༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ཞི་ཅིན་ཕིང་གིས་སྡེ་ཚོགས་ཀྲུང་དབྱང་གི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཉམ་དུ་གླེང་མོལ་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ།

来源:ཤིན་ཧྭ་གསར་འགྱུར་ཁང་།2018-07-04 11:55:51 查看数0

528113_yis_1530589623026.jpg

ཟླ་༧ཚེས་༢ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་སྡེ་ཚོགས་ཀྲུང་དབྱང་གི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཉམ་སྡེབ་ཐོག་གླེང་མོལ་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་༧ཚེས་༢ཉིན་གནས་ཚུལ་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚེས་༢ཉིན་གྱི་ཕྱི་དྲོ། ཀྲུང་ནན་ཧའེ་རུ་སྡེ་ཚོགས་ཀྲུང་དབྱང་གི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཉམ་སྡེབ་ཐོག་གླེང་མོལ་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་གཞོན་རབས་ཚོར་ཕུགས་བསམ་དང་། འཇོན་ཐང་། འགན་འཁྲི་བཅས་ཡོད་ན། རྒྱལ་ཁབ་ལ་མདུན་ལམ་དང་མི་རིགས་ལ་རེ་བ་ཡོད། རྒྱ་ཆེའི་གཞོན་ནུའི་ཚབ་བྱེད་པ་དང་། རྒྱ་ཆེའི་གཞོན་ནུའི་རྒྱབ་སྐྱོར་ཐོབ་པ། རྒྱ་ཆེའི་གཞོན་ནུར་བརྟེན་པ་ནི་རང་རེའི་ཏང་རྒྱུན་ཆད་མེད་པར་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པའི་འགན་ལེན་གལ་ཆེན་ཞིག་རེད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་དེ་མཐར་གཞོན་ནུ་མི་རབས་ནས་མི་རབས་ཚོའི་གཅིག་མཇུག་གཉིས་མཐུད་ཀྱི་འབད་འཐབ་འོག་མངོན་འགྱུར་ཐུབ་ངེས་རེད། དུས་རབས་གསར་པའི་གཞོན་ནུའི་ལས་དོན་བསྒྲུབ་པར་གཡོ་སྒུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མང་ཚོགས་ཚོགས་པའི་འཕེལ་རྒྱས་ལམ་བུའི་ཐོག་སྐྱོད་པ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འབུངས་བྱེད་པའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་པ་དང་ལས་ཀའི་འགོ་ནས་མཇུག་བར་ཁྱབ་པ་བཅས་བྱས་ཏེ་རྒྱ་ཆེའི་གཞོན་ནུ་ཚོར་ཕུགས་བསམ་ཡོད་པ་དང་། ཕུགས་བསམ་དོན་གཉེར་བྱེད་ཕོད་པ། ཕུགས་བསམ་ཆེད་དུ་འབད་བརྩོན་ཐུབ་པ་བཅས་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ཉིན་ཤས་གོང་སྡེ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་གྲོལ་བ་རེད། ཚོགས་ཆེན་ཐོག་ཏང་ཀྲུང་དབྱང་གི་བླང་བྱ་ལག་བསྟར་བྱས་ཏེ་འདས་ཟིན་པའི་ལོ་ལྔའི་ནང་གི་ལས་དོན་ལ་ཕྱོགས་སྡོམ་དང་སླད་ཕྱིན་ལོ་ལྔའི་རིང་གི་གུང་གཞོན་སྡེ་ཚོགས་བྱ་གཞག་འཕེལ་རྒྱས་ལ་བཀོད་སྒྲིག་བྱས་ནས་གྲོས་རིམ་ཁག་ལེགས་གྲུབ་བྱུང་ཡོད། ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཚོགས་ཆེན་ལ་གྲུབ་འབྲས་ཐོབ་པ་དང་བདམས་ཐོན་བྱུང་བའི་སྡེ་ཚོགས་ཀྲུང་དབྱང་གི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། སྡེ་ཚོགས་ཀྲུང་དབྱང་གི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གིས་ཏང་ཀྲུང་དབྱང་གི་བླང་བྱ་ལག་བསྟར་བྱེད་པའི་རྣམ་འགྱུར་བློ་ཐག་ཆོད་པོ་དང་། ཡིད་ཆེས་བརྟན་པོ། སྤྲོ་སྣང་གིས་ཁེངས་པ། ཆོད་སེམས་ཆེ་བ་བཅས་ཡོད། ཏང་ཀྲུང་དབྱང་གིས་ཁྱེད་རྣམ་ལ་རེ་བ་ཟབ་མོ་བཅོལ་ཡོད། རེ་བར་ཁྱེད་རྣམ་པས་འགོ་འཁྲིད་དེ་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱས་ནས་དད་སེམས་ཆེ་རུ་གཏོང་བ་དང་། ཆབ་སྲིད་ལ་སྣང་ཆེན་བྱས་ནས་རང་གཅུན་ནན་པོ་བྱེད་པ། སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ། སྤྱོད་ཚུལ་ལེགས་སུ་བཏང་ནས་སྒྲིག་ཁྲིམས་སྲུང་བ་བཅས་བྱས་ཏེ། དུས་རབས་གསར་པའི་གུང་གཞོན་སྡེ་ཚོགས་ཀྱི་གཟུགས་བརྙན་བཟང་པོ་གཏོད་པ་དང་རྒྱལ་ཡོངས་མི་རིགས་ཁག་གི་གཞོན་ནུར་མཐུན་སྒྲིལ་དང་གཅིག་ཏུ་བསྒྲིལ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་དམིགས་ཚད་དང་ལས་འགན་མངོན་འགྱུར་བྱ་ཆེད་འབད་འཐབ་བྱེད་པའི་འགན་འཁྲི་ཕྲག་ཏུ་འཁུར་དགོས།

ཞི་ཅིན་ཕིང་གིས་གསུངས་དོན། འདས་ཟིན་པའི་ལོ་ལྔའི་ནང་གུང་གཞོན་སྡེ་ཚོགས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་ནན་ཏན་དང་། གུང་གཞོན་སྡེ་ཚོགས་སྒྱུར་བཅོས་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དོན་འཁྱོལ་ནན་ཏན། ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་རྒྱུན་འཁྱོངས་དང་ཟབ་གཏོང་ལ་དམིགས་ཏེ་གཞོན་ནུ་སྒྲིག་འཛུགས་ཁྲིད་སྟོན་དང་། གཞོན་ནུའི་འཕེལ་རྒྱས་ལ་སྐུལ་འདེད། གཞོན་ནུ་ལོ་ཆུང་གི་ཁེ་ཕན་སྲུང་སྐྱོང་། གུང་གཞོན་སྡེ་ཚོགས་སྒྱུར་བཅོས་ཟབ་གཏོང་སོགས་ཀྱི་ཐད་ལས་དོན་འབོར་ཆེན་བསྒྲུབས་ནས་སྡེ་ཚོགས་ཀྱི་བསམ་པའི་ཉམས་འགྱུར་ལ་རྣམ་པ་གསར་པ་ཐོན་རྒྱུར་སྐུལ་འདེད་བཏང་ཡོད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནས་འགོ་བཙུགས་ཏེ་གཞོན་ནུའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་གཞོན་ནུའི་འཕེལ་རྒྱས་འཆར་འགོད་ཐོག་མ་བཏོན་པ། གུང་གཞོན་སྡེ་ཚོགས་སྒྱུར་བཅོས་ལ་བཀོད་སྒྲིག་བྱས་པ། གཞོན་ནུའི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་བ་བཅས་བྱས་ཡོད། ཏང་ཀྲུང་དབྱང་གིས་གཞོན་ནུའི་ལས་དོན་གྱི་འཐབ་ཇུས་གནས་བབ་དང་། ཀྲུང་གོའི་གཞོན་ནུའི་ལས་འགུལ་གྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོ། གཞོན་ནུའི་ལས་དོན་གྱི་འགན་འཁྲི་དང་ལས་འགན། གཞོན་རབས་བདེ་ཐང་ངང་འཚར་ལོངས་ཡོང་བའི་ཡང་དག་ལམ་བུ། གཞོན་ནུའི་ལས་དོན་གྱི་ཐབས་ལམ་དང་བྱེད་ཐབས། གུང་གཞོན་སྡེ་ཚོགས་སྒྱུར་བཅོས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་བཅས་ཁ་གསལ་དུ་བཏང་བ་དང་སྦྲགས། ཏང་གིས་གཞོན་ནུའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ངེས་པར་དུ་ཤུགས་སྣོན་རྒྱག་དགོས་པ་ཡང་ཁ་གསལ་དུ་བཏང་བ་རེད། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་རྒྱུ་རྩ་བའི་ལས་འགན་དུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་རྒྱ་ཆེའི་གཞོན་ནུ་ཚོས་རང་འགུལ་ངང་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་དོན་གཉེར་བྱ་ཆེད་འབད་འཐབ་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དང་། ཏང་གིས་སྲིད་སྐྱོང་བའི་གཞོན་ནུ་མང་ཚོགས་ཀྱི་རྨང་གཞི་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་ཉིད་ཆབ་སྲིད་ཀྱི་འགན་འཁྲིར་བརྩི་བ་དང་། གཞོན་ནུ་མང་ཆེ་ཤོས་ཏང་གི་མཐའ་འཁོར་དུ་གོང་བུ་གཅིག་སྒྲིལ་ཐུབ་པ་བྱེད་པ། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཉིད་ལས་ཀའི་གཙོ་རྐང་དུ་བྱེད་པ། རྒྱ་ཆེའི་གཞོན་ནུས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་སྟོབས་གསར་དམག་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུར་རྒྱ་ཁྱབ་ངང་སྒྲིག་འཛུགས་དང་སྐུལ་སློང་བཅས་བྱེད་དགོས།

ཞི་ཅིན་ཕིང་གིས་གསུངས་དོན། གུང་གཞོན་སྡེ་ཚོགས་ནི་ཏང་གི་རམ་འདེགས་པ་དང་རྗེས་གྲབས་དམག་ཡིན། དེ་ཐོག་ནས་རང་རེའི་ཏང་གིས་གུང་གཞོན་སྡེ་ཚོགས་ལ་ཡིད་ཆེས་ཆེན་པོ་དང་རེ་བ་ཆེན་པོ་བྱེད་ལུགས་མཚོན་ཐུབ། སྡེ་ཚོགས་ཀྱི་ལས་དོན་མཐའ་དག་ཡག་པོ་སྒྲུབ་པའི་དམིགས་ཡུལ་གཙོ་བོ་ནི་རམ་འདེགས་པ་དང་རྗེས་གྲབས་དམག་ཡག་པོ་བྱ་རྒྱུ་དེ་ཡིན། དེའི་འགག་རྩ་ནི་རྩ་བའི་རང་བཞིན་གྱི་གནད་དོན་གསུམ་ལ་དམ་འཛིན་བྱེད་དགོས་པ་སྟེ། ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་རྒྱུ་དེ་ཉིད་རྩ་བའི་ལས་འགན་དུ་བརྩི་རྒྱུ་དང་། ཏང་གིས་སྲིད་སྐྱོང་བའི་གཞོན་ནུ་མང་ཚོགས་ཀྱི་རྨང་གཞི་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་ཉིད་ཆབ་སྲིད་ཀྱི་འགན་འཁྲིར་བརྩི་རྒྱུ། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཉིད་ལས་ཀའི་གཙོ་རྐང་དུ་བརྩི་རྒྱུ་བཅས་རེད། གཞོན་ནུར་ཆབ་སྲིད་ཀྱི་ཐོག་ནས་སྣེ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཏང་དར་གྱི་ཕྱོགས་ས་ནི་གུང་གཞོན་སྡེ་ཚོགས་ཀྱི་དར་ཆའི་ཕྱོགས་ས་ཡིན་དགོས། རྒྱ་ཆེའི་གཞོན་ནུའི་ཁྲོད་དུ་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པའི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་བཏང་ནས་རྒྱ་ཆེའི་གཞོན་ནུས་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ཀྱིས་གནད་དོན་ལ་ལྟ་ཞིབ་དང་དབྱེ་ཞིབ་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། ཡང་དག་གི་ཆབ་སྲིད་ཁ་ཕྱོགས་བརྟན་དུ་གཏོང་བ་དང་། འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་ཆེ་རུ་གཏོང་བ། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་མི་ཚེའི་དམིགས་འདུན་བརྟན་དུ་གཏོང་བ་བཅས་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ཟབ་གཏོང་བཀོད་སྒྲིག་བྱེད་སྐབས་མང་ཚོགས་རང་བཞིན་གྱི་ཚོགས་པའི་རྩ་འཛུགས་སྒྱུར་བཅོས་ཟབ་གཏོང་ཐད་ཀྱང་བླང་བྱ་གསར་པ་བཏོན་ཡོད། གུང་གཞོན་སྡེ་ཚོགས་ནི་ཏང་གིས་གཞོན་ནུ་མང་ཚོགས་ལ་འབྲེལ་བ་བྱེད་པའི་འབྲེལ་ཟམ་དང་འབྲེལ་ཐག་ལྟ་བུ་ཡིན་པས། འགན་འཁྲིའི་ཚུགས་གནས་དེར་དམ་པོར་དམིགས་ཏེ་སྒྱུར་བཅོས་ལ་ཇུས་འགོད་བྱེད་པ་དང་། ཐབས་ཤེས་ནུས་ལྡན་སྤྱོད་པ་དང་བྱ་ཐབས་དངོས་འདོན་པ། གནད་དོན་ལ་གཡོ་ཟོལ་མི་བྱེད་པ་དང་གནད་དོན་སྦ་གསང་མི་བྱེད་པ། རྣག་ཐོག་གཙག་འཁེལ་དང་རུས་འབྲད་དུག་སེལ་བཅས་བྱས་ནས་བསམ་བློ་དང་། ལས་དོན། ལམ་ལུགས་བཅས་ཀྱིས་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། གཞི་རིམ་ལ་དམ་འཛིན་ཆེན་པོ་བྱེད་པའི་སྟོན་ཕྱོགས་ཁ་གསལ་འཛུགས་པ་དང་། སྒྱུར་བཅོས་ཀྱི་བྱ་ཐབས་གཞི་རིམ་དུ་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་བཏང་ནས་གཞི་རིམ་དངོས་འབྲེལ་སྟོབས་ཆེན་ཡོང་བར་བྱེད་དགོས།

ཞི་ཅིན་ཕིང་གིས་གསུངས་དོན། གུང་གཞོན་སྡེ་ཚོགས་ནན་པོས་སྐྱོང་བའི་བླང་བྱ་དོན་འཁྱོལ་ཏན་ཏིག་བྱེད་དགོས། ཆབ་སྲིད་ཐོག་དེ་བས་ནན་པོ་བྱེད་པ་དང་། ཆབ་སྲིད་འཛུགས་སྐྱོང་གཅིག་འདོམས་སུ་མཐའ་འཁྱོངས་ཀྱིས་གུང་གཞོན་སྡེ་ཚོགས་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”ཆེ་རུ་གཏོང་བ་བཅས་བྱས་ནས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོང་དང་དར་ཆ་གསལ་སྟོན་གྱིས་ཚུལ་མིན་སྤྱོད་ཚུལ་སྣ་ཚོགས་གཏན་འགོག་བྱས་ཏེ། སྤྱོད་གཙང་གཞུང་དྲང་དང་གཟུགས་བརྙན་བཟང་པོ་རྒྱུན་འཁྱོངས་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གཞོན་ནུའི་ལས་དོན་སྒྲུབ་པར་ད་ལྟ་ནས་དམ་འཛིན་བྱེད་དགོས། རྒྱུན་འཛིན་བྱེད་པ་ནི་སྲོག་རྩ་དང་ཁ་ཕྱོགས་ས་ནི་འབྱུང་འགྱུར་ཡིན་པས། དེ་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ལ་འབྲེལ་བ་ཡོད། རིམ་ཁག་ཏང་ཨུད་ཀྱིས་གཞོན་ནུ་ལོ་ཆུང་གི་འཚར་ལོངས་ལ་དོ་སྣང་དང་དོ་ཁུར་བྱས་ཏེ་ཁོ་ཚོ་འཇོན་ཐང་ཅན་དུ་འགྱུར་བ་དང་འཇོན་ཐང་ངོམས་རྒྱུར་ཆ་རྐྱེན་བཟང་པོ་གཏོད་དགོས། ལྷག་དོན་དུ་རིམ་ཁག་ཏང་ཨུད་ཀྱིས་སེམས་ནུས་ཆེན་པོ་བཏོན་ནས་གཞོན་ནུའི་ལས་དོན་ལ་དམ་འཛིན་དང་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་ལ་དམ་འཛིན་བྱས་ཏེ་འགོ་ཁྲིད་ཀྱི་འགན་འཁྲི་ཧུར་ཐག་འཁུར་དགོས།