༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

རྒྱུན་འཛིན་དང་གསར་གཏོད།

来源:བོད་ལྗོངས་ཉིན་རེའི་ཚགས་པར།2018-06-02 12:04:33 查看数0


ལོ་༦༣ཡིན་པའི་ཐན་ཞང་ཀོང་ནི་ཀོང་ཤིས་པིན་དབྱང་རྫོང་དུ་སྐྱེས་ཤིང་། གཟེངས་སུ་ཐོན་པའི་ངལ་རྩོལ་དང་ལག་རྩལ་ལ་བརྟེན་ནས“འཁལ་འཐག་བུད་མེད”ཕུལ་བྱུང་དུ་གྱུར་པ་མ་ཟད། ཀྲུང་གོའི་བཟོ་རྩལ་མཛེས་རྩལ་མཁས་དབང་སོགས་ཀྱི་མཚན་སྙན་ཡང་ཐོབ་མྱོང་།

རྒན་ཡོལ་ཞུས་རྗེས། ཁོང་ཀོང་ཤིས་བཟོ་རྩལ་མཛེས་རྩལ་ཞིབ་འཇུག་སུའོ་རུ་གདན་དྲངས་ཏེ་ཀྲོང་རིགས་ཀྱི་གོས་ཆེན་བཟོ་རྩལ་རྣམ་གྲངས་ཀྱི་འགན་ཁུར་བར་གྱུར་པ་དང་། ཀྲོང་རིགས་ཀྱི་གོས་ཆེན་ཐོན་སྐྱེད་འཕྲུལ་ཆས་ཅན་དང་ཐོན་ཟོག་ཞིབ་སྤེལ་ལ་ཞིབ་འཇུག་བྱས་པ་རེད། ཁོང་གིས་ཇུས་འགོད་ཚོགས་པའི་སྣེ་ཁྲིད་ནས་གསར་སྤེལ་བྱས་པའི་ཀྲོང་རིགས་ཀྱི་གོས་ཆེན་བཟོ་རྩལ་ཐོན་ཟོག་སྔར་བས་ཇེ་མང་དུ་སོང་ཡོད། ཐན་ཞང་ཀོང་གིས་སྤྱིར་ན་རང་ཉིད་ཀྱིས་ཉིན་ལྟར་ཀྲོང་རིགས་ཀྱི་གོས་ཆེན་འཐག་མི་ཐུབ་ནའང་ཀྲོང་རིགས་ཀྱི་གོས་ཆེན་རིག་གནས་དང་བཟོ་རྩལ་རྒྱུན་འཛིན་ཡག་པོ་བྱ་ཕྱིར་ན་གཞོན་དགེ་ཕྲུག་བསྡུས་ནས་བཟོ་རྩལ་ལག་རྩལ་སློབ་ཀྱི་ཡོད་ཅེས་བཤད།

↑ འདི་ནི་ཐན་ཞང་ཀོང(གཡས)གིས་ལས་དོན་ཁང་དུ་སློབ་མར་ཀྲོང་རིགས་ཀྱི་གོས་ཆེན་ཐོན་ཟོག་ཇུས་འགོད་ལ་མཛུབ་ཁྲིད་བྱེད་བཞིན་པ།

→ འདི་ནི་ཐན་ཞང་ཀོང་གིས་ཀོང་ཤིས་བཟོ་རྩལ་མཛེས་རྩལ་ཞིབ་འཇུག་སུའོ་ཡི་འཁལ་འཐག་ཁང་དུ་གོས་ཆེན་འཐག་བཞིན་པ།

← འདི་ནི་ཐན་ཞང་ཀོང་གིས་ལས་དོན་ཁང་དུ་སྲོལ་རྒྱུན་ཐགས་ཁྲིར་བརྟེན་ནས་གོས་ཆེན་འཐག་བཞིན་པ།