༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

བོད་མེ་མོ་བྱ་ལོའི་གནམ་ལོ་གསར་ཚེས་ཀྱི་གུང་སེང་བཀོད་སྒྲིག་གི་བརྡ་ཐོ།

来源:ཀྲུང་གོའི་བོད་སྐད་རླུང་འཕྲིན་ད2017-02-16 10:26:24 查看数0

ལྷ་ས་གྲོང་ཁྱེར་དུ་བཅའ་སྡོད་ཀྱི་ལས་ཁུངས་ཁག་ལ།

《རྒྱལ་ཡོངས་ཀྱི་ལོ་གསར་དུས་ཆེན་དང་རྗེས་དྲན་ཉིན་མོར་ངལ་གསོ་འཇོག་ཐབས་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་》གི་གཏན་འབེབས་ལ་གཞིགས་ན། "གྲངས་ཉུང་མི་རིགས་ཀྱི་གོམས་སྲོལ་དུ། གྲངས་ཉུང་མི་རིགས་ཁག་འདུས་སྡོད་ཁུལ་གྱི་ས་གནས་མི་དམངས་སྲིད་གཞུང་གིས་མི་རིགས་ཁག་གི་གོམས་སྲོལ་དང་བསྟུན་ནས་གུང་སེང་གི་དུས་ཚོད་གཏན་འཁེལ་བྱེད་དགོས་པའི"དགོངས་དོན་ལ་གཞིགས་པ་མ་ཟད། རང་སྐྱོང་ལྗོངས་སྲིད་གཞུང་ལ་སྙན་ཞུ་ཕུལ་ནས་ཆོག་མཆན་ཐོབ་པ་བརྒྱུད། 2017ལོའི་བོད་མེ་མོ་བྱ་ལོའི་གནམ་ལོ་གསར་ཚེས་ཀྱི་གུང་སེང་བཀོད་སྒྲིག་གི་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།

2017ལོའི་བོད་མེ་མོ་བྱ་ལོའི་གནམ་ལོ་གསར་ཚེས་ཀྱི་གུང་སེང་བཀོད་སྒྲིག་ཉིན་བདུན་ཡིན་ཏེ། སྤྱི་ཟླ་2ཚེས་26ཉིན་(གཟའ་ཉི་མ་)ནས་སྤྱི་ཟླ་3ཚེས་4ཉིན་(གཟའ་སྤེན་པ་)བར་གུང་སེང་ངལ་གསོ་ཡིན་པ་དང་། སྤྱི་ཟླ་2ཚེས་25ཉིན་(གཟའ་སྤེན་པ་)དང་སྤྱི་ཟླ་3ཚེས་5ཉིན་(གཟའ་ཉི་མ་)གཉིས་ལ་ནམ་རྒྱུན་ལྟར་ལས་ཀར་ཞུགས་དགོས་པ་རེད།

ལས་ཁུངས་ཁག་གིས་ལས་རེས་པ་དང་བདེ་འཇགས་འགན་སྲུང་གི་ལས་དོན་སོགས་བཀོད་སྒྲིག་ལེགས་པོར་བྱེད་དགོས་ལ། གློ་བུར་གྱི་དོན་རྐྱེན་ཚབས་ཆེན་བྱུང་ན། གཏན་འབེབས་ལྟར་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པ་མ་ཟད། ཐག་གཅོད་འཚམ་པོའང་བྱས་ཏེ་མི་དམངས་མང་ཚོགས་བདེ་ཞིང་སྐྱིད་པའི་ངང་དུས་ཆེན་གྱི་གུང་སེང་དཔལ་ལ་རོལ་བའི་ཁག་ཐེག་བྱེད་དགོས་པ་རེད།

ཆེད་དོན་དུ་བརྡ་ཐོ་འདི་བཞིན་བཏང་།

ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གཞུང་ལས་ཐིང་གིས།

2017ལོའི་ཟླ་2ཚེས་13ཉིན།