༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས།

来源:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲི2019-10-01 09:29:52 查看数0


ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་པའི་མཛད་སྒོ་དེ་ཟླ་༩ཚེས་༢༩ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠པར་མི་དམངས་ཚོགས་ཁང་ཆེན་མོར་འཚོག་རྒྱུ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ“སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”དང“མཛའ་གྲོགས་གཟེངས་རྟགས”དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གྱི་གཟེངས་རྟགས་གནང་རྒྱུ་མ་ཟད་གསུང་བཤད་གལ་ཆེན་གནང་རྒྱུ་ཡིན་པ་རེད།

“སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”ནི་དམར་མདོག་དང་གསེར་མདོག་གཙོ་བོར་བྱས་ཤིང་། རྒྱལ་རྟགས་དང་ཟུར་ལྔའི་སྐར་མ། རྨ་ཆུ། འབྲི་ཆུ། རི་བོ། ཤིང་པད་མ་སོགས་ཀྱི་གཞི་རྒྱུ་སྤྱད་ཡོད་པ་དང་། སྦྲེལ་ཐག་ལ་ཀྲུང་གོའི་མདུད་པ་དང་། བཀྲ་ཤིས་མཚོན་རྟགས། སྣ་མའི་མེ་ཏོག་སོགས་ཀྱི་གཞི་རྒྱུ་སྤྱད་ཡོད། སྤྱི་ཡོངས་ནས་འཁྱག་གནོན་གཟུགས་གྲུབ་དང་། མེ་ཏོག་གི་ཕྲ་རྒྱན་བཏགས་པ། གུ་གུ་ཤ་སོགས་ཀྱི་བཟོ་རྩལ་སྤྱད་ཡོད། དེས་བྱས་རྗེས་གཟེངས་རྟགས་ཐོབ་མཁན་གྱིས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་ཕུལ་བའི་བྱས་རྗེས་ཆེན་པོ་དང་། རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་མཐོ་ཤོས་ལ་བསྔགས་བརྗོད་བྱེད་པ། མེས་རྒྱལ་དར་ཞིང་རྒྱས་པའི་སྨོན་འདུན་ཞུ་བ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ངང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པ་བཅས་མཚོན་ཡོད།

“མཛའ་གྲོགས་གཟེངས་རྟགས”ནི་གསེར་མདོག་དང་སྔོན་པོ་གཙོ་བོར་བྱས་ཤིང་། ཞི་བདེ་ཕུག་རོན་དང་། སའི་གོ་ལ། ཕྱག་འཇུ། མེ་ཏོག་པད་མ་སོགས་ཀྱི་གཞི་རྒྱུ་སྤྱད་ཡོད་པ་དང་། སྦྲེལ་ཐག་ལ་ཀྲུང་གོའི་མདུད་པ་དང་། ཤིང་པདྨ། གཡུ། སྣ་མའི་མེ་ཏོག་སོགས་ཀྱི་གཞི་རྒྱུ་སྤྱད་ཡོད། སྤྱི་ཡོངས་ལ་མེ་ཏོག་གིས་བརྒྱན་པ་དང་གུ་གུ་ཤ་སོགས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་སྤྱད་ཡོད། དེས་ཀྲུང་གོ་མི་དམངས་དང་རྒྱལ་ཁབ་ཁག་གི་མི་དམངས་དབར་མཛའ་གྲོགས་མཐུན་སྒྲིལ་དང་མཛའ་གྲོགས་ཡུན་རིང་གནས་པ་དང་འཛམ་གླིང་རྒྱལ་ཁབ་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུས་པ་མཚོན་ཡོད།

རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གྱི་གཟེངས་རྟགས་ནི་དམར་པོ་དང་གསེར་མདོག་གཙོ་བོར་བྱས་ཤིང་། སྐར་ལྔ་དང་། གནམ་བདེ་སྒོ་མོ་ཆེ། ཤིང་པདྨ། དར་ཆ། འོད་སྣང་སོགས་ཀྱི་གཞི་རྒྱུ་སྤྱད་ཡོད་པ་དང་། སྦྲེལ་ཐག་ལ་ཀྲུང་གོའི་མདུད་པ་དང་མེ་ཏོག་སོགས་ཀྱི་གཞི་རྒྱུ་སྤྱད་ཡོད། སྤྱི་ཡོངས་ནས་འཁྱག་གནོན་གཟུགས་གྲུབ་དང་། མེ་ཏོག་གི་ཕྲ་རྒྱན་བཏབ་པ། གུ་གུ་ཤ་སོགས་ཀྱི་བཟོ་རྩལ་སྤྱད་ཡོད། དེས་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་གྱིས་ཁྱབ་ཁོངས་ཁག་དང་ལས་རིགས་ཁག་ལ་ལེགས་སྐྱེས་གལ་ཆེན་ཕུལ་བ་དང་། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་མངོན་པ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་པར་ལྕག་སྐུལ་བྱས་པ་མཚོན་ཡོད།

དེ་གོང་མི་༤༢ལ་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་བ་སྟེ།

ཡུས་རྨིན་དང་། ཧྲེན་ཅི་ལན། (བུད་མེད། )སུན་ཅ་ཏུང་། ལི་ཡན་ཉན། ཀྲང་ཧྥུ་ཆིང་། ཡོན་ལུང་ཕིང་། ཧོང་ཞུས་ཧྭ། ཐུའུ་ཡིའུ་ཡིའུ་(བུད་མེད། )བཅས་ལ་“སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”སྤྲད་པ།

ལའོ་ཨེར་·ཁ་སི་ཐེ་ལུའོ་·ལུའུ་སི་དང་།(ཁུ་པ།) མ་ཧ་ཀྲ་ཁེ་ལི་·ཧྲི་ལིན་ཐུང་། (བུད་མེད། ཐེ་ལན། )ས་ལི་མུའུ·ཨའེ་ཧ་མའེ་ཏེ·ས་ལི་མུའུ།(ཐན་སང་ཉི་ཡ།) ཅ་ལིན་ན·ཝེ་ཉི་ཨ་སྨི་ནོ་ཕུའུ་ན་·ཁུའུ་ལི་ཁོ་ཝ། (བུད་མེད། ཨུ་རུ་སུ།) རང་-ཕི་ཨེར་·ལ་ཧྥ་ལན། (ཧྥ་རན་སི།) དབྱི་ཧྲ་པའེ·ཁོ་ལུའུ་ཁེ (བུད་མེད། ཁ་ན་ཏ།)བཅས་ལ་“མཛའ་གྲོགས་གཟེངས་རྟགས”སྤྲད་པ།

ཡེ་ཕེ་ཅན་དང་། ཝུའུ་ཝུན་ཅུན། ནན་རེང་ཏུང་།(མན་ཇུ་རིགས།)ཀུའུ་ཧྥང་ཀྲོའུ། ཁྲེང་ཁེ་ཅ་བཅས་ལ་“མི་དམངས་ཚན་རིག་མཁས་པ”ཞེས་པའི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་བ།

ཡུས་དབྱི་(བུད་མེད།)དང་ཝེ་ཞིན་ཧྭ། ཀའོ་མིང་ཞུན་བཅས་ལ་“མི་དམངས་སློབ་གསོ་མཁས་པ་”ཞེས་པའི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་བ།

ཝང་མེང་དང་ཆིན་དབྱི། (བུད་མེད།) ཀུའོ་ལན་དབྱིན་(བུད་མེད།)བཅས་ལ་“མི་དམངས་སྒྱུ་རྩལ་མཁས་པ་”ཞེས་པའི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་བ།

ཨའེ་རེ་ཐི་·མ་མུའུ་ཐི། (ཡུ་གུར་རིགས། )ཧྲེན་ལེང་ལེང་། མའེ་ཞན་ཏེ། ཀྲང་ཁྲའོ་བཅས་ལ་“མི་དམངས་དཔའ་བོ”ཞེས་པའི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་བ།

ཝང་ཝུན་ཅོ་དང་། ཝང་ཡིའུ་ཏེ། (ཧུའེ་རིགས།) ཝང་ཆི་རྨིན། ཝང་ཅི་ཚའེ། པུའུ་རུའུ་མ་ཧན་·མའོ་ལེ་ཏའོ། (བུད་མེད། ཁོར་ཁེ་ཙི་རིགས།) ཀྲུའུ་ཡན་ཧྥུ། ལི་པའོ་གོ། ཏུའུ་ཀུའེ་མ། (བུད་མེད། སོག་རིགས། ) ཀའོ་ཏེ་རུང་ (ཏུའུ་ལུང་རིགས།)བཅས་ལ་ “མི་དམངས་ཀྱི་དམིགས་དཔེ”ཞེས་པའི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་བ།

རག་སྡིས་(བོད་རིགས)ལ་“མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་ལེགས་སྐྱེས་འབུལ་མཁན”གྱི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་བ།

ཏུང་ཅན་ཧྭ་ལ“‘རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས’ཀྱི་ཕུལ་བྱུང་ལེགས་སྐྱེས་འབུལ་མཁན”གྱི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་བ།

ལི་ཏའོ་ཡུས་ལ“ཕྱི་འབྲེལ་ལས་དོན་གྱི་ཕུལ་བྱུང་ལེགས་སྐྱེས་འབུལ་མཁན”གྱི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་བ།

ཧྥན་ཅིན་ཧྲི་(བུད་མེད)ལ་“རིག་དངོས་སྲུང་སྐྱོབ་ཀྱི་ཕུལ་བྱུང་ལེགས་སྐྱེས་འབུལ་མཁན”གྱི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་བ་རེད།