༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

མངའ་རིས་ཀྱིས་པེ་ཅིན་ནས་མངའ་རིས་ཆེད་བསྒྲིགས་ཀྱི་པར་ལེན་འགྲེམ་སྟོན་སྤེལ་པ།

来源:ཞིན་ཧྭ་དྲ་བ།2018-07-06 12:11:37 查看数0

137301222_15306939288311n.jpg

འདི་ནི་ཟླ༧པའི་ཚེས༤ཉིན་ལྟད་མོ་བ་ཞིག་གིས་པར་ལེན་བརྩམས་ཆོས་ལ་ལྟ་བཞིན་པའི་ཚུལ་རེད།

ཟླ༧པའི་ཚེས༤ཉིན་བོད་ལྗོངས་མངའ་རིས་ས་ཁུལ་གྱི་གནས་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པའི“གླིང་སྣེ་ཡི་མངའ་རིས· ཞང་ཞུང་གི་བག་ཆགས”ཞེས་པ་བརྗོད་བྱ་ཡིན་པའི་པར་ལེན་འགྲེམ་སྟོན་པེ་ཅིན་ཅིན་རི་མཛེས་རྩལ་ཁང་དུ་སྤེལ་བ་དང་། བརྩམས་ཆོས་སུ་མངའ་རིས་ས་ཁུལ་གྱི་མཛེས་སྡུག་ལྡན་པའི་རང་བྱུང་ཡུལ་ལྗོངས་དང་། མཆོག་ཏུ་གྱུར་བའི་ཆོས་ལུགས་རིག་གནས། དུས་ཡུན་རིང་པོའི་ལོ་རྒྱུས་རྗེས་ཤུལ། གདོད་མའི་རང་བྱུང་སྐྱེ་ཁམས་དང་དམངས་སྲོལ་ཐུན་མོང་མ་ཡིན་པ་མངོན་པར་མཚོན་ཡོད་ལ། རྒྱུས་ལོན་ལྟར་ན། འགྲེམ་སྟོན་དེ་ཟླ༧པའི་ཚེས༡༠ཉིན་བར་དུ་སྤེལ་རྒྱུ་རེད།  །

137301222_15306939289451n.jpg

འདི་ནི་ཟླ༧པའི་ཚེས༤ཉིན་ལྟད་མོ་བས་བརྩམས་ཆོས་ཕྱོགས་ཀྱི་ལྟ་ཚུལ་གླེང་མོལ་བྱེད་བཞིན་པའི་ཚུལ་རེད།

137301222_15306939289741n.jpg

འདི་ནི་ཟླ༤བའི་ཚེས༤ཉིན་ལྟད་མོ་བ་ཞིག་གིས་མངའ་རིས་ཀྱི་མཛེས་ལྗོངས་མཚོན་པའི་པར་ལེན་བརྩམས་ཆོས་ལ་ལྟ་བཞིན་པའི་ཚུལ་རེད།