༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

རྒྱལ་ཡོངས་ཀྱི་སྟོན་འབྲུ་ཉོ་སྒྲུབ་བྱེད་ཚད་ཏུན་དུང་ཕྱུར་༡ལྷག་ཟིན་པ།

来源:2017-12-23 13:06:37 查看数0

བྱང་ཤར་ས་ཁུལ་གྱི་ཨ་ཤོམ་དང་ཆུ་འབྲས་གཅིག་སྡུད་ཐོག་ཁྲོམ་རར་བཏོན་པ་དང་སྦྲགས་སྟོན་འབྲུ་ཉོ་སྒྲུབ་བྱེད་མང་ཤོས་དུས་སུ་སླེབས་པ་རེད། རྒྱལ་ཁབ་འབྲུ་རིགས་ཅུས་ཀྱི་གྲངས་གཞི་གསར་ཤོས་ལས་མངོན་པར། རྒྱལ་ཡོངས་ཀྱི་སྟོན་འབྲུ་ཉོ་སྒྲུབ་བྱེད་ཚད་ཕྱེད་ཀ་ལྷག་གྲུབ་ཡོད་པ་རེད། ༢༠༡༧ལོའི་ཟླ་༡༢ཚེས་༡༥ཉིན་གྱི་བར་ཐོན་ཁུལ་གཙོ་བོའི་འབྲུ་རིགས་ཁེ་ལས་སྣ་ཚོགས་ཀྱིས་རིམ་རྩིས་བྱས་ན་སྟོན་འབྲུ་ཉོ་སྒྲུབ་བྱེད་ཚད་ཏུན་དུང་ཕྱུར་༡ལྷག་ཟིན་ནས་ཏུན་ཁྲི་༡༠༠༩༣ཟིན་པ་དེ་དུས་མཚུངས་ལས་ཏུན་ཁྲི་༥༨༦མང་དུ་སོང་ཞིང་། སྔོན་དཔག་གི་ཉོ་སྒྲུབ་བྱེད་ཚད་ཀྱི་ཕྱེད་ཀ་ལྷག་གྲུབ་ཡོད་པ་རེད། སྤྱིའི་ཆ་ནས་བལྟས་ན་མིག་སྔར་རྒྱལ་ཡོངས་ཀྱི་སྟོན་འབྲུ་ཉོ་སྒྲུབ་ཁྲོམ་ར་བརྟན་པོ་དང་སྒྲིག་ལམ་བཟང་པོ་ཡོད་པ་དང་། འབྲུ་རིགས་གསོག་ཉར་ལམ་ལུགས་སྒྱུར་བཅོས་དང་རིན་གོང་གྲུབ་པའི་ལམ་སྲོལ་སྒྱུར་བཅོས་ལ་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།
      ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་སྟོན་འབྲུ་ཁྲོམ་རའི་ཁྱད་ཆོས་མངོན་གསལ་དོད་ཤོས་ནི་ཁྲོམ་ར་ཅན་གྱི་ཉོ་ཚོང་ཧ་ཅང་འཁྲུག་པོ་ཡོད་པ་དང་སྣ་མང་ཅན་གྱི་བྱེད་པོས་ཁྲོམ་རར་ཉོ་སྒྲུབ་བྱེད་ཚད་མཐོ་པོ་ཡོད་པ་དེ་རེད། ལྷག་དོན་དུ་བྱང་ཤར་ཁུལ་གྱི་ཞིང་ཆེན་གསུམ་དང་ནང་སོག་རང་སྐྱོང་ལྗོངས་ཀྱི་ཨ་ཤོམ་ཁྲོམ་ར་ཅན་གྱི་ཉོ་སྒྲུབ་བྱ་རྒྱུར་ཁ་གསབ་སྤྲོད་པའི་ལམ་སྲོལ་ལག་ལེན་བསྟར་རྗེས་ཕྱོགས་གཅིག་ནས་ཨ་ཤོམ་གྱི་རིན་གོང་ཁྲོམ་ར་ནས་གྲུབ་པ་དང་ཁྲོམ་རའི་མཁོ་སྤྲོད་འབྲེལ་བ་མཚོན་པས་ཁྲོམ་རའི་བྱེད་པོ་སྣ་ཚོགས་ཀྱིས་རང་བརྟེན་ངང་ཁྲོམ་རའི་ཐོག་ནས་ཉོ་སྒྲུབ་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཨ་ཤོམ་ཐོན་སྐྱེད་བྱེད་མཁན་ལ་ཁ་གསབ་སྤྲོད་པའི་ལམ་ལུགས་བཙུགས་པས་ལེགས་ཆའི་ཐོན་ཁུལ་གྱི་ཨ་ཤོམ་འདེབས་འཛུགས་ཀྱི་ཕན་འབྲས་གཞི་རྩའི་ཆར་བརྟན་པོ་བྱུང་ཡོད། ལྷག་དོན་དུ་ཟླ་༡༡པའི་ཟླ་སྨད་ནས་བཟུང་བྱང་ཤར་གྱི་ལས་སྣོན་ཁེ་ལས་ཀྱི་ཨ་ཤོམ་ཉོ་སྒྲུབ་རིན་གོང་ཆེས་ཆེར་འཕར་བ་དང་། ཁེ་ལས་འགའ་ཤས་ཀྱིས་རིན་གོང་ཡང་སེ་སྤར་ཡོད། ཧེ་ལུང་ཅང་གི་ཀྲའོ་ཏུང་དང་། ཅི་ལིན་གྱི་སུང་ཡོན་དང་ཀུང་ཀྲུའུ་ལིང་། ལེའོ་ཉིང་གི་ཐེ་ལིང་སོགས་ས་ཁུལ་གྱི་ཨ་ཤོམ་ཉོ་སྒྲུབ་རིན་གོང་ཚང་མ་ལོ་གོང་མའི་དུས་མཚུངས་ལས་ཏུན་རེར་སྒོར་༨༠ནས་༡༥༠བར་མཐོ་རུ་སོང་ཡོད་པ་རེད།