༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

འཇར་མན་གྱི་རྒྱལ་སྲུང་པུའུ་ཀྲང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཡི་མིང་འདོན་བྱུང་བ།

来源:མི་དམངས་དྲ་བའི་འཕྲིན།2019-07-04 11:06:38 查看数0

༄༅།།ཡོ་རོབ་མནའ་འབྲེལ་གྱི་སྐབས་རྗེས་མའི་འགོ་ཁྲིད་འོས་མི་བདམས་ཐོན་བྱུང་། འཇར་མན་གྱི་རྒྱལ་སྲུང་པུའུ་ ཀྲང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཡི་མིང་འདོན་བྱུང་བ།

ཟླ་༧ཚེས་༢ཉིན། ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱིས་འཇར་མན་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་ཝུར་སུའུ་ལ་ཧྥུན་ཏེ་ལེ་ཨེན་གྱིས་སྐབས་རྗེས་མའི་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་འཁུར་རྒྱུའི་མིང་འདོན་པར་ཐག་བཅད་ཡོད།     ཉིན་དེར། ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱིས་ད་དུང་པེར་ཀྲེམ་གྱི་དབུ་བཞུགས་བློན་ཆེན་ཞར་མི་ཞེར་སྐབས་རྗེས་མའི་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལ་བདམས་པ་དང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཁེ་ལི་སི་ཏི་ན་ལ་ཅ་ཏེ་ཡིས་ཡོ་རོབ་ལྟེ་གནས་དངུལ་ཁང་གི་འགོ་འཛིན་གྱི་འགན་འཁུར་རྒྱུའི་མིང་བཏོན་ཡོད། སི་ཕན་གྱི་ཕྱི་འབྲེལ་བློན་ཆེན་ཧོ་སའེ་ཕུའུ་པའོ་ལེ་ལི་ཧྥུན་ཐེ་ལི་སི་ཡིས་སྐབས་རྗེས་མའི་ཡོ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་མཐོ་རིམ་འཐུས་ཚབ་ཀྱི་འགན་འཁུར་རྒྱུའི་མིང་བཏོན་ཡོད།     ཡོ་རོབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་༢༨ཀྱི་འགོ་ཁྲིད་པས་ཉིན་དེའི་ཚོགས་འདུའི་ཐོག་ནས་གོང་གི་དོན་རྣམས་ཐག་བཅད་ཡོད། གོང་དུ་བརྗོད་པའི་བདམས་ཐོན་བྱུང་བའི་མི་༤ཡི་ཁྲོད། ཧྥུན་ཏེ་ལེ་ཨེན་དང་ལ་ཅ་ཏེ་ནི་བུད་མེད་རེད།      འཇར་མན་གྱི་ཙུང་ལི་མོ་ཁེར་གྱིས་ཚོགས་འདུ་མཇུག་བསྒྲིལ་རྗེས། ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་འདེམས་ཤོག་འཕེན་སྐབས། ཧྥུན་ཏེ་ལེ་ཨེན་འོས་མིར་བཏོན་པར་ངོ་རྒོལ་བྱུང་མེད་པར་བརྗོད། ཧྥུན་ཏེ་ལེ་ཨེན་གྱིས་༢༠༡༣ལོའི་ཟླ་༡༢པར་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་གི་འགན་འཁུར་བ་དང་། མོ་ནི་འཇར་མན་ལོ་རྒྱུས་ཐོག་གི་བུད་མེད་རྒྱལ་སྲུང་པུའུ་ཀྲང་དང་པོ་དེ་རེད།     ལ་ཅ་ཏེ་ཡིས་ཉིན་དེར་གསལ་བསྒྲགས་སྤེལ་ནས། མོ་རང་ཡོ་རོབ་ལྟེ་གནས་དངུལ་ཁང་གི་འགོ་འཛིན་ལ་མིང་འདོན་བྱུང་བར་ཧ་ཅང་དགའ་པོ་བྱུང་བ་མ་ཟད། མིང་འདོན་པའི་རིང་གནས་སྐབས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་གྱི་འགན་འཁུར་མཚམས་འཇོག་རྒྱུ་ཡིན་ཞེས་བརྗོད།     ཡོ་རོབ་མནའ་འབྲེལ་གྱི་སྒྲིག་སྲོལ་ལ་གཞིགས་ན། གོང་དུ་བརྗོད་པའི་བདམས་ཐོན་བྱུང་བའི་མི་༤ཡི་ནང་དུ། སྐབས་དེར་སླེབས་ཚེ་མི་ཞེར་གྱིས་ཐད་ཀར་སྐབས་གསར་པའི་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་འགན་འཁུར་ཆོག་ཅིང་། མིང་བཏོན་འོས་མི་གཞན་དག་གིས་ད་དུང་ལས་རིམ་ངེས་ཅན་བརྒྱུད་དགོས།

འཇར་མན་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་ཝུར་སུའུ་ལ་ཧྥུན་ཏེ་ལེ་ཨེན།

འཇར་མན་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་ཝུར་སུའུ་ལ་ཧྥུན་ཏེ་ལེ་ཨེན།

རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཁེ་ལི་སི་ཏི་ན་ལ་ཅ་ཏེ།

རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཁེ་ལི་སི་ཏི་ན་ལ་ཅ་ཏེ།