༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་བྱེད་རྒྱུ་དམ་འཛིན་བྱས་ནས་གོ་ཧྲག་དམག་འཐབ་སྟོབས་ཤུགས་ནུས་ཤུགས་གཅིག་སྡུད་ཀྱིས་འཛུགས་སྐྱོང་བྱེད་དགོས།

来源:2018-01-05 11:08:51 查看数0

ཞི་ཅིན་ཕིང་གིས་དབུས་རྒྱུད་འཐབ་ཁུལ་སྐམ་དམག་གི་ཧྲི་ཤོག་ག་གེ་མོ་ཞིག་ལ་གཟིགས་ཞིབ་གནང་སྐབས་དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་བྱེད་རྒྱུ་དམ་འཛིན་བྱས་ནས་གོ་ཧྲག་དམག་འཐབ་སྟོབས་ཤུགས་ནུས་ཤུགས་གཅིག་སྡུད་ཀྱིས་འཛུགས་སྐྱོང་བྱེད་དགོས་ཞེས་ནན་སྟོན་གནང་བ།

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༣ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུས་རྒྱུད་འཐབ་ཁུལ་སྐམ་དམག་ཧྲི་ཤོག་ག་གེ་མོ་ཞིག་ལ་གཟིགས་ཞིབ་གནང་སྐབས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེ་གཏོང་བའི་བསམ་བློ་ལག་བསྟར་བྱས་ནས། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་དམ་འཛིན་བྱེད་དགོས་པ་དང་། གྲངས་གཞི་ཅན་གྱི་དམག་དཔུང་འཛུགས་སྐྱོང་དོ་དམ་གཡུལ་འགྱེད་བཀོལ་སྤྱོད་གསར་གཏོད་བྱེད་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས། ནུས་ཤུགས་གཅིག་སྡུད་ཀྱིས་གོ་ཧྲག་དམག་འཐབ་སྟོབས་ཤུགས་འཛུགས་སྐྱོང་བྱེད་དགོས་ཞེས་ནན་སྟོན་གནང་བ་དང་། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས། བཅིངས་འགྲོལ་དམག་གི་བཀོད་འཐབ་པ་ཡོངས་དང་། དྲག་ཆས་དཔུང་སྡེའི་དཔོན་དམག ཡུལ་དམག་དང་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ལ་གནམ་ལོ་གསར་ཚེས་ཀྱི་སྨོན་འདུན་ཞུས་གནང་ཡོད་པ་རེད།

གནམ་ལོ་གསར་པ་ཤར་བའི་སྐབས་འདིར། ཡན་ཀྲའོ་ས་གཞི་ཆེན་པོར་སྐྱེ་སྟོབས་ཀྱི་དཔལ་རྒྱས་ཤིང་། སྤྱི་ཚེས་༣ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠དང་སྐར་མ་༣༠ཙམ་ལ། ཞི་ཅིན་ཕིང་དབུས་རྒྱུད་སྐམ་དམག་གི་ཧྲི་ཤོག་ག་གེ་མོ་ཞིག་ལ་ཕེབས་ཡོད་པ་རེད། ཁོང་གིས་ཐོག་མར་དམག་དཔུང་གི་གོ་མཚོན་སྒྲིག་ཆས་ལ་གཟིགས་ཞིབ་གནང་ཡོད་པ་རེད། རྫིག་ཉམས་ལྡན་པའི་གྲངས་གཞི་ཅན་གྱི་གོ་མཚོན་བཅུ་ཕྲག་གྲལ་བསྟར་འགྲིག་པོས་བསྒྲིགས་པ་དང་། ཞི་ཅིན་ཕིང་གིས་ཕེབས་ཞོར་གཟིགས་ཞོར་གནང་བ་དང་། འདྲི་རྟོགས་ཡང་སེ་གནང་ཡོད་པ་རེད། ས་ངོས་འཕྲལ་རྒོལ་མ་ལག་གི་གོ་མཚོན་མདུན་དུ། ཞི་ཅིན་ཕིང་ཐུགས་སྣང་གཤིན་པོའི་ངང་༩༩Aརྟགས་ཅན་གྱི་ཐན་ཁེའི་ཐོག་འཛེགས་གནང་ཡོད་པ་རེད། དེ་ནི་རང་རྒྱལ་གྱིས་ཞིབ་བཟོ་བྱས་པའི་ཐོན་གསར་པའི་གཡུལ་ས་གཙོ་བོའི་ཐན་ཁེ་ཡིན་ཞིང་། ༼སྐམ་འཐབ་དབང་པོ་༽ཞེས་པའི་མཚན་སྙན་ཡོད་པ་རེད། མདེལ་ཤུགས་རྡུང་རྡེག་གོ་མཚོན་མདུན་དུ། ཞི་ཅིན་ཕིང་གིས་གོ་མཚོན་གྱི་འཐབ་རྩལ་ནུས་པ་མཁྱེན་རྟོགས་ཞིབ་ཕྲ་གནང་ཡོད་པ་རེད། ཞི་ཅིན་ཕིང་གིས། ཚན་རྩལ་གསར་གཏོད་ཀྱི་འགག་རྩ་དེ་དམ་འཛིན་བྱས་ནས། དམག་དཔུང་གི་ཚན་རྩལ་འདུས་ཚད་གློད་འགྲོལ་གང་ཐུབ་བྱེད་དགོས་པ་དང་། ཚན་རྩལ་བཟང་ཆ་དེ་ནུས་ཤུགས་བཟང་ཆ་དང་། གཡུལ་འགྱེད་བཟང་ཆར་བསྒྱུར་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

དེ་རྗེས་ཞི་ཅིན་ཕིང་མྱུལ་ཞིབ་གསང་འཕྲིན་རུ་ཤོག་གི་སྦྱོང་བརྡར་ར་བར་ཕེབས་ཡོད་པ་རེད། རུ་ཤོག་དེའི་མྱུལ་ཞིབ་བརྒྱ་ཤོག་གཉིས་པ་ནི་མྱུལ་ཞིབ་དཔའ་བོ་ཡང་ཙེ་རུང་སྐུ་འཚོ་བཞུགས་སྐབས་ཀྱི་བརྒྱ་ཤོག་ཡིན་ཞིང་། ཀྲུང་དབྱང་དམག་ཨུད་ནས་༼དཔའ་བོའི་མྱུལ་ཞིབ་བརྒྱ་ཤོག་༽ཅེས་པའི་གཟི་བརྗིད་མཚན་སྙན་སྤྲད་ཡོད་པ་རེད། ཞི་ཅིན་ཕིང་གིས་འཐབ་རྒོལ་རྒྱག་མཁན་གྱིས་འཛིང་རགས་བཟོ་བ་དང་ལད་ཟློས་སྦྱོང་བརྡར་བྱེད་ཚུལ་ལ་ཞིབ་ཕྲ་གཟིགས་པ་དང་། གྲངས་གཞི་ཅན་གྱི་དམག་མིའི་གཡུལ་འཐབ་མ་ལག་གནས་ཚུལ་འདྲི་རྟོགས་གནང་ཡོད་པ་རེད། མྱུལ་ཞིབ་དམག་མི་དཔའ་ངར་དོད་པ་དང་། སྦྱོང་བརྡར་བྱང་ཆུབ་པ་གཟིགས་སྐབས་ཞི་ཅིན་ཕིང་གིས་དགྱེས་ཚོར་ཆེན་པོ་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས་དམག་དཔུང་ནང་གསར་དུ་ཞུགས་མཁན་འཐབ་འཛིང་པར་ཐུགས་ཁུར་ཆེན་པོ་གནང་གི་ཡོད་པ་རེད། སྦྱོང་བརྡར་ར་བར། བརྒྱ་ཤོག་གཉིས་པའི་འཐབ་འཛིང་པ་གསར་པས་མྱུལ་ཞིབ་འཛིང་རས་རྩལ་ནུས་སྦྱོང་བརྡར་བྱེད་བཞིན་ཡོད་ཅིང་། ཞི་ཅིན་ཕིང་གིས་ཁོང་ཚོ་དང་བྱམས་བརྩེའི་བཀའ་མོལ་གནང་བ་དང་། འབྲེལ་ཡོད་གནས་ཚུལ་འདྲི་རྟོགས་ཞིབ་ཕྲ་གནང་ཡོད་པ་རེད། འཐབ་འཛིང་པ་ཚོས་ཞི་ཀྲུའུ་ཞི་དང་ལྷན་དུ་སྐུ་པར་བསྐྱོན་རོགས་ཞུས་པར། ཞི་ཅིན་ཕིང་གིས་དགྱེས་ཚོར་ཆེན་པོས་ཁོང་ཚོ་ཚུར་སྐོང་གནང་བ་དང་། ཚང་མ་ཞི་ཅིན་ཕིང་གི་སྐུ་འགྲམ་དུ་ལངས་ནས་བདེ་སྐྱིད་དང་དགའ་སྤྲོའི་མཛུམ་མདངས་ཀྱིས་ཁེངས་ཡོད་པ་རེད།

ཕྱི་དྲོའི་ཆུ་ཚོད་གསུམ་པ་ཙམ་ལ་ཞི་ཅིན་ཕིང་ལད་ཟློས་སྦྱོར་བརྡར་ལྟེ་གནས་སུ་ཕེབས་ཏེ་ཧྲི་ཤོག་ལས་ཁུངས་ཀྱི་ལས་བྱེད་པ་ཡོངས་དང་དེའི་ཁོངས་སུ་གཏོགས་པའི་དཔུང་སྡེའི་མདའ་ཤོག་ཡན་གྱི་ལས་བྱེད་པ་དང་མཇལ་འཕྲད་གནང་བ་དང་། ཚང་མ་དང་མཛའ་བརྩེའི་ཕྱག་གཏོང་གནང་མཛད་པ་མ་ཟད། མཉམ་ཞུགས་འདྲ་པར་སྐྱོན་གནང་བ་རེད། དེ་རྗེས་ཞི་ཅིན་ཕིང་གིས་གིས་ཧྲི་ཤོག་གི་ལོ་རྒྱུས་ཡིག་ཚགས་ཁང་ལ་གཟིགས་སྐོར་གནང་བ་རེད། པར་རིས་རེ་རེ་དང་ཅ་དངོས་རེ་རེའི་མདུན་དུ་ཞི་ཅིན་ཕིང་གིས་ཞིབ་ཕྲའི་ངང་གཟིགས་གནང་མཛད་པ་རེད། ཧྲི་ཤོག་དེས་ཨར་འགོག་ཁྲའོ་རོགས་གི་དམག་འཐབ་རིང་ལ་སུང་ཀུའུ་རི་རྩེར་དམག་འཐབ་དྲག་པོ་བརྒྱབ་པའི་གནས་ཚུལ་མཚོན་པའི་འགྲེམ་རིས་ཀྱི་མདུན་དུ་ཞི་ཅིན་ཕིང་གིས་ཚོར་སྣང་ཟབ་མོའི་སྒོ་ནས་དམག་འཐབ་འདི་ནི་ཧ་ཅང་དྲག་པ་དང་དཔོན་དམག་ཚོའི་སྤྱོད་ཚུལ་ནི་དཔའ་ངར་ཞུམ་པ་མེད་པ་ཞིག་ཡིན། རང་དམག་ནི་གནའ་ནས་བཟུང་དམག་འཐབ་རྒྱག་པར་ཞུམ་པ་མེད་པ་ཞིག་ཡིན་པ་དང་། དེ་སྔ་དཔའ་ངར་ཆེ་ཡང་མཚོན་ཆ་ཞན་ཙམ་ཡིན། ད་ཆ་ནི་མཚོན་ཆ་འདང་ངེས་ཡོད་ལ་དཔའ་ངར་ཡང་དེ་བས་ཆེ་བ་ཡོད་པ་དང་། གཡུལ་འགྱེད་ཀྱི་རྩལ་ནུས་ནི་དེ་བས་རྩེར་སོན་ཞིག་ཡིན་ཞེས་གསུངས་པ་རེད།

དེ་རྗེས་ཞི་ཅིན་ཕིང་གིས་ཧྲི་ཤོག་དེའི་ལས་དོན་གནས་ཚུལ་སྙན་ཞུ་གསན་པ་མ་ཟད་གལ་ཆེའི་གསུང་བཤད་གནང་བ་རེད། ཁོང་གིས། དམག་སྦྱོང་དམག་གྲབ་ཀྱི་ནུས་པ་ཆེ་རུ་གཏོང་དགོས་པ་དང་། སེམས་ནུས་ཡོད་ཚད་གཡུ་འགྱེད་ཀྱི་ཐོག་ཏུ་གཅིག་སྡུད་བྱེད་དགོས་པ་དང་། ལས་དོན་ཁག་གཡུལ་འགྱེད་ཀྱི་ནུས་ཤུགས་ཐོག་ཏུ་འཇོག་དགོས། གྲངས་གཞི་ཅན་གྱི་དཔུང་སྡེའི་གཡུ་འགྱེད་ནུས་པར་ཤུགས་སྣོན་དང་། མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དང་གཅིག་གྱུར་འཆར་འགོད་ཀྱི་སྟོབས་ཤུགས་ཁག་དང་། མ་ལག་ཁག རིགས་ཁག་གི་དགོས་ངེས་བཅས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན། ཆ་འཕྲིན་མ་ལག་དང་གཡུལ་འགྱེད་གྲངས་གཞི་འཛུགས་སྐྱོང་ལ་ཤུགས་སྣོན་བཅས་བརྒྱབ་སྟེ། མ་ལག་གྲུབ་པའི་གཡུ་འགྱེད་ཀྱི་ནུས་པར་འགན་ལེན་ཏན་ཏིག་བྱེད་དགོས་པ་དང་། དམག་ཡོངས་ཀྱི་མཉམ་འབྲེལ་གཡུལ་འགྱེད་མ་ལག་ནང་མཉམ་འདྲེས་ཐུབ་རྒྱུར་ཕན་ཚུན་མཐུན་སྦྱོར་བྱེད་དགོས། བསྒྱུར་བཅོས་གསར་གཏོད་ལ་ཤུགས་སྣོན་རྒྱག་རྒྱུ་དང་། གྲུབ་ཆ་ལེགས་འགྱུར། ཚན་རྩལ་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱག་པ། དཔོན་དམག་གི་ཚན་རྩལ་བྱང་ཚད་ལ་ཤུགས་སྣོན་རྒྱག་པ། ཧུར་བརྩོན་ཆེན་པོས་གསར་གཏོད་རྣམ་པའི་མི་དམངས་དམག་དཔུང་གི་དོན་དངོས་འཚོལ་ཞིབ་ལ་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་འགན་ལེན་ཐུབ་ཤུགས་ཆེ་རུ་བཏང་སྟེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དམ་འཛིན་བྱེད་རྒྱུ་དང་། ཀུའུ་ཐེན་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་བསྟར་རྒྱུ། དུས་རབས་གསར་པའི་ཏང་གི་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལ་གཞིགས་ཏེ་རིམ་ཁག་ཏང་ཙུའུ་ཡི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དང་། གསར་བརྗེའི་གཞི་རྒྱུ་རྒྱུད་འཛིན་གྱིས་སྟོབས་ཆེའི་དམག་གི་འགན་འཁྲི་འཁུར་ཕོད་པའི་བརྗོད་བྱ་གཙོ་བོའི་སློབ་གསོ་སྤེལ་དགོས་པ། དཔུང་སྡེས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་རྒྱུར་འགན་ལེན་ཏན་ཏིག་བྱེད་དགོས། རིམ་ཁག་གིས་གྲངས་གཞི་ཅན་གྱི་དཔུང་སྡེའི་ཤེས་ལྡན་མི་སྣ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱེད་རྒྱུ་དང་། བྱང་ཚད་མཐོ་བའི་རྣམ་པ་གསར་པའི་དམག་དོན་ཤེས་ལྡན་མི་སྣ་ཁག་ཅིག་གསོ་སྐྱོང་བྱེད་དགོས། སྤྲོ་སེམས་འཁོལ་པོའི་སྒོ་ནས་དཔོན་དམག་ཚོར་དོན་དངོས་བསྒྲུབ་པ་དང་དཀའ་གནད་སེལ་ཏེ། གཞི་རིམ་དཔོན་དམག་གི་ཉེ་དྲུང་ཡོད་པའི་རུལ་སུངས་ཆུང་གྲས་དང་སྤྱོད་ཚུལ་ཡང་དག་མིན་རིགས་མཐའ་གཅིག་ཏུ་སེལ་ཐོག རྒྱ་ཆེའི་དཔོན་དམག་གི་ཧུར་སེམས་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སྤེལ་གང་ལེགས་བྱས་ནས། ཐུན་མོང་ཐོག་དཔུང་སྡེའི་འཛུགས་སྐྱོང་དེ་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཇི་ལེའང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ཝེ་ཕེང་ཧོ་དང་ལི་ཙུའོ་ཁྲེང་། མིའོ་ཧྭ། ཀྲང་ཧྲེང་རྨིན་བཅས་བྱེད་སྒོར་ཞུགས་ཡོད་པ་རེད།