༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས། 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་དོན་ཡོངས་བསྒྲགས་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》ལ་གྲོས་ཞིབ་བྱས་པ།

来源:ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ2017-12-02 11:17:04 查看数0

ཟླ་༡༡ཚེས་༣༠ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས《ཀྲུང་གོ་གུང་ཁྲན་ཏང་གི་ཏང་དོན་ཡོངས་བསྒྲགས་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》ལ་གྲོས་ཞིབ་བྱས་པ་དང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་ཏང་དོན་ཡོངས་བསྒྲགས་ལ་སྐུལ་འདེད་གཏོང་རྒྱུ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་ཡིན་པས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། ཏང་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། 《སྲོལ་ཡིག》བཟོས་ནས་བཏོན་པ་དེས་ཏང་དོན་ཡོངས་བསྒྲགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་པས། དེས་ཏང་དོན་ཡོངས་བསྒྲགས་ལས་དོན་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་ལ་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད་ཅེས་བསྟན་པ་རེད།

ཚོགས་འདུའི་ཐོག་ཏང་དོན་ཡོངས་བསྒྲགས་ཀྱི་ཆབ་སྲིད་རང་བཞིན་དང་སྲིད་ཇུས་རང་བཞིན་ཧ་ཅང་ཆེན་པོ་ཡིན་ཞིང་། ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ཏང་དོན་ཡོངས་བསྒྲགས་བྱ་རྒྱུ་དེ་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་རླབས་ཆེན་འདུ་འགོད་གསར་པ་ལག་ལེན་བསྟར་རྒྱུའི་ནང་བཞག་ནས་འཆར་འགོད་བྱེད་པ་དང་སྐུལ་འདེད་གཏོང་དགོས་པ་དང་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བའི་བླང་བྱ་ཏང་དོན་ཡོངས་བསྒྲགས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཁྱབ་པ་བྱེད་དགོས། དམངས་གཙོ་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་ཡོན་གྱི་དམངས་གཙོའི་ཁེ་དབང་འགན་ལེན་བྱེད་པ་དང་། ཏང་ཡོན་གྱི་གནས་ཚུལ་ཤེས་རྟོགས་བྱེད་དབང་དང་། ནང་ཞུགས་དབང་ཆ། འདེམས་བསྐོའི་དབང་ཆ། ལྟ་སྐུལ་དབང་ཆ་བཅས་དོན་འཁྱོལ་བྱེད་པ། དེ་བས་ལེགས་པའི་སྒོ་ནས་ཏང་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱེད་པ། ཏང་ཡོན་དང་མང་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་རྒྱག་པ་བཅས་བྱས་ཏེ་ཡོངས་བསྒྲགས་ཀྱི་སྒོ་ནས་དོན་འཁྱོལ་ལ་སྐུལ་འདེད་དང་། ལྟ་སྐུལ་ལ་སྐུལ་འདེད། སྒྱུར་བཅོས་ལ་སྐུལ་འདེད་བཅས་གཏོང་ཐུབ་པ་བྱེད་དགོས། ཧུར་བརྩོན་གཟབ་ནན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ་རིམ་པ་ཁག་དང་ཁྱབ་ཁོངས་ཁག་གི་ཏང་དོན་ཡོངས་བསྒྲགས་ལས་དོན་ལ་སྤྱི་འདོམས་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།

ཚོགས་འདུའི་ཐོག་རིམ་ཁག་ཏང་ཨུད་ཀྱིས《སྲོལ་ཡིག》གི་སློབ་སྦྱོང་གསོ་སྦྱོང་དང་དྲིལ་བསྒྲགས་གསལ་འགྲེལ་ལ་དམ་འཛིན་ནན་ཏན་བྱས་ཏེ། ཕྱོགས་ཡོངས་ནས《སྲོལ་ཡིག》གི་ནང་དོན་གཙོ་བོ་དང་ལས་ཀའི་བླང་བྱ་ཁོང་དུ་ཆུད་པ་བྱེད་དགོས། ཏང་དོན་ཡོངས་བསྒྲགས་ལས་དོན་གྱི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཚོགས་འདུའི་ཐོག་ད་དུང་དེ་མིན་གྱི་དོན་ཚན་ལ་ཞིབ་འཇུག་བྱས་པ་རེད།