༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

རྒྱལ་ཡོངས་རྟ་རྒྱུག་ཐོག་བློ་བཟང་བདེ་ལེགས་ལ་གསེར་གྱི་རྟགས་མ་ཐོབ་པ།

来源:སེམས་ཀྱི་ཞིང་ཁམས།2019-07-17 10:59:44 查看数0

ཟླ་༧པའི་ཚེས་༡༤ཉིན། སྐབས་བཅུ་གཅིག་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་རྟ་ཐོག་རྣམ་གྲངས་ལས་མི་རིགས་རྟ་རྒྱུག་སྨི་༣༠༠༠ཅན་དང་། གོམ་ཚད་སྨི་༡༠༠༠ཅན་གྱི་རྣམ་གྲངས་གཉིས་ཀྱི་འགྲན་བསྡུར་མཇུག་བསྒྲིལ་བ་རེད། བདེ་ཆེན་གྱི་རྟ་རྒྱུག་མཁན་གྲགས་ཅན་བློ་བཟང་བདེ་ལེགས་ཀྱིས་གོམ་ཚད་སྨི་༡༠༠༠ཅན་གྱི་འགྲན་བསྡུར་ནང་སྐར་མ་༡དང་སྐར་ཆ་༢༠དང་གྲངས་ཆུང་༡༡ཡི་ནང་རྣམ་གྲངས་དེའི་བྱ་དགའ་ཨང་དང་པོ་བླངས་པ་དང་།  འདི་ནི་སྐབས་འདིའི་རྒྱལ་ཡོངས་མི་རིགས་ལུས་རྩལ་འགྲན་ཚོགས་ཡུན་ནན་འཐུས་མི་ཚོགས་པར་ཐོབ་པའི་གསེར་གྱི་རྟགས་མ་དང་པོ་དེ་ཡིན།