༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ཝང་ཆི་ཧྲན་གྱིས་རྒྱ་གར་གྱི་ཕྱི་འབྲེལ་པུའུ་ཀྲང་དང་ཐུག་འཕྲད་གནང་བ།

来源:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲི2019-08-13 12:37:05 查看数0

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་སྤྱི་ཚེས་༡༢ཉིན་ཀྲུང་ནན་ཧེའི་རུ་རྒྱ་གར་གྱི་ཕྱི་འབྲེལ་པུའུ་ཀྲང་སུའུ་ཅེ་ཧྲེང་དང་ཐུག་འཕྲད་གནང་ཡོད་པ་རེད།

ཝང་ཆི་ཧྲན་གྱིས་ཀྲུང་གོ་དང་རྒྱ་གར་ནི་གལ་ཆེའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་གཉིས་པོ་ཤར་ཕྱོགས་ཤེས་དཔལ་གྱི་གནའ་བོའི་རྒྱལ་ཁབ་དང་དེང་དུས་འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་ཡིན་ཞིང་མིག་སྔར་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་སྐྱར་དར་གྱི་གལ་ཆེའི་དུས་སྐབས་སུ་གནས་ཡོད། ཉེ་ལམ་ལོ་ཤས་རིང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་མཉམ་དུ་སྣེ་ཁྲིད་གནང་བའི་འོག་ཁྱབ་ཁོངས་ཁག་གི་མཉམ་ལས་གོང་འཕེལ་གཏིང་ཟབ་བྱུང་བ་དང་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བའི་འཕེལ་ཚུལ་བཟང་པོ་ཡོད། དེང་རབས་ཅན་ལ་འགྱུར་བའི་སྲོག་ཤིང་ནི་མི་དེང་རབས་ཅན་ལ་འགྱུར་བ་བྱེད་རྒྱུ་དེ་རེད། ཀྲུང་གོ་དང་རྒྱ་གར་གྱི་མི་ཆོས་རིག་གནས་སྤེལ་རེས་ཁྱབ་ཁོངས་རྒྱ་ཆེན་པོ་ཡོད་པ་དང་ནང་དོན་ཕུན་སུམ་ཚོགས་ཞིང་མིག་སྔར་ཕན་པ་དང་རྒྱང་རིང་དང་འབྲེལ་བ་ཡོད་པ་དང་རྒྱལ་ཁབ་གཉིས་པོས་ཁྱོན་ཡོངས་འགྲོ་འོང་སྤེལ་རེས་བྱེད་པའི་གལ་ཆེའི་ཁྱབ་ཁོངས་ཡིན་པས་ཕྱོགས་གཉིས་པོས་ཀྲུང་གོ་དང་རྒྱ་གར་གྱི་མཐོ་རིམ་མི་ཆོས་རིག་གནས་སྤེལ་རེས་ཀྱི་སྒྲིག་གཞི་བེད་སྤྱོད་ཡག་པོ་བཏང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་མཐུད་དང་སྐྱོན་བྲལ་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྔར་བས་སྲ་ཞིང་བརྟན་པའི་དམངས་འདོད་རྨང་གཞི་འདིང་དགོས་ཀྱི་ཡོད་ཅེས་གསུངས་འདུག

སུའུ་ཧྲེང་ཅེས་རྒྱ་གར་དང་ཀྲུང་གོས་ས་ཁུལ་དང་རྒྱལ་སྤྱིའི་ཆབ་སྲིད་ཁྲོད་དུ་ཐུན་མོང་མ་ཡིན་པ་དང་གལ་ཆེའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད་པ་དང་ཕྱོགས་གཉིས་པོས་སྔ་བར་ཕྱི་གསུམ་དུ་ཕན་ཚུལ་བརྩི་འཇོག་དང་ཕན་ཚུལ་གྱི་གལ་ཆེའི་དོ་ཁུར་བྱེད་ཡུལ་ལ་ལྟ་རྟོགས་བྱེད་ཀྱི་ཡོད། རྒྱ་གར་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གྱི་རྨང་གཞིའི་ཐོག་ཡང་འབད་སྐྱར་འབད་དང་འབྲེལ་གཏུག་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། ཕྱོགས་འགལ་ཐག་གཅོད་འོས་འཚམ་བྱས་ནས་ཁྱབ་ཁོངས་ཁག་གི་ཀྲུང་གོའི་བར་གྱི་དངོས་གཉེར་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད་ཅེས་གསུངས་འདུག