༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ཀྲུང་གོའི་ཤེས་ཡོན་པ་ཀྲང་ཡིང་ཡིང་ལྐོག་གསོད་བྱས་པའི་ཉེས་མིང་གྲུབ་ཡོད།

来源:མི་དམངས་དྲ་བའི་འཕྲིན།2019-06-28 11:50:33 查看数0

༄༅།།ཀྲུང་གོའི་ཤེས་ཡོན་པ་ཀྲང་ཡིང་ཡིང་ལྐོག་བསད་བྱས་པའི་ཉེས་མིང་གྲུབ་ཡོད།

ཟླ་༦ཚེས་༢༤ཉིན། ཨ་རིའི་དབྱི་ལི་ནོ་དབྱི་མངའ་སྡེའི་དབུས་རྒྱུད་ས་ཁུལ་གྱི་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་ཁང་གི་འདྲི་གཅོད་མཉམ་ཞུགས་ཚོགས་པས་ཚེས་༢༤ཉིན་ཁྲིམས་བཅད་པ་སྟེ། པུའུ་ལུན་ཐེ་ཁེ་རུའེ་སི་ཐན་སེན་གྱིས་ཀྲུང་གོའི་ཤེས་ཡོན་པ་ཀྲང་ཡིང་ཡིང་བཙན་ཁྲིད་དང་ལྐོག་གསོད་བྱས་པའི་ཉེས་མིང་གྲུབ་ཡོད། 
     ཁྲིམས་ཆད་འདི་ནི་འདྲི་གཅོད་མཉམ་ཞུགས་ཚོགས་པའི་ཚོགས་མི་༡༢ཀྱིས་གྲུབ་པའི་འདྲི་གཅོད་མཉམ་ཞུགས་ཚོགས་པས་གཅིག་མཐུན་གྱིས་ཐག་བཅད་པ་རེད། ཁྲིམས་ཆད་ལ་གཞིགས་ན། ཁེ་རུའེ་སི་ཐན་སེན་ལ་དོན་ཚན་གསུམ་གྱི་ཉེས་འཛུགས་བྱས་ཆོག་པ་སྟེ། ཀྲང་ཡིང་ཡིང་བཙན་ཁྲིད་བྱས་ནས་བསད་པ་དང་། ཨ་རིའི་མཉམ་འབྲེལ་ཞིབ་བཤེར་ཅུས་ལ་ཀྲང་ཡིང་ཡིང་གར་སོང་ཆ་མེད་པའི་ཉིན་དེར་ཁོ་རང་ཡུལ་དངོས་ལ་མེད་པ་དང་། རྩེད་མོ་རྩེ་བ་དང་གཉིད་ཉལ་ཡོད་ཅེས་རྫུན་བཤད་པ་དང་། མཉམ་འབྲེལ་ཞིབ་བཤེར་ཅུས་ལ། ཉིན་དེར་ཁོའི་རླངས་འཁོར་ནང་ཡ་གླིང་གི་བུད་མེད་ཅིག་འཇོག་མྱོང་ནའང་། ཡུན་རིང་མ་འགོར་བར་མོ་རང་རླངས་འཁོར་ལས་བབས་སོང་ཅེས་རྫུན་བཤད་པ་བཅས་རེད། 
     ཁྲིམས་ཁང་གི་བཀོད་སྒྲིག་ལྟར་ན། གྱོད་དོན་འདི་ནི་གནས་སྐབས་སུ་མཚམས་བཞག་ནས་ཟླ་༧ཚེས་༨ཉིན་ཉེས་ཆད་ཚད་འབེབས་བྱེད་པའི་དུས་རིམ་འགོ་རྩོམ་རྒྱུ་དང་། ཁེ་རུའེ་སི་ཐན་སེན་ལ་ཚེ་བཙོན་ནམ་སྲོག་ཁྲིམས་ཀྱི་ཁྲིམས་ཐག་གཅོད་རྒྱུ་རེད།