༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ཧན་ཀྲིན་གྱིས་པེ་ཅིན་གྲོང་ཁྱེར་ཐུང་ཀྲིག་ཆུའུ་ལ་གཟིགས་ཞིབ་གནང་བ།

来源:མཚོ་སྔོན་བོད་སྐད་རླུང་འཕྲིན།2018-05-31 15:27:48 查看数0

5f039e4e7a7ebb5c295643b75b7cec51.jpg

ཟླ་ལྔ་བའི་ཚེས་ཉེར་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིན་གྲོང་ཁྱེར་ཐུང་ཀྲིག་ཆུའུ་ནས་པེ་ཅིན་གྲོང་ཁྱེར་ལྟེ་གནས་ཕལ་བ་ཇུས་འགོད་དང་འཛུགས་སྐྲུན་བྱེད་པའི་བྱ་བར་གཟིགས་ཞིབ་མཛད།

 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཚེས་ཉེར་བརྒྱད་ཉིན་པེ་ཅིན་གྲོང་ཁྱེར་ཐུང་ཀྲིག་ཆུའུ་ནས་པེ་ཅིན་གྲོང་ཁྱེར་ལྟེ་གནས་ཕལ་བ་ཇུས་འགོད་དང་འཛུགས་སྐྲུན་བྱེད་པའི་བྱ་བར་གཟིགས་ཞིབ་མཛད། ཧན་ཀྲིན་པེ་ཅིན་གྲོང་ཁྱེར་ལྟེ་གནས་ཕལ་བ་ཇུས་འགོད་བྱེད་པའི་འགྲེམ་སྟོན་ཁང་དུ་ཕེབས་ཏེ། ལྟེ་གནས་ཕལ་བ་ཇུས་འགོད་དང་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། གྲོང་ཁྱེར་ལྟེ་གནས་ཕལ་བའི་ལོ་རྒྱུས་དང་རིག་གནས། ལྗང་སྒྱུར་སོགས་ཀྱི་གནས་ཚུལ་ཡར་ཞུ་ལ་ཉན་པ། མིས་བཟོས་གཙང་བོ་འགྲམ་གཉིས་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་གནས་ཚུལ་ལ་ལྟ་ཞིབ་བྱས་པར་མ་ཟད། བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད་དེ་པེ་ཅིན་གྲོང་ཁྱེར་དང་འབྲེལ་ཡོད་ལས་ཁུངས་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན་པ་དང་། གོ་རིམ་རྗེས་མའི་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཧན་ཀྲིན་གྱིས་བཤད་རྒྱུར། པེ་ཅིན་གྲོང་ཁྱེར་ལྟེ་གནས་ཕལ་བ་འཛུགས་སྐྲུན་བྱེད་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན་ལ། པེ་ཅིན་གྱི་རྒྱལ་ས་ལས་འདས་པའི་ནུས་པ་ཇེ་ལྷོད་དུ་གཏོང་བ་དང་། པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་བྱེད་ཐབས་གལ་ཆེན་ཞིག་ཡིན་པར་མ་ཟད། སྟོང་ལོའི་ཇུས་ཆེན་དང་རྒྱལ་ཁབ་ཀྱི་དོན་ཆེན་ཡང་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟང་སྟེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ནས། འཛམ་གླིང་གི་མིག་རྒྱ་དང་རྒྱལ་སྤྱིའི་ཚད་གཞི། ཀྲུང་གོའི་ཁྱད་ཆོས། གཏན་གནས་མཐོ་ཤས་བཅས་ཀྱི་རེ་བ་ལྟར། པེ་ཅིན་གྲོང་ཁྱེར་ལྟེ་གནས་ཕལ་བ་འཛུགས་སྐྲུན་དང་དོ་དམ་བཟང་བོ་བྱེད་དགོས་ཟེར།