༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ཞི་ཅིན་ཕིང་གིས་རྒྱལ་ཡོངས་རྩ་འཛུགས་ལས་དོན་གྲོས་ཚོགས་ཐོག་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་ལག་ལེན་ཏན་ཏིག་བྱས་ནས་ཏང་ཡོངས་ཀྱིས་འབད་བརྩོན་ཆེན་པོས་སྔར་བས་སྟོབས་ཆེན་ནུས་ལྡན་གྱི་ཏང་འཛུགས་སྐྱོང

来源:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲི2018-07-06 12:11:35 查看数0

རྒྱལ་ཡོངས་རྩ་འཛུགས་ལས་དོན་གྱི་གྲོས་ཚོགས་སྤྱི་ཚེས་༣ཉིན་ནས་༤ཉིན་བར་པེ་ཅིན་དུ་སྐོང་འཚོགས་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་གནང་བ་མ་ཟད་གལ་ཆེའི་གསུང་བཤད་ཀྱང་གནང་ཡོད་པ་རེད། ཁོང་གིས། ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པས། རང་རེའི་ཏང་ལ་ངེས་པར་དུ་བྱས་རྗེས་གསར་པ་དང་། སྤྱོད་ཚུལ་གསར་པ་དགོས་པ་དང་། དེའི་འགག་རྩ་ནི་ཏང་འཛུགས་སྐྱོང་གི་རླབས་ཆེའི་ལས་གྲྭ་གསར་པའི་ རྣམ་པ་གསར་པ་གཏོད་དགོས་རྒྱུ་དེ་ཡིན། རླབས་ཆེའི་འགྲན་རྩོད་དང་། རླབས་ཆེའི་ལས་གྲྭ། རླབས་ཆེའི་བྱ་གཞག རླབས་ཆེའི་ཕུགས་འདུན་བཅས་ཀྱི་ཁྲོད་ནས། གཏན་འཁེལ་རང་བཞིན་གྱི་ནུས་པ་ཐོན་མཁན་ནི་ ཏང་འཛུགས་སྐྱོང་གི་རླབས་ཆེའི་ལས་གྲྭ་གསར་པ་དེ་ཡིན། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་སྤྱི་ཚོགས་བསྒྱུར་བཅོས་ལེགས་པོ་སྒྲུབ་རྒྱུ་རྒྱུན་འཁྱོངས་དང་དེར་གོང་འཕེལ་གཏོང་དགོས་ན། རང་རེའི་ཏང་གིས་ངེས་པར་དུ་རང་ངོས་གསར་བརྗེ་བྱེད་ཕོད་པ་དང་། ཏང་དེ་ཉིད་སྟོབས་ཆེན་ནུས་ལྡན་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། རྩ་འཛུགས་ལམ་ཕྱོགས་ཀྱིས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན། ཏང་གི་རྩ་འཛུགས་ལས་དོན་ལེགས་པོ་སྒྲུབ་རྒྱུ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ནི། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། རྩ་འཛུགས་མ་ལག་འཛུགས་སྐྱོང་གཙོ་གནད་ཐོག་འཇོག་པ། གཙོ་གནད་ཐོག་གཞུང་དྲང་དང་ལྷད་མེད་འགན་འཁྲི་ལྡན་པའི་བྱང་ཚད་མཐོ་བའི་ལས་བྱེད་མི་སྣ་གསོ་སྐྱོང་བྱེད་པ། གཙོ་གནད་ཐོག་རྒྱལ་གཅེས་དང་ལེགས་སྐྱེས་འབུལ་རྒྱུར་དགའ་བའི་ཁྱོན་ཡོངས་ཕུལ་བྱུང་གི་ཤེས་ལྡན་མི་སྣ་གཅིག་སྡུད་བྱེད་པ། སྤྱོད་ཡོན་གཉིས་ལྡན་དང་། ཀུན་སྤྱོད་གཙོ་བོར་འཇོག་པ། སྤྱོད་ཡོན་གཉིས་ལྡན་གྱི་མི་ཁོ་ན་བེད་སྤྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་གི་ཁྱོན་ཡོངས་འགོ་ཁྲིད་ལ་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་ཆེད་རྩ་འཛུགས་ཀྱི་འགན་ལེན་ཤུགས་ཆེན་མཁོ་འདོན་བྱ་དགོས། དུས་རབ་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ནི་རིགས་པའི་གཞུང་ལུགས་ཡིན་ལ་དོན་དངོས་ལག་ལེན་ཡང་ཡིན། ཏང་འཛུགས་སྐྱོང་གི་རླབས་ཆེའི་ལས་གྲྭ་གསར་པར་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དོན་འཁྱོལ་བྱེད་པའི་ལག་ལེན་ཁྲོད་ལག་ལེན་དོན་འཁྱོལ་ཏན་ཏིག་བྱེད་དགོས་ཞེས་ནན་བཏོན་གནང་ཡོད་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལེ་ཅི་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།

ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ཏང་གི་ཚོགས་ཆེན་བཅུ་བརྒྱད་པའི་རྗེས། ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འཐབ་ཇུས་བཀོད་སྒྲིག་བྱས་ཏེ། ཆོད་སེམས་བརྟན་པོ་དང་། འདོད་འདུན་བརྟན་པོར་སྐུལ་འདེད་ཤུགས་ཆེར་བཏང་བ་དང་། ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱབ་པ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་རྒྱུན་འཁྱོངས། ཏང་གིས་ཏང་ལ་དོ་དམ་དང་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས། ཏང་གི་ཆབ་སྲིད་འཛུགས་སྐྱོང་གནས་ཚད་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས། བསམ་བློའི་ཐོག་ནས་ཏང་འཛུགས་སྐྱོང་དང་ལམ་ལུགས་ཐོག་ནས་ཏང་འཛུགས་སྐྱོང་བྱ་རྒྱུ་ཁ་ཕྱོགས་གཅིག་པའི་ཐོག་ཤུགས་སྣོན་རྒྱག་རྒྱུ་རྒྱུན་འཁྱོངས། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དོན་འཁྱོལ་བྱ་རྒྱུ་རྒྱུན་འཁྱོངས། རྩ་བ་བརྟན་དུ་གཏོང་རྒྱུ་རྒྱུན་འཁྱོངས་དང་། སྲོལ་བཟང་སྒྲིག་ནན་དང་། རུལ་སུངས་ལ་ཆད་པ་ནན་པོ་གཅོད་རྒྱུ་རྒྱུན་འཁྱོངས་བཅས་བྱས་པས། ཏང་ནང་གི་ཆབ་སྲིད་འབྱུང་ཁམས་མངོན་གསལ་དོད་པོས་ཡག་ཏུ་ཕྱིན་པ་དང་། ཏང་གི་འཛུགས་སྐྱོང་ནུས་པ་དང་། གཅིག་སྡུད་ནུས་པ། འགྲན་རྩོད་ནུས་པ་མངོན་གསལ་དོད་པོས་ཤུགས་ཆེར་ཕྱིན་པ་དང་། ཏང་དང་མང་ཚོགས་དབར་གྱི་འབྲེལ་བ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། ཏང་གིས་བསྒྱུར་བཅོས་རང་བཞིན་གྱི་ལས་གྲྭའི་ཁྲོད་སྔར་བས་བློ་བརྟན་འགྱུར་མེད་བཅས་བྱས་པས། ཏང་གི་རླབས་ཆེའི་རང་ངོས་གསར་བརྗེས་རླབས་ཆེའི་སྤྱི་ཚོགས་གསར་བརྗེ་ལ་སྐུལ་འདེད་བཏང་ཡོད། ལག་ལེན་ཁྲོད་ནས་ང་ཚོས་མར་ཁེ་སི་རིང་ལུགས་སྲིད་འཛིན་ཏང་གི་འཛུགས་སྐྱོང་ཆོས་ཉིད་ངོས་འཛིན་གཏིང་ཟབ་ཐུབ་ཡོད། ང་ཚོར་ཐོབ་པའི་ལག་ལེན་གྲུབ་འབྲས་དང་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད། དེ་ཕུན་སུམ་ཇེ་ཚོགས་དང་གོང་འཕེལ་གཏོང་དགོས་ཞེས་བསྟན་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན། ང་ཚོར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་མོད། འོན་ཀྱང་། རྒྱལ་ཁ་ཕུ་ཐག་ཆོད་པ་བླངས་ཚར་བའི་དུས་ལ་སླེབས་མེད། རང་རེའི་ཏང་ལ་འཕྲད་པའི་ཚོད་བགམ་ཆེན་པོ་བཞི་དང་། ཉམས་ཉེན་ཆེན་པོ་བཞི་ནི་དུས་ཡུན་རིང་པོ་དང་། རྣོ་ངར་ཆེན་པོ་ཡིན་པས། ཏང་གི་སྔོན་ཐོན་རང་བཞིན་ལ་ཤུགས་རྐྱེན་དང་། ཏང་གི་དྭངས་གཙང་རང་བཞིན་ཇེ་ཞན་དུ་གཏོང་བའི་རྒྱུ་རྐྱེན་ཡང་སྣ་ཚོགས་ཡོད། ཏང་ནང་གནས་པའི་བསམ་བློ་དྭངས་གཙང་མིན་པ་དང་། ཆབ་སྲིད་དྭངས་གཙང་མིན་པ། སྤྱོད་ཚུལ་དྭངས་གཙང་མིན་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་སྔར་བཞིན་རྩ་འགྱུར་རང་བཞིན་གྱི་ཐག་གཅོད་ཐུབ་མེད། ལྷག་པར་དུ་དུས་རབས་གསར་པའི་ནང་རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་ནས་རླབས་ཆེའི་སྤྱི་ཚོགས་གསར་བརྗེ་བྱས་པ་དང་། ཁྱབ་ཁོངས་རྒྱ་ཆེ་བ་དང་། ཁེ་ཕན་དང་འབྲེལ་བ་ཡོད་པའི་གནས་སྟངས་ལེགས་སྒྲིག་བྱེད་པའི་གཏིང་ཟབ་རང་བཞིན་དང་། འགལ་ཟླ་དང་གནད་དོན་དང་འབྲེལ་བ་ཡོད་པའི་རྣོ་ངར་རང་བཞིན། སྒྲིག་སྲོལ་རྐྱེན་སྲོལ་གྱི་འགོག་རྐྱེན་ལས་བརྒལ་བའི་དཀའ་ཚེགས་རང་བཞིན། རླབས་ཆེའི་འཐབ་རྩོད་བྱེད་པའི་གནས་བབ་ཀྱི་རྙོག་འཛིང་རང་བཞིན་བཅས་མཐོང་བ་བྱ་དགོས། དེ་དག་ཚང་མ་ནི་སྔར་བྱུང་མྱོང་མེད་པ་ཞིག་ཡིན། ང་ཚོས་ངེས་པར་དུ་སྡུག་འབྱུང་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ལ་ཤུགས་སྣོན་རྒྱབ་ཏེ། ཏང་གི་རླབས་ཆེའི་རང་ངོས་གསར་བརྗེ་མཐའ་གཅིག་ཏུ་བྱ་དགོས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་ལེགས་པོ་བྱེད་པ་དང་། ཏང་གི་འཛུགས་སྐྱོང་སྤུས་ཚད་ཟམ་མི་ཆད་པར་གོང་མཐོར་གཏོང་བ་བཅས་བྱས་ཏེ། ཏང་དེ་ཉིད་སྔ་བར་ཕྱི་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དང་མི་དམངས་ཀྱི་སྙིང་ཐག་པ་ནས་བརྩི་བཀུར་ཞུ་ས། རང་ངོས་གསར་བརྗེ་བྱེད་ཕོད་པ། འགྲན་རྩོད་སྣ་ཚོགས་ཀྱི་ཉམས་སད་ཐེགས་ཐུབ་པ།དབྱར་མཚོ་རྒྱས་ལྟར་གྱི་མར་ཁེ་སི་རིང་ལུགས་སྲིད་འཛིན་ཏང་བཅས་ལ་འཛུགས་སྐྱོང་བྱ་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཏང་གི་སྟོབས་ཤུགས་ནི་རྩ་འཛུགས་ལས་བྱུང་བ་ཡིན། ཏང་གི་ཁྱོན་ཡོངས་འགོ་ཁྲིད་དང་། ཏང་གི་ཁྱོན་ཡོངས་ལས་དོན་དེ་ཏང་གི་སྟོབས་ཆེའི་རྩ་འཛུགས་མ་ལག་ལ་བརྟེན་ནས་མངོན་འགྱུར་བྱེད་དགོས།

ཞི་ཅིན་ཕིང་གིས། ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་འགག་རྩ་ནི་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱ་རྒྱུ་དེ་རེད། རྩ་འཛུགས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་གཙོ་བོར་བཟུང་བ་དང་ཆབ་སྲིད་ཀྱི་ནུས་པ་འབུར་དུ་ཐོན་པ། གཞི་རིམ་རྩ་འཛུགས་འཐུས་ཚང་འཛུགས་པ། རྩ་འཛུགས་བཀོད་སྒྲིག་ལེགས་སྒྲིག་བྱེད་པ། ཁོངས་གཏོགས་འབྲེལ་བ་གསལ་པོ་བཟོ་བ། བྱེད་སྒོའི་བྱ་ཐབས་གསར་གཏོད་བྱེད་པ་བཅས་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཁྱབ་རྒྱ་དང་ལས་དོན་ཁྱབ་རྒྱ་རྒྱ་ཆེར་གཏོང་དགོས། ཁེ་ལས་དང་གྲོང་གསེབ། ལས་ཁུངས། བྱ་གཞག་ཚན་པ། སྡེ་ཁུལ་སོགས་ཁྱབ་ཁོངས་ཁག་གི་ཏང་འཛུགས་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། གཞི་རིམ་ཏང་རྩ་འཛུགས་སྒོ་ཀུན་ནས་ཡར་རྒྱས་དང་སྒོ་ཀུན་ནས་ནུས་ལྡན་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་སྒྲིག་འཛུགས་ཀྱི་ཏང་འཛུགས་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། གསར་དར་ལས་སྒོ་འཚོལ་ཞིབ་དང་དྲ་རྒྱའི་ཏང་འཛུགས་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། ཚད་ལྡན་ཅན་གྱི་ཀྲི་པུའུ་འཛུགས་རྒྱུར་ཤུགས་སྣོན་རྒྱག་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱིས་ལག་བསྟར་དོན་འཁྱོལ་བྱེད་པའི་ཁྲོད་འགོ་ཁྲིད་ནུས་པ་འདོན་དགོས་པ་དང་། ཆབ་སྲིད་སྣེ་ཁྲིད་ཤུགས་ཆེར་གཏོང་བ། ཏང་གི་མང་ཚོགས་ལས་དོན་གྱི་བཟང་ཆ་དང་ཏང་ཡོན་གྱི་སྔོན་ཐོན་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་པ། གཞི་རིམ་རྩ་འཛུགས་ཁག་ནས་རང་འགུལ་ངང་ཏང་གི་ལངས་ཕྱོགས་ལག་བསྟར་བྱ་རྒྱུར་སྣེ་ཁྲིད་བྱེད་པ་བཅས་བྱས་ནས་གཞི་རིམ་བཅོས་སྒྲིག་གི་ཡང་དག་པའི་ཁ་ཕྱོགས་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

ཞི་ཅིན་ཕིང་གིས།ཏང་འཛུགས་སྐྱོང་བྱེད་པའི་སྤུས་ཚད་མཐོར་གཏོང་བྱ་རྒྱུ་དེ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ལག་ལེན་དངོས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་དང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་འཚམས་ཆེད་བཏོན་པའི་བརྗོད་གཞི་གལ་ཆེན་ཞིག་རེད། ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་བར་གཅིག་ནས་ང་ཚོའི་ཏང་གིས་རང་ངོས་འཛུགས་སྐྲུན་བྱས་པ་ལས་བྱུང་བའི་སྲོལ་རྒྱུན་བཟང་པོ་དང་ལེགས་གྲུབ་ལྡན་པའི་ཉམས་མྱོང་རྒྱུན་འཁྱོངས་དང་དར་སྤེལ་གཏོང་དགོས་ལ། གཉིས་ནས་ཏང་འཛུགས་སྐྱོང་ལ་འཕྲད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་གཞིགས་ནས་བསྒྱུར་བཅོས་གསར་གཏོད་ཤུགས་ཆེན་བྱེད་དགོས་ལ། བསམ་ཕྱོགས་གསར་པ་དང་བྱ་ཐབས་གསར་པ། ཐབས་ཤེས་གསར་པ་བཅས་ཀྱི་ཐོག་ནས་འགལ་ཟླ་གསར་པ་དང་གནད་དོན་གསར་པ་ཐག་གཅོད་བྱ་དགོས་ཞེས་ནན་གསུང་གནང་ཡོད།

ཞི་ཅིན་ཕིང་གིས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་བྱེད་པར། བློ་དཀར་སེམས་དཀར་དང་འགན་འཁྲི་ཁུར་ཕོད་པ། བྱང་ཚད་མཐོ་བ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་ནི་འགག་རྩ་ཡིན་པ་དང་། ལས་བྱེད་པ་གསོ་སྐྱོང་དང་། བསྐོ་འཐེན༎ དོ་དམ། བེད་སྤྱོད་བཅས་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་གཙོ་གནད་ཡིན། འབྱུང་རྩ་ནས་གསོ་སྐྱོང་དང་རྗེས་འདེད་གསོ་སྐྱོང་། སྒོ་ཀུན་ནས་གསོ་སྐྱོང་བཅས་བྱེད་པའི་བྱང་ཚད་གསོ་སྐྱོང་མ་ལག་འཛུགས་དགོས་པ་དང་། སློབ་གསོའི་ཐོག་ནས་ལས་བྱེད་པས་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་གྱིས་དད་སེམས་ཀྱི་རྩ་བ་བརྟན་དུ་གཏོང་རྒྱུ། ཆབ་སྲིད་ཀུན་སྤྱོད་བློ་སྦྱོང་ལ་ཤུགས་སྣོན་གྱིས་སྲིད་འཛིན་རྨང་གཞི་བརྟན་དུ་གཏོང་རྒྱུ། སྒྲིག་ཁྲིམས་སྒྲིག་ལམ་ནན་སྲུང་གིས་སྲིད་གཙང་རྨང་གཞི་བརྟན་དུ་གཏོང་རྒྱུ། རྨང་གཞིའི་ཤེས་བྱའི་མ་ལག་འཐུས་ཚང་བཙུགས་ནས་འཇོན་ཐང་རྨང་གཞི་ཤུགས་ཆེར་གཏོང་རྒྱུ། ལས་བྱེད་པའི་བྱང་ཚད་གསོ་སྐྱོང་བྱེད་པའི་མ་ལག་རང་བཞིན་དང་རྒྱུན་མཐུད་རང་བཞིན། དམིགས་བཙུགས་རང་བཞིན་ཤུགས་ཆེར་གཏོང་རྒྱུ་བཅས་ལ་སྣེ་ཁྲིད་བྱེད་དགོས། རྒྱུན་ཏན་དཔྱད་དཔོག་དང་རིགས་དབྱེའི་དཔྱད་དཔོག བར་ཐག་ཐུང་བའི་དཔྱད་དཔོག་བཅས་ཀྱི་ནང་དོན་ཁ་གསལ་ཞིང་གཞན་གྱིས་ཤེས་རྟོགས་བྱེད་པའི་མ་ལག་འཛུགས་དགོས་པ་དང་། རིགས་དབྱེའི་དཔྱད་དཔོག་ཤུགས་ཆེར་བཏང་ཏེ་བར་ཐག་ཐུང་བའི་ཐོག་ནས་ལས་བྱེད་པ་དང་འབྲེལ་གཏུག་བྱེད་ཐུབ་པས། འདེམས་བསྐོ་བྱས་པའི་ལས་བྱེད་པའམ་རྩ་འཛུགས་ནས་བློད་འགེལ་ཆོག་པ་དང་མང་ཚོགས་ནས་ཁས་ལེན་བྱེད་པ། ལས་བྱེད་པས་དང་ལེན་བྱེད་པ་བཅས་ཡོང་ཐུབ། ཀུན་སྤྱོད་རྩ་བར་འཛིན་པ་དང་། འཇོན་ཐང་ཅན་བསྐོ་བཞག མི་དོན་འོས་བསྟུན་བཅས་ཀྱི་འདེམས་བསྐོའི་མ་ལག་ཅིག་གཏོད་དགོས་པ་དང་། ལས་བྱེད་པ་བཟང་པོའི་ཚད་གཞི་རྒྱུན་འཁྱོངས་དང་ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་འཇོག་དགོས། བསམ་བློ་དང་ལས་ཀ། སྤྱོད་ཚུལ། སྒྲིག་ལམ་བཅས་ལ་དོ་དམ་བྱེད་པའི་དོ་དམ་སྒྲིག་གཞི་གཏོད་དེ་ས་ཕྱོགས་ཡོད་ཚད་ནས་དོ་དམ་བྱེད་པ་དང་ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ཏེ། འགག་རྩའི་མི་སྣར་དོ་དམ་དང་། འགག་རྩར་དོ་དམ་ཐུབ་པ། འགག་རྩའི་ལས་དོན་ལ་དོ་དམ་དང་། འགག་རྩའི་དུས་སུ་དོ་དམ་བྱེད་དགོས། ལྷག་པར་དུ་འགན་ཁུར་བ་གཙོ་བོར་དོ་དམ་ཡག་པོ་བྱེད་དགོས། ལས་དོན་དངོས་སྒྲུབ་མཁན་ལ་བརྩི་བཀུར་དང་། འགན་ཁུར་སྣེ་ཁྲིད། འབད་བརྩོན་སྐུལ་ལྕག་བཅས་ཀྱི་ཡང་དག་པའི་སྐུལ་ལྕག་སྒྲིག་གཞི་གཏོད་དེ་འགན་ཁུར་གླེང་བ་དང་འགན་ཁུར་ལ་བརྩི་མཐོང་བྱེད་པའི་ཁྲིད་ཕྱོགས་གསལ་པོ་མངོན་པར་བྱེད་དགོས། ལས་བྱེད་པར་དོ་ཁུར་ཟབ་པོ་བྱེད་དགོས་པ་དང་དོན་དངོས་ཀྱི་དཀའ་ངལ་སེལ་རོགས་བྱེད་པ། ལུས་སེམས་བདེ་ཐང་ལ་སེམས་ཁུར་བྱེད་པ། གཞི་རིམ་ལས་བྱེད་པ་དང་ལྷག་པར་དུ་དཀའ་ཚེགས་ཆེ་བའི་ས་ཁུལ་དང་དབུལ་སྒྲོལ་འགག་གྲོལ་གྱི་འཐབ་ས་དང་པོར་ཡོད་པའི་ལས་བྱེད་པར་བསམ་ཤེས་དང་རྒྱབ་སྐྱོར་གང་མང་བྱེད་དགོས་ཞེས་གསུངས་གནང་ཡོད།

ཞི་ཅིན་ཕིང་གིས། བསྐལ་བརྒྱའི་བྱ་གཞག་གཏོད་པར་འཇོན་ཐང་ཅན་གྱི་མི་སྣ་གཙོ་བོར་འཛིན་དགོས་པ་ལྟར། ཤེས་ལྡན་པའི་སྟོབས་ཆེའི་རྒྱལ་ཁབ་འཛུགས་པའི་འཐབ་ཇུས་གང་མགྱོགས་ལག་ལེན་བསྟར་དགོས་པ་དང་། ཤེས་ལྡན་པས་གོང་འཕེལ་ལ་སྣེ་ཁྲིད་བྱེད་པའི་འཐབ་ཇུས་གནས་བབ་གཏན་འཁེལ་གྱིས། རྒྱལ་གཅེས་ལེགས་འབུལ་དང་གསར་གཏོད་གསར་སྐྲུན་བྱེད་ཕོད་པའི་ཕུལ་བྱུང་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས། ཤེས་ལྡན་མི་སྣའི་གོང་འཕེལ་སྒྲིག་གཞིའི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་པ་དང་། ཚད་གཞི་ཆེ་ཤོས་ཐོག་ནས་རྒྱ་ཆེའི་ཤེས་ལྡན་མི་སྣས་རྒྱལ་ཁབ་ལ་བཀའ་དྲིན་འཇལ་བའི་སེམས་པ་དང་དཀའ་སྤྱད་འབད་འཐབ་བྱེད་པའི་བསམ་པ། གསར་གཏོད་ཀྱི་གསོན་ཤུགས་བཅས་ལ་སྐུལ་སྤེལ་བྱེད་དགོས། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་ཤེས་ལྡན་མི་སྣའི་གདེང་འཇོག་སྒྲིག་གཞི་ལེགས་སྒྲིག་བྱེད་པ། ཤེས་ལྡན་མི་སྣ་འཁོར་རྒྱུགས་བྱེད་པའི་སྒྲིག་གཞི་གསར་གཏོད་བྱེད་པ། ཤེས་ལྡན་མི་སྣའི་སྐུལ་ལྕག་སྒྲིག་གཞི་འཐུས་ཚང་འཛུགས་པ་བཅས་བྱེད་དགོས། དེ་བས་ཧུར་བརྩོན་ཆེ་བ་དང་སྒོ་དབྱེ་ཆེ་བ། ནུས་འབྲས་མཐོ་བ་བཅས་ཀྱི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་སྲིད་ཇུས་ལག་ལེན་བསྟར་ཏེ་གནམ་འོག་གི་ཤེས་ལྡན་མི་སྣ་ཡོངས་རྫོགས་ཡིད་འགུག་བྱེད་དགོས། རྒྱལ་ཁབ་ལ་དགའ་ཞེན་དང་རྒྱལ་ཁབ་ཀྱི་བཀའ་དྲིན་འཇལ་བ། ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་དམིགས་གསལ་ལེགས་སྐྱེས་ཕུལ་མཁན་གྱི་ཕུལ་བྱུང་ཤེས་ལྡན་མི་སྣར་གཟེངས་བསྟོད་བྱེད་པའི་གནས་ཚུལ་དྲིལ་བསྒྲགས་ཡག་པོ་བྱས་ཏེ་ཤེས་ཡོན་ཅན་དང་ཤེས་ལྡན་མི་སྣའི་ཁྲོད་དུ་རྒྱལ་གཅེས་ལེགས་འབུལ་གྱི་སྙིང་སྟོབས་དར་སྤེལ་གཏོང་དགོས་ཞེས་ནན་གསུང་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བར་འགག་རྩ་དེ་ཏང་དང་མིར་ཐུགས་ཡོད། མདོར་བསྡུས་ན་མི་རབས་ནས་མི་རབས་རྒྱུད་འཛིན་ཐུབ་པའི་མི་སྣ་གསོ་སྐྱོང་བྱ་རྒྱུར་ཐུགས་ཡོད། དེ་ནི་ཏང་དང་རྒྱལ་ཁབ་བྱ་གཞག་གོང་འཕེལ་གཏོང་བའི་ལོ་བརྒྱའི་ཇུས་ཆེན་ཞིག་རེད། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་དང་། དུས་རབས་གསར་པའི་ལས་བྱེད་པའི་ཚད་གཞི་དང་མཐུན་པ། ལྷག་བསམ་དཀར་ཞིང་འགན་འཁྲི་ཁུར་ཕོད་པ། གྲངས་འབོར་འདང་ངེས་ཡོད་པ། གསོན་ཤུགས་ཀྱི་ཁེངས་པ་བཅས་ཀྱི་བྱང་ཚད་མཐོ་བའི་གཞོན་ནུའི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས། ཕུལ་བྱུང་གི་གཞོན་ནུ་ལས་བྱེད་པས་ངེས་པར་དུ་ཏང་ལ་ལྷག་བསམ་རྣམ་དག་་བྱེད་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་བུའི་ཐོག་སྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ངང་ཏང་གི་ཁ་ལ་ཉན་པ་དང་ཏང་དང་མཉམ་དུ་འགྲོ་དགོས། ཕུལ་བྱུང་གཞོན་ནུ་ལས་བྱེད་པར་རྒྱུད་འཛིན་བྱེད་པའི་འཇོན་ཐང་ངེས་ཅན་ལྡན་དགོས། སློབ་སྦྱོང་ལ་ཤུགས་སྣོན་དང་། ཉམས་མྱོང་གསོག་འཇོག་བྱེད་དགོས། རང་འགུལ་ངང་ལག་ལེན་བྱ་རྒྱུར་སློབ་སྦྱོང་བྱེད་དགོས་པ་དང་། མི་དམངས་དགེ་རྒན་དུ་བསྟེན་དགོས། སེམས་རྣལ་དུ་ཕབ་ནས་ལས་དོན་བསྒྲུབ་དགོས། སེམས་པ་གཅིག་ཏུ་འགྲིམ་ནས་ལས་སྒོ་གཉེར་དགོས། ལས་རིགས་གཅིག་བསྒྲུབ་ན་དེར་དགའ་ཞེན་དང་དེ་བྱང་ཆུབ་པ་བྱེད་དགོས། དད་སེམས་སྲ་ཞིང་མདུན་བསྐྱོད་བྱེད་ཕོད་པ་བྱས་ཏེ་དཀའ་ངལ་ཁྱད་བསད་ཐུབ་ཅིང་། འགག་རྩའི་དུས་སུ་ཆུ་མི་བློད་པ། འགན་འཁྲི་ལྗི་པོ་ཁུར་ནུས་པ་བཅས་བྱེད་དགོས། ཕུལ་བྱུང་གཞོན་ནུ་ལས་བྱེད་པས་མི་སྣ་བཟང་པོ་བྱེད་པ་དང་སྐད་ཆ་དྲང་པོ་ཤོད་པ། ལས་དོན་དངོས་བསྒྲུབ་པ་བཅས་བྱ་རྒྱུ་མི་ཚེའི་གདམས་ངག་ཏུ་བརྩི་དགོས། སློབ་གསོའི་ཐོག་ནས་གཞོན་ནུ་ལས་བྱེད་པས་རང་ངོས་ཀྱི་བློ་སྦྱོང་བྱ་རྒྱུ་སྣེ་ཁྲིད་བྱས་ཏེ་རྩ་དོན་ཡོད་པ་དང་མཐའ་ཐིག་ཡོད་པ། སྒྲིག་སྲོལ་ཡོད་པ་བཅས་ཀྱི་ལས་བྱེད་པ་ཞིག་བྱེད་དགོས་ཞེས་བསྟན་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཕུལ་དུ་བྱུང་བའི་གཞོན་ནུ་ལས་བྱེད་པའི་གྲངས་འབོར་འདང་ངེས་དགོས་ལ་སྤུས་ཚད་ཀྱང་ཡག་པོ་དགོས། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་ཉེ་དུས་ཀྱི་དགོངས་མཁོ་དང་ཐག་རིང་གི་འཐབ་ཇུས་ཀྱི་དགོས་མཁོར་དམིགས་ཏེ། གྲངས་འབོར་དང་གཞི་ཁྱོན་ངེས་ཅན་གྱི་ཕུལ་བྱུང་གི་གཞོན་ནུ་ལས་བྱེད་པ་གསོ་སྐྱོང་དང་འདེམས་སྒྲུག་བྱེད་དགོས། ཕུལ་བྱུང་གི་གཞོན་ནུ་ལས་བྱེད་པ་འདེམས་སྒྲུག་དང་གསོ་སྐྱོང་བྱེད་པ་དེ་འཐབ་ཕྱོགས་ཁག་དང་ཁྱབ་ཁོངས་ཁག ལས་རིགས་ཁག་བཅས་ལ་ཕྱོགས་དགོས་པ་དང་ཆེད་ལས་ཀྱི་རྒྱབ་སྐྱོར་ཡོད་པའི་མཉམ་འདུས་ཅན་གྱི་འགོ་ཁྲིད་ལས་བྱེད་པ་གསོ་སྐྱོང་བྱེད་རྒྱུར་དོ་སྣང་བྱེད་དགོས། མི་མངོན་པའི་ནུས་ཤུགས་ལྡན་པའི་ཕུལ་བྱུང་གི་གཞོན་ནུ་ལས་བྱེད་པར་ད་དུང་ཁོ་ཚོས་ལས་གནས་ཐོག་དཀའ་ལས་རྒྱག་ཕོད་པ་དང་ལས་གནས་གཙོ་བོའི་ཐོག་ཏུ་སྦྱོང་བརྡར་ཐེབ་ཏུ་འཇུག་དགོས་པ་དང་། ལས་འགན་ངེས་ཅན་ཞིག་ཁོ་ཚོར་བསྒྲུབ་ཏུ་འཇུག་དགོས། གསོ་སྐྱོང་གི་མདུན་ལམ་ཡོད་པའི་གཞོན་ནུ་ལས་བྱེད་པར་སྲོལ་ལུགས་གཅིག་གི་འཆིང་རྒྱ་ལས་གྲོལ་བ་བྱས་ཏེ་བློ་ཁོག་ཆེན་པོས་སྤྱོད་དགོས། རིམ་ཁག་ཏང་ཨུད་ཀྱིས་གཞོན་ནུ་ལས་བྱེད་པ་བདེ་ཐང་ངང་འཚར་ལོང་ཡོང་བ་བྱེད་པ་དེ་དོར་ཐབས་མེད་པའི་ཆབ་སྲིད་ཀྱི་འགན་དཀྲི་ཞིག་ཏུ་རྩིས་ནས་རྒྱང་རིག་གི་འཆར་འགོད་ལ་ཤུགས་སྣོན་རྒྱག་དགོས་པ་དང་ལས་ཀའི་འགན་དཀྲིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། དུས་ཐོག་ལ་ཕུལ་བྱུང་གི་གཞོན་ནུ་ལས་བྱེད་པ་ཤེས་རྟོགས་ཐུབ་པ་དང་གསོ་སྐྱོང་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།

ཞི་ཅིན་ཕིང་གིས། རིམ་ཁག་ཏང་ཨུད་དང་ཏང་རྩ་འཛུགས་ཀྱིས་ཏང་གི་འཛུགས་སྐྱོང་གི་འགོ་འཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དང་། འགན་དཀྲི་གཙོ་བོ་འཁུར་དགོས་པ་དང་ལས་གནས་གཙོ་བོ་དམ་འཛིན། འགན་འཁུར་བ་ཡག་པོ་བཅས་བྱས་ཏེ་འཐབ་ཕྱོགས་རེ་རེ་དང་ཁྱབ་ཁོངས་རེ་རེ། ལྷུ་ཚིགས་རེ་རེ་བཞིན་གྱི་ཏང་འཛུགས་སྐྱོང་གི་ལས་དོན་ཞིབ་ཕྲ་དམ་འཛིན་དང་ཟབ་འཇུག་བྱེད་དགོས། ཏང་ཨུད་དང་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་འགན་དཀྲི་དང་པོ་འཁུར་མཁན་ཡིན་པའི་ངོས་ནས་ཏང་འཛུགས་སྐྱོང་གི་འགན་དཀྲི་རིམ་བཞིན་དོན་ཐོག་ཏུ་འཁྱོང་བ་བྱེད་དགོས་པ་དང་། ཏང་འཛུགས་སྐྱོང་གི་ལས་དོན་དམ་འཛིན་དང་ཞིབ་ཕྲ་འཛིན་པ། དོན་ཐོག་ཏུ་འཁྱོལ་བ་བཅས་བྱེད་དགོས་ཞེས་སྟོན་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཤི་ཡིས་ཕྱོགས་བསྡོམས་གསུང་བཤད་ནང་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་ཀའི་ཐད་ཀྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གནས་བབ་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་འགྱུར་འགོ་ཁྲིད་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་ལེན་བསྟར་བ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པ། རྒྱུན་ཆད་མེད་པར་རྩ་འཛུགས་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་བརྩོན་ལེན་བྱེད་ཆེད་དུ་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས་ཞེས་གསུངས་པ་རེད།