༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ཞི་ཅིན་ཕིང་གིས་ཨ་རིའི་སྲིད་འཛིན་ཟུར་པ་ཨོ་པ་མཱར་མཇལ་འཕྲད་གནང་བ།

来源:མི་དམངས་དྲ་བ།2017-12-02 11:17:02 查看数0

༄༅།།ཞི་ཅིན་ཕིང་གིས་ཨ་རིའི་སྲིད་འཛིན་ཟུར་པ་ཨོ་པ་མཱར་མཇལ་འཕྲད་གནང་བ།

ཟླ་༡༡ཚེས་༢༩ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་ཁབ་གསོལ་མགྲོན་ཁང་དུ་ཨ་རིའི་སྲིད་འཛིན་ཟུར་པ་ཨོ་པ་མཱར་མཇལ་འཕྲད་གནང་བ་རེད།

          ཨོ་པ་མཱ་ཡིས་ཨ་རིའི་སྲིད་འཛིན་གྱི་ལས་འགན་བཞེས་སྐབས་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཡོང་བར་འབད་པ་བྱས་ཚུལ་ལ་ཞི་ཅིན་ཕིང་གིས་གདོང་འཇོག་ཆེན་པོ་གནང་བ་རེད།
          ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་དང་། འཛམ་གླིང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཕྱོགས་ནས་ཐུན་མོང་ལ་ཁེ་ཕན་རྒྱ་ཆེན་པོ་ཡོད་པས། འགན་འཁྲི་གལ་ཆེན་ཞིག་འཁུར་ཡོད་པ་རེད། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡུན་རིང་ཉེན་མེད་བརྟན་ལྷིང་དུ་འཕེལ་རྒྱས་ཡོང་བར་བྱེད་པ་ནི་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་ཁེ་ཕན་དང་ཡང་འཚམས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁ་རྒྱལ་ཁབ་ཕྱོགས་དང་མཉམ་དུ་འབད་པ་བྱས་ཏེ་འབྲེལ་འདྲིས་དང་སྤེལ་རེས། མཉམ་ལས་བཅས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་ཨོ་པ་མཱར་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་དགུ་པའི་གྲུབ་འབྲས་གཙོ་བོ་མཚམས་སྦྱོར་གནང་བ་རེད།
          ཨོ་པ་མཱ་ཡིས། ཞི་ཅིན་ཕིང་གིས་མཇལ་འཕྲད་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཨོ་པ་མཱ་ཡིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་ཡིད་སྨོན་རུང་བ་ཞིག་རེད། འཛུགས་སྐྲུན་རང་བཞིན་གྱི་ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་བ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་མཐུན་པས། ང་རང་གིས་མུ་མཐུད་ནས་ཨ་མེ་རི་ཁ་དང་ཀྲུང་གོ་གཉིས་ཕན་ཚུན་ཆ་རྒྱུས་གཏིང་ཟབ་ལེན་པ་དང་སྤེལ་རེས་མཉམ་ལས་ཇེ་མང་དུ་གཏོང་བའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཅེས་བསྟན་པ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་གཞུང་ལས་ཐིང་གི་འགན་འཛིན་ཏིང་ཞུའེ་ཞང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། རྒྱལ་དོན་ཨུ་ཡོན་དབྱང་ཅེ་ཁྲི་སོགས་མཇལ་འཕྲད་དུ་ཞུགས་ཡོད་པ་རེད།