྤྱི་ཚོགས་མ་རྩ་རིག་གནས་ཐོན་ལས་འཕེལ་རྒྱས་ལ་ཞུགས་པའི་ཧུར་བརྩོན་རང་བཞིན་ལ་སྐུལ་འདེད་དང་། སྤྱི་ཚོགས་མ་དངུལ་གྱིས་རིག་གནས་ཐོན་ལས་ཀྱི་གསོན་ཤུགས་ཆེ་རུ་གཏོང་ཐུབ་པའི་རེ་བ་བཏོན་པ་མ་ཟད།  ‘ལས་སྟེགས་ཆེན་པོ་དྲུག’ འཛུགས་སྐྲུན་བརྒྱུད་རིག་གནས་ཐོན་ལས་གོང་འཕེལ་གཏོང་རྒྱུའི་རྣམ་པ་བཟང་པོ་ཞིག་བསྐྲུན་ཐོག  དེ་འབྲེལ་གནད་སྨིན་དབུལ་སྐྱོར་དང་གསར་གཏོད་གཉིས་ཀྱི་ལས་ཀའི་ཁྱབ་ཁོངས་དང་། མཐའ་མཚམས་ས་ཁུལ་དང་གྲོང་གསེབ་བར་རིག་གནས་ཐོན་ལས་ཧུར་ཐག་གིས་ཞུགས་པ་དང་། རང་འགུལ་ངང་རྣམ་གྲངས་འཆར་འགོད་བྱེད་པ།  རྣམ་གྲངས་བརྒྱུད་རིག་གནས་ཐོན་ལས་ཀྱིས་རྒྱལ་དམངས་དཔལ་འབྱོར་གོང་དུ་འཕེལ་བར་བྱས་རྗེས་འཇོག་ཚད་འཕར་སྣོན་བྱས་ཡོད” ཅེས་ནོར་བུ་ཚེ་རིང་གིས་དེ་སྐད་བརྗོད་བྱུང་།