༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

བོད་ལྗོངས་ཀྱི་ལུས་རྩལ་པས་ཨང་དང་པོ་བླངས་འདུག

来源:སེམས་ཀྱི་ཞིང་ཁམས།2019-07-09 11:48:22 查看数0


༢༠༡༩ལོའི་རྒྱལ་སྤྱིའི་གངས་ཤུད་མཉམ་འབྲེལ་ལྷན་ཚོགས་ཀྱི་འཁོར་ཤུད་འཛམ་གླིང་བུམ་པའི་འགྲན་བསྡུར་དེ་ཟླ་༧ཚེས་༤ནས༥ཉིན་བར་པེ་ཅིང་གྲོང་ཁྱེར་གྱི་ཨོ་ལིན་ཕིག་རྟེན་འབྲེལ་མཛད་སྒོའི་ཐང་ཆེན་དུ་འཚོགས་པ་དང་། ཁྱོན་བསྡོམས་རྒྱལ་ཁབ་༡༤ཡི་ལུས་རྩལ་པ་༡༣༡འགྲན་བསྡུར་ནང་ཞུགས་ཡོད་ཅིང་། མང་ཚོགས་ཚོགས་ཆུང་དང་ཆེད་ལས་ཚོགས་ཆུང་བཙུགས་ཡོད། བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་པ་༥མང་ཚོགས་ཚོགས་ཆུང་གི་འགྲན་བསྡུར་ནང་ཞུགས་པ་རེད།

ཉིན་༢རིང་ཚ་ཚ་འུར་འུར་འགྲན་བསྡུར་བྱས་མཐར། འཕྲིན་ལས་ཟླ་བས་བུད་མེད་གཞོན་ནུ་ཚོགས་ཆུང་གི་ཐག་ཐུང་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་པ་དང་། ཚེ་རིང་ལྷ་མོས་བུད་མེད་དར་མའི་ཚོགས་ཆུང་གི་ཐག་ཐུང་འགྲན་བསྡུར་ཁྲོད་ཨང་གཉིས་པ་བླངས་ཤིང་། ཚེ་དབང་བསྟན་འཛིན་གྱིས་སྐྱེས་པ་དར་མའི་ཚོ་ཆུང་གི་ཐག་ཐུང་འགྲན་བསྡུར་ཁྲོད་ཨང་གསུམ་པ་བླངས་པ་རེད།