༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

འབྱུང་འགྱུར་སྡེ་ཁུལ་གྱི་རང་འགུལ་བདེ་ཐང་གི་དཔེ་སྟོན་རྣམ་གྲངས་བོད་ལྗོངས་སུ་བཙུགས་པ།

来源:ཤིན་ཧྭ་དྲ་བ།2019-04-18 11:11:35 查看数0

“འབྱུང་འགྱུར་སྡེ་ཁུལ་གྱི་རང་འགུལ་བདེ་ཐང་གི་དཔེ་སྟོན་རྣམ་གྲངས”ཀྱི་འགོ་འཛུགས་མཛད་སྒོའི་ཡུལ་དངོས།(ཟླ་༤ཚེས་༡༤ཉིན་པར་བླངས)ཤིན་ཧྭ་དྲ་བའི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། “འབྱུང་འགྱུར་སྡེ་ཁུལ་གྱི་རང་འགུལ་བདེ་ཐང་གི་དཔེ་སྟོན་རྣམ་གྲངས”ཚེས་༡༤ཉིན་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དུ་འགོ་འཛུགས་པའི་མཛད་སྒོ་གཉེར་ཡོད། རྣམ་གྲངས་འདི་ནི་རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཚན་རིག་ཞིབ་འཇུག་སོའོ་དང་ཆུ་ཤུར་རྫོང་སྲིད་གཞུང་གིས་མཉམ་དུ་བསྐྲུན་ཞིང་། དེའི་དམིགས་ཡུལ་ནི་སྨན་བཅོས་བདེ་ཐང་གི་ཆེད་དམིགས་དབུལ་སྐྱོར་བརྒྱུད་ས་གནས་དེ་གའི་མང་ཚོགས་ཀྱི་བདེ་ཐང་གནད་དོན་ཐག་གཅོད་བྱེད་རོགས་བྱ་རྒྱུ་མ་ཟད་བོད་ལྗོངས་ས་ཁུལ་གྱི་བདེ་ཐང་དབུལ་སྐྱོར་གྱི་རྣམ་པ་དང་ཐབས་ལམ་འཚོལ་ཞིབ་བྱ་ཆེད་ཡིན།

“རང་འགུལ་བདེ་ཐང”ཞེས་པ་ནི་བདེ་ཐང་གི་འཚོ་བ་སྐྱེལ་བའི་ཐབས་ཤེས་བརྒྱུད་མི་རྣམས་ལ་ནད་མི་ཕོག་པ་དང་ནད་ཕོག་ཚད་ཉུང་བ། དྲག་སྐྱེས་ཐུབ་པ་བཅས་ཡོང་བའི་བདེ་ཐང་གི་གསོ་རིག་རྣམ་པ་ཞིག་ཡིན།

“སྨན་བཅོས་བདེ་ཐང་གི་དབུལ་སྐྱོར་ལས་གཞི་ལག་བསྟར་བྱེད་པ་དེས་དར་རྒྱས་མེད་པ་དང་དར་རྒྱས་ཞན་པའི་ས་ཁུལ་གྱི་དབུལ་པོའི་མི་འབོར་གྱིས་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པར་འགན་ལེན་བྱེད་པ་དང་། ནད་ཀྱིས་རྐྱེན་པས་དབུལ་པོར་གྱུར་བ་དང་ནད་ཀྱིས་རྐྱེན་པས་ཡང་བསྐྱར་དབུལ་པོ་ཆགས་པའི་གནས་ཚུལ་འགོག་པར་གལ་ཆེའི་དོན་སྙིང་ལྡན་ཡོད”ཅེས་རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཚན་རིག་ཞིབ་འཇུག་སོའོ་ཡི་སོའོ་ཀྲང་གཞོན་པ་ཀོ་ཅེར་ཐིས་བརྗོད་པ་དང་། ཁོང་གིས་རང་འགུལ་བདེ་ཐང་གི་དཔེ་སྟོན་རྣམ་གྲངས་ཀྱིས་གཅོང་ནད་ཀྱི་དུས་འགོའི་སྔོན་འགོག་ལ་མཐོང་ཆེན་བྱ་རྒྱུ་རེད་ཅེས་བརྗོད།

“འབྱུང་འགྱུར་སྡེ་ཁུལ་གྱི་རང་འགུལ་བདེ་ཐང་གི་དཔེ་སྟོན་རྣམ་གྲངས”ཀྱི་འགོ་འཛུགས་མཛད་སྒོའི་ཡུལ་དངོས།(ཟླ་༤ཚེས་༡༤ཉིན་པར་བླངས)ཤིན་ཧྭ་དྲ་བའི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

ཆུ་ཤུར་རྫོང་གི་རྫོང་དཔོན་སྐལ་བཟང་དོན་གྲུབ་ཀྱིས། འབྱུང་འགྱུར་སྡེ་ཁུལ་གྱི་རང་འགུལ་བདེ་ཐང་གི་དཔེ་སྟོན་རྣམ་གྲངས་ཀྱིས་ཞིང་འབྲོག་པའི་ལུས་སེམས་བདེ་ཐང་ཡོང་བར་གལ་ཆེའི་དོན་སྙིང་ལྡན་ཡོད། རྣམ་གྲངས་འདི་ལག་བསྟར་བྱས་པ་དེས་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱི་འཚོ་བའི་རྣམ་པར་འགྱུར་ལྡོག་ནུས་ལྡན་ཐེབས་རྒྱུ་ཡིན་ཞིང་། ལུས་པོའི་འཕྲོད་ནུས་མཐོ་རུ་འགྲོ་བ་དང་། ནད་གཞི་སྔོན་འགོག་དང་མེད་པར་བཟོ་བ། བདེ་ཐང་གི་ཆུ་ཚད་རྒྱུན་མཐུད་དང་མཐོ་རུ་འགྲོ་བ་བཅས་ཀྱི་དམིགས་ཡུལ་བསྒྲུབ་ཐུབ་ཅེས་བརྗོད།

རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གི་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ན། རྣམ་གྲངས་ཁྱོན་ཡོངས་བཀོད་སྒྲིག་དང་ལག་བསྟར་བྱེད་ཡུལ་དེ་ཆུ་ཤུར་རྫོང་ནས་འགོ་བཙུགས་ཏེ་ལྷ་ས་གྲོང་ཁྱེར་བར་རྒྱ་སྐྱེད་གཏོང་རྒྱུ་དང་། མ་ཟད་ལྷ་ས་གྲོང་ཁྱེར་གྱི་ཉམས་མྱོང་ཕྱོགས་བསྡོམས་བྱེད་པའི་རྨང་གཞིའི་ཐོག་བོད་ཀྱི་ལྗོངས་ཡོངས་སུ་དཔེ་སྟོན་ཉེར་སྤྱོད་རྒྱ་ཆེར་གཏོང་རྒྱུ་རེད།