༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

བོད་ལྗོངས་མངའ་རིས་ཀྱིས་པེ་ཅིང་དུ་མངའ་རིས་ཀྱི་ཆེད་དོན་པར་ལེན་འགྲེམས་སྟོན་གཉེར་བ།

来源:ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་བ2018-07-08 12:42:27 查看数0

529354_yis_1530850864353.jpg

འདི་ནི་ལྟ་སྐོར་བ་ཞིག་གིས་པར་ལེན་བརྩམས་ཆོས་ཤིག་ལ་བལྟ་བའི་གནས་ཚུལ་ཡིན་པ།

ཟླ་༧ཚེས་༤ཉིན། བོད་ལྗོངས་མངའ་རིས་ས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་གཙོ་གཉེར་བྱས་པའི་བརྗོད་དོན་ཏེ་ཡང་རྩེའི་མངའ་རིས·ཞང་ཞུང་སྒྱུ་རྩལ་ཞེས་པའི་པར་ལེན་འགྲེམས་སྟོན་པེ་ཅིང་གི་དེང་གི་མཛེས་རྩལ་ཁང་དུ་འགྲེམས་སྟོན་བྱས་ཤིང་། ངོ་མཚར་ཆེ་བའི་པར་ལེན་བརྩམས་ཆོས་༡༠ལྷག་ནས་མངའ་རིས་ས་ཁུལ་གྱི་བརྗིད་ཆགས་ཡིད་དུ་འོང་བའི་རང་བྱུང་མཛེས་ལྗོངས་དང་། ཁྱད་དུ་འཕགས་པའི་ཆོས་ལུགས་རིག་གནས། ལོ་རྒྱུས་ཡུན་རིང་གི་རྗེས་ཤུལ། འདོད་མའི་རང་བྱུང་སྣོད་བཅུད་དང་དེ་བཞིན་གཞུང་དྲང་བབ་ཆགས་བཅས་ཀྱི་དམངས་སྲོལ་མཚོན་པར་བྱས་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་ཟླ་༧ཚེས་༡༠ཉིན་བར་གཉེར་རྒྱུ་ཡིན།