༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ལི་སྨོ་ཏི་དང་ཐུག་འཕྲད་གནང་བ།

来源:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲི2019-10-14 10:12:56 查看数0

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་༡༡ཉིན་ཅིན་ནའེ་རུ་རྒྱ་གར་གྱི་ཙུང་ལི་སྨོ་ཏི་དང་ཐུག་འཕྲད་ གནང་ཡོད།

ཞི་ཅིན་ཕིང་བཞུགས་སའི་མགྲོན་ཁང་ནས་རླངས་འཁོར་ལ་བཞུགས་ཏེ། མ་ཧ་པ་ལི་ཕུ་ལ་མུའུ་གནའ་བོའི་ལྷ་ཁང་མང་པོ་ཡོད་སར་ཕེབས་ཡོད། ལམ་བར་གང་སར་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་པར་ཆེན་པོ་མཐོང་རྒྱུ་ཡོད་པ་དང་། ལས་རིགས་ཁག་གི་མང་ཚོགས་དང་གཞོན་ནུ་སློབ་མ་ཁྲི་སྟོང་མང་པོས་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་པོའི་རྒྱལ་ དར་གཡུག་གཡུག་བྱས་ཏེ་ལམ་གཡས་གཡོན་ནས་དགའ་བསུ་ཞུས་པ་དང་། མི་རིགས་ཀྱི་གཟབ་མཆོར་ལེགས་པར་སྤྲས་པའི་གཞོན་ནུ་ཕོ་མོ་རྣམས་ནས་དགའ་སྤྲོ་ཆེན་པོས་རྔ་རྡུང་བ་དང་། གླུ་ལེན་གར་འཁྲབ་བྱས་ཡོད།

སྨོ་ཏི་ཡིས་གནས་དེ་ག་ནས་ཕེབས་བསུ་ཞུས་ཏེ། ཞི་ཅིན་ཕིང་ཅིན་ནའེ་རུ་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་ཞུས་གནང་ཡོད། ཞི་ཅིན་ཕིང་གིས། ན་ནིང་ང་རང་དང་ཙུང་ལི་སྐུ་ཞབས་ཝུ་ཧན་དུ་ཐུག་འཕྲད་བྱས་ཏེ། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་དུས་མཚམས་གསར་པར་སླེབས་རྒྱུར་ཁྲིད་སྟོན་བྱས་ཡོད། སྐུ་ཉིད་ཀྱི་གདན་ཞུས་ལྟར་ང་རང་རྒྱ་གར་ལྷོ་ཕྱོགས་ཀྱི་ཐེ་སྨེར་རྣ་ཏི་མངའ་སྡེར་འབྱོར་བར་ཧ་ཅང་དགའ་པོ་ བྱུང་ལ། རྒྱ་གར་ལ་རྒྱུས་མངའ་དེ་བས་ཆེ་བ་ཡོང་རྒྱུ་རེད་ཅེས་བསྟན་གནང་ཡོད།

མ་ཧ་པ་ལི་ཕུ་ལ་མུའུ་གནའ་བོའི་ལྷ་ཁང་དེ་སྤྱི་ལོའི་དུས་རབས་བདུན་པ་ནས་བརྒྱད་པའི་ནང་ཕྱག་བཏབ་པ་ དང་། ཨ་ཀྲོའུ་ན་རྡོ་བརྐོས་དང་། འཐབ་འཁོར་ལྔའི་ལྷ་ཁང་། མཚོ་འགྲམ་ལྷ་ཁང་སོགས་ལས་གྲུབ་ཡོད། སྨོ་ཏིས་ཞི་ཅིན་ཕིང་ལ་ཕེབས་རོགས་ཞུས་ཏེ་ལྷ་ཁང་རེ་རེ་བཞིན་དུ་གཟིགས་སྐོར་གནང་བ་མ་ཟད་སྐུ་ངོ་མས་ འགྲེལ་བཤད་གནང་ཡོད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་གཟིགས་སྐོར་དང་གསུང་གླེང་གནང་བཞིན་སྤེལ་རེས་གཏིང་ཟབ་གནང་བ་དང་། ཤེས་དཔལ་སྤེལ་རེས་སྐོར་གྱི་བཀའ་མོལ་ཞིབ་རྒྱས་གནང་ཡོད།

ཞི་ཅིན་ཕིང་གིས། ཐེ་སྨེར་རྣ་ཏི་མངའ་སྡེ་དང་ཀྲུང་གོའི་བར་ཡུན་རིང་གི་འགྲོ་འོང་ལོ་རྒྱུས་ལྡན་པ་དང་། གནའ་དུས་ནས་ཀྲུང་གོ་དང་མཚོ་ཐོག་ཉོ་ཚོང་གི་འབྲེལ་བ་ཟབ་མོ་ཡོད་ཅིང་། གནའ་བོའི་དར་གོས་ལམ་བུའི་མཚོ་ཐོག་དངོས་ཟོག་གི་བར་འགྲིམ་ས་ཚུགས་ཡིན། ཀྲུང་གོ་དང་རྒྱ་གར་གཉིས་ཀ་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ལྡན་པའི་ཤེས་དཔལ་རྒྱལ་ཁབ་ཡིན་པ་དང་ ། ད་བར་རྒྱལ་ཁབ་གཉིས་པོའི་བར་ཕན་ཚུན་སྤེལ་རེས་དང་དཔྱད་གཞིར་འཛིན་གྱི་ཡོད། རྒྱལ་ཁབ་གཉིས་པོའི་སྔོན་བྱོན་པ་ཚོས་འགོག་རྐྱེན་ཁྱད་བསད་བྱས་ཏེ་རྒྱ་ཁྱབ་ངང་སྤེལ་རེས་བྱས་ནས། རྩོམ་རིག་དང་། སྒྱུ་རྩལ། མཚན་ཉིད་རིག་པ། ཆོས་ལུགས་བཅས་གོང་འཕེལ་ཁྱབ་སྤེལ་གཏོང་རྒྱུར་སྐུལ་འདེད་བཏང་བས། ཕྱོགས་གཉིས་ཀར་ཕན་པ་ཆེན་པོ་ཐོབ་ཡོད། ཀྲུང་གོ་དང་རྒྱ་གར་གྱི་མི་ཆོས་རིག་གནས་སྤེལ་རེས་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། ཕྱོགས་གཉིས་པོས་དུས་སང་ཀྲུང་གོ་དང་རྒྱ་གར་བར་ཕྱི་འབྲེལ་བ་འབྲེལ་བ་བཙུགས་ཏེ་ལོ་ངོ་༧༠འཁོར་བ་གོ་སྐབས་སུ་ བརྩིས་ཏེ། ཁྱབ་ཁོངས་དེ་བས་རྒྱ་ཆེ་བ་དང་། བང་རིམ་དེ་བས་གཏིང་ཟབ་པའི་མི་ཆོས་རིག་གནས་སྤེལ་རེས་བྱེད་དགོས་པ་དང་། མཉམ་དུ་ཤེས་དཔལ་མི་འདྲ་བའི་བར་གླེང་མོལ་དང་སྤེལ་རེས་བྱེད་དགོས་པའི་འབོད་སྐུལ་དང་སྐུལ་འདེད་བཏང་ནས། ཕྱོགས་གཉིས་འབྲེལ་བའི་གོང་འཕེལ་ལ་དེ་བའི་ཡུན་རིང་གི་སྒུལ་ཤུགས་སྦྱིན་དགོས་པ་དང་། ཨ་ཤེ་ཡའི་ཤེས་དཔལ་གྱི་ངོ་མཚར་གསར་པ་གཏོད་དགོས་ཞེས་གསུངས་གནང་ཡོད།

སྨོ་ཏིས། ང་ཚོ་ད་ལྟ་གནས་སའི་གནའ་བོའི་ལྷ་ཁང་འདི་དག་ནི་རྒྱ་གར་གྱི་རིག་གནས་ཤུལ་བཞག་དང་འཛུགས་སྐྲུན་དངོས་པོའི་ མཆོག་ཏུ་གྱུར་བའི་དཔེ་མཚོན་ཡིན་པ་དང་། རྒྱ་གར་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་དུས་རབས་བཅུ་ཕྲག་བརྒལ་བའི་ཤེས་དཔལ་སྤེལ་རེས་དང་ཡུན་རིང་འབྲེལ་བའི་དཔང་ པོ་ཡིན། ལོ་ངོ་སྟོང་ཕྲག་རིང་གི་གོང་འཕེལ་བརྒྱུད། མིག་སྔར་རྒྱ་གར་དང་ཀྲུང་གོ་གཉིས་ཀ་གསར་དར་དཔལ་འབྱོར་མ་ལག་ཏུ་གྱུར་ཟིན་ཡོད། སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་གོང་འཕེལ་གྱི་ངོས་ནས་བརྗོད་ན་དོན་སྙིང་ཆེན་ པོ་ལྡན་པ་མ་ཟད། འཛམ་གླིང་ཧྲིལ་པོ་ཡར་རྒྱས་གོང་འཕེལ་འགྲོ་རྒྱུར་ཡང་སྐུལ་འདེད་ཐེབས་རྒྱུ་རེད། རྒྱ་གར་དང་ཀྲུང་གོ་གཉིས་ཀ་གནའ་བོའི་ཤེས་དཔལ་གཏིང་ཟབ་པོ་ཡོད་པས། གནའ་བོའི་ཤེས་རིག་གིས་མིག་སྔའི་འཛམ་གླིང་ལ་འཕྲད་པའི་འགྲན་རྩོད་སྣ་ཚོགས་ཐག་གཅོད་བྱེད་རྒྱུར་བློ་སྒོ་འབྱེད་ཐུབ་ཅེས་ བསྟན་གནང་ཡོད།

ཞི་ཅིན་ཕིང་གིས་སྨོ་ཏིའི་ཕེབས་རོགས་འོག་རྒྱ་གར་གྱི་གནའ་བོའི་ཤེས་དཔལ་གྱི་མཚོན་རྟགས་ཡིན་པའི་བྲམ་ཟེའི་རིགས་ཀྱི་ ཞབས་བྲོ་སོགས་རྒྱ་གར་གྱི་གནའ་བོའི་ཞབས་བྲོར་གཟིགས་གནང་ཡོད།

མཚོ་འགྲམ་ལྷ་ཁང་ནས་མཐའ་ཡས་ཧིན་རྡུ་རྒྱ་མཚོར་ཞལ་ཕྱོགས་ཏེ། ཞི་ཅིན་ཕིང་དང་སྨོ་ཏི་རྣམ་གཉིས་ཀྱིས་རང་སོ་སོའི་རྒྱལ་ནང་གི་གོང་འཕེལ་ལྷུག་གླེང་གནང་བ་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་གནང་ཡོད། ཁོང་རྣམ་གཉིས་ནས་ཀྲུང་གོ་དང་རྒྱ་གར་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་སློབ་སྦྱོང་། ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་བྱེད་པ་དང་། ལག་གདང་སྦྲེལ་ནས་ཐུན་མོང་གོང་འཕེལ་དར་རྒྱས་དང་། ཤེས་དཔལ་ཆེན་པོ་གཉིས་ཡིན་པའི་ཀྲུང་གོ་དང་རྒྱ་གར་གྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་དགོས་པའི་ངོས་ འཛིན་གཅིག་གྱུར་གནང་ཡོད།

ཏེང་ཞུའེ་ཞང་དང་། དབྱང་ཅེ་ཁྲེ། ཝང་དབྱི། ཧོ་ལེ་ཧྥེང་སོགས་གོང་གསལ་བྱེད་སྒོར་ཞུགས་གནང་ཡོད།