༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ལིས་ཀྲན་ཧྲུའུ་ཡིས་ཧི་ནན་ནས་མཁའ་དབུགས་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་གཟིགས་ཞིབ་མཛད་པ།

来源:མཚོ་སྔོན་བོད་སྐད་རླུང་འཕྲིན།2018-05-31 15:28:03 查看数0

ab163ec370cee3c155e217f373c537d9.jpg

ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཧི་ནན་ནས་མཁའ་དབུགས་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་གཟིགས་ཞིབ་མཛད།

d13d793d7a3061f0266831eee21870a1.jpg

ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཧི་ནན་ནས་མཁའ་དབུགས་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་གཟིགས་ཞིབ་མཛད།

ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་ཚན་ཆུང་ཁྲིད་དེ་ཧི་ནན་ནས་མཁའ་དབུགས་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་གཟིགས་ཞིབ་མཛད། གཟིགས་ཞིབ་གནང་སྐབས་ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་གསུངས་རྒྱུར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཁྱད་པར་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་སྐོར་གྱི་དགོངས་པར་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ནས། མཁའ་དབུགས་བཙོག་བཟོ་བཅའ་ཁྲིམས་ཁྱོན་ཡོངས་དང་ནུས་ཡོད་སྒོས་ལག་བསྟར་བྱེད་པ་དང་། ཁྲིམས་ལུགས་ཀྱི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ། ཁྲིམས་ལྟར་རྩ་ལག་མཉམ་བཅོས་བྱེད་པ། བཅའ་ཁྲིམས་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པ་བཅས་བྱས་ཏེ། མཁའ་དབུགས་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་དགོས་ཟེར།

རྣོ་ལྕགས་དང་རྫས་འགྱུར་བཟོ་ལས། གློག་ཤུགས། འཕྲུལ་ཆས་བཟོ་སྐྲུན། རྒྱུ་ཆ་གསར་བ་བཅས་ཁེ་ལས་སུ། ལིས་ཀྲན་ཧྲུའུ་ཡིས་མཁའ་དབུགས་བཙོག་བཟོ་དང་ལྟ་ཞིབ་སྒྲིག་ཆས་ལ་ཞིབ་བཤེར་དང་། ཁེ་ལས་ཀྱི་ལག་རྩལ་བསྒྱུར་བཀོད་གནས་ཚུལ་ལ་རྒྱུས་ལོན་མཛད། ཁོང་གིས་བཙོག་བཟོ་འགོག་བཅོས་བྱེད་དགོས་ན་ངེས་པར་དུ་འགོ་ཁུངས་ནས་འགོག་བཅོས་བྱེད་པར་གཙིགས་འཛིན་བྱེད་དགོས། ཁེ་ལས་ཀྱི་གཙོ་གཞི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་། ཁེ་ལས་ཀྱིས་ཁྲིམས་ལྟར་ཐོན་སྐྱེད་བྱེད་པ་དང་། ཚད་གཞི་ལྟར་བཙོག་རྫས་ཕྱིར་འབུད་པ། མྱུར་དུ་ཚུལ་སྒྱུར་རིམ་སྤོར་བྱེད་པ། ལྗང་མདོག་གི་འཕེལ་རྒྱས་མངོན་འགྱུར་བྱེད་པ་བཅས་ལ་སྐུལ་འདེད་གཏོང་དགོས། ལྟ་སྐུལ་དོ་དམ་གྱི་ཤུགས་ཚད་ཇེ་ཆེར་བཏང་སྟེ། ཚད་གཞིར་བསླེབས་མེད་པའི་ཁེ་ལས་ངེས་པར་དུ་དག་ཐེར་བཅོས་སྐྱོང་དང་ཐོན་སྐྱེད་བྱེད་མཚམས་འཇོག་དགོས་ཞེས་ནན་གྱིས་བསྟན།

ལིས་ཀྲན་ཧྲུའུ་ཡིས་སོ་སོར་གྲོས་ཚོགས་ལ་འགོ་འཛིན་མཛད་དེ་རིམ་པ་ལྔའི་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་མང་ཚོགས་ཀྱི་འཐུས་མི་དང་བཞུགས་མོལ་མཛད་པ་དང་། ཧི་ནན་ཞིང་ཆེན་གྱི་འབྲེལ་ཡོད་ཕྱོགས་ཀྱི་གནས་ཚུལ་ཡར་ཞུ་ལ་ཉན་པར་མ་ཟད། ཧི་ནན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས་སུ་ཕེབས་ཏེ་ལས་བྱེད་མི་སྣར་འཚམས་འདྲི་མཛད། ཁོང་གིས་གསུངས་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་སྐུལ་འདེད་བཏང་ནས། ལོ་རྒྱུས་རང་བཞིན་དང་ཁ་ཕྱོགས་འགྱུར་བའི་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་བར་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དགོངས་པ་ཆགས་པར་བྱས། རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་དང་སྤྱི་ཚོགས་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་དགོངས་པར་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་བྱ་བ་ངེས་པར་དུ་ལེགས་སྒྲུབ་བྱེད་དགོས་ཟེར།

ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་རེ་བ་དང་བཅའ་ཁྲིམས་ཀྱི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། སྟོབས་ཤུགས་ཡོད་རྒུ་བཏོན་ནས་དཔལ་འབྱོར་དང་ཐོན་ལས། ནུས་ཁུངས། སྐྱེལ་འདྲེན་བཅས་ཀྱི་སྒྲིག་གཞི་ལེགས་སྒྲིག་བྱེད་དགོས། རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་གྱིས་འགན་ནུས་འདོན་སྤེལ་བྱས་ནས། བཅའ་ཁྲིམས་དང་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ་དང་། ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་བཏང་སྟེ། མཁའ་དབུགས་འགོག་བཅོས་བྱ་བར་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།   །