༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

རང་ལྗོངས་ཀྱིས་སློབ་གྲྭར་རྩ་ཁྲིམས་དྲིལ་བསྒྲགས་བྱེད་ཅེས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

来源:བོད་ལྗོངས་འཕྲིན་དྲ།2018-07-08 12:42:26 查看数0

ཉེ་དུས།  རང་ལྗོངས་ཀྱིས་ཁྲིམས་ལུགས་ཁྱབ་གདལ་གྱི་ལོ་ལྔ་ཚན་བདུན་པའི་འཆར་འགོད་ཀྱི་ལས་ཀའི་གྲས་སུ་གཏོགས་པའི་རྩ་ཁྲིམས་སློབ་གྲྭར་དྲིལ་བསྒྲགས་བྱེད་ཅེས་པའི་བྱེད་སྒོ་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དང་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭ་སོགས་སུ་སྤེལ་བ་རེད།  སློབ་གྲྭར་རྩ་ཁྲིམས་དྲིལ་བསྒྲགས་བྱེད་པའི་ཐེངས་འདིའི་བྱེད་སྒོས་རྩ་ཁྲིམས་ཀྱི་གཞི་རྩའི་རྒྱུན་ཤེས་ཁྱབ་གདལ་ཤུགས་ཆེ་བཏང་བ་བརྒྱུད།  གཞོན་ནུ་ལོ་ཆུང་ཚོས་ཆུང་དུས་ནས་རྩ་ཁྲིམས་ཀྱི་འདུ་ཤེས་དང་རྒྱལ་ཁབ་ཀྱི་འདུ་ཤེས་སེམས་ལ་འཇགས་པ་བྱེད་རྒྱུར་སྐུལ་འདེད་ཐེབས་ནས།  སློབ་གྲྭའི་ནང་རྩ་ཁྲིམས་སློབ་སྦྱོང་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་གཏོད་ཡོད། 

ཐེངས་འདིའི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི་རྩ་ཁྲིམས་སློབ་སྦྱོང་བྱས་ནས་བྱ་སྤྱོད་གཅིག་གྱུར་དང་བོད་ཀྱི་ཁྲིམས་སྐྱོང་ཕུགས་འདུན་མཉམ་དུ་སྒྲུབ་ཅེས་པ་དེ་ཡིན།  ཁྲིམས་འཛིན་ཐིང་དང་ལྗོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་གིས་གཙོ་གཉེར་བྱས་པ་དང་།  སྤྱི་བདེ་ཐིང་དང་མི་སྤྱི་ཐིང་།  སློབ་གསོ་ཐིང་སོགས་ཚན་པ་མང་པོ་མཉམ་དུ་ཞུགས་ཡོད།  ལྗོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་གི་འགན་འཁུར་བས་གཞོན་ནུ་ལོ་ཆུང་ནི་མེས་རྒྱལ་གྱི་མ་འོངས་པ་དང་མི་རིགས་ཀྱི་རེ་བ་རེད།  དེ་རིང་གི་བྱེད་སྒོའི་ཐོག་གཙོ་བོ་ཁྲིམས་ལུགས་འཆད་ཁྲིད་དང་བྱ་དགའ་ཡོད་པའི་ཁྲིམས་ལུགས་ཤེས་བྱའི་འགྲན་རྩོད།  བརྙན་ཐུང་སྟོན་པ།  བོད་རྒྱ་སྐད་ཡིག་གི་ཁྲིམས་ལུགས་ཁྱབ་གདལ་གྱི་དཔེ་དེབ་སྤྲོད་པ་སོགས་རྣམ་པ་འདྲ་མིན་ཐོག་ནས་གཞོན་ནུ་ལོ་ཆུང་ཚོར་ཁྲིམས་ལུགས་སློབ་གསོ་བཏང་བ་དང་།  དེའི་དམིགས་ཡུལ་ནི་གཞོན་ནུ་ལོ་ཆུང་ཚོས་ཆུང་དུས་ནས་རྩ་ཁྲིམས་སློབ་སྦྱོང་དང་རྩ་ཁྲིམས་ལ་བརྩི་སྲུང་།  རྩ་ཁྲིམས་བེད་སྤྱོད།  རྩ་ཁྲིམས་སྲུང་སྐྱོང་བཅས་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ་དང་།  བོད་ལྗོངས་ཡུན་རིང་བདེ་འཁོད་དང་དུས་བདེ་ཞི་མཐུན་ཡོང་ཆེད་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུའི་ཆེད་དུ་ཡིན་ཞེས་བཤད་པ་རེད།།