༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ལིས་ཁི་ཆང་མཱོ་ཁི་ཨར་དང་མཉམ་དུ་ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་ལག་རྩལ་མཉམ་ལས་གླེང་སྟེགས་སྐབས་དགུ་པར་ཞུགས་པ་མ་ཟད་གསུང་བཤད་གནང་བ།

来源:མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒ2018-07-12 12:50:15 查看数0

1.jpg 

ས་དེའི་ཚེས་དགུ་ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་པོ་ལིན་ནས་འཇར་མན་གྱི་ཙུང་ལི་མཱོ་ཁི་ཨར་དང་མཉམ་དུ་ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་ལག་རྩལ་མཉམ་ལས་གླེང་སྟེགས་སྐབས་དགུ་པ་གྲོལ་བའི་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་གནང་།

ས་དེའི་ཚེས་དགུ་ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་པོ་ལིན་ནས་འཇར་མན་གྱི་ཙུང་ལི་མཱོ་ཁི་ཨར་དང་མཉམ་དུ་ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་ལག་རྩལ་མཉམ་ལས་གླེང་སྟེགས་སྐབས་དགུ་པ་གྲོལ་བའི་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་གནང་།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་འཇར་མན་གྱི་མཉམ་ལས་ཕྱོགས་ཡོངས་ནས་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་སུ་སོང་ཡོད་ལ། ཡུན་རིང་པོར་ཀྲུང་གོ་དང་ཡོ་རོབ་གླིང་གི་མཉམ་ལས་ལ་ཁྲིད་སྟོན་བྱས་ཡོད་པ་དང་། རྒྱལ་ཁབ་ཆེན་པོའི་མཉམ་ལས་ཀྱི་མིག་དཔེ་རེད་ཅེས་བཤད་ཆོག དེས་རྒྱལ་ཁབ་གཉིས་དང་ཐ་ན་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ན་ནིང་འཇར་མན་ལ་ཕུན་སུམ་ཚོགས་པའི་འཚམས་འདྲི་མཛད་ནས། འཇར་མན་ཕྱོགས་ཀྱི་འགོ་ཁྲིད་པ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་འཆར་འགོད་མཛད། ང་དང་ཙུང་ལི་མཱོ་ཁི་ཨར་གཉིས་ཀྱི་དེ་རིང་ཀྲུང་གོ་དང་འཇར་མན་སྲིད་གཞུང་གི་གྲོས་མོལ་སྐོར་ཐེངས་ལྔ་པར་མཉམ་དུ་འགོ་འཛིན་བྱས་ནས། ཐུན་མོང་གི་ལྟ་བ་གལ་ཆེན་བྱུང་ཡོད། ང་ཚོ་ཆབ་སྲིད་ཀྱི་ཡིད་ཆེས་མུ་མཐུད་དུ་སྲ་བརྟན་དུ་མཐོར་འདེགས་སུ་གཏོང་བ་དང་། ཀྲུང་གོ་དང་འཇར་མན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་རྨང་གཞི་སྲ་བརྟན་དུ་གཏོང་བ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཆུ་ཚད་སྔར་ལས་མཐོན་པོར་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཀྲུང་གོ་དང་འཇར་མན་བར་གྱི་མཉམ་ལས་ཀྱི་ངེས་གཏན་རང་བཞིན་དང་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་པའི་རྒྱུན་ལྡན་རང་བཞིན་ལ་བརྟེན་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་གཏན་འཇགས་རང་བཞིན་སྣོན་རྒྱུར་འཐད་པ་བྱུང་ཡོད།

ལིས་ཁི་ཆང་གིས་ང་ཚོས་ཉོ་འཚོང་སྦས་ཤུགས་སྔོག་འདོན་ཟབ་མོ་བྱེད་པ་དང་། ཉོ་འཚོང་སྟབས་བདེ་ཅན་གྱི་ཆུ་ཚད་སྔར་ལས་མཐོར་འདེགས་སུ་བཏང་ནས། ཞབས་ཞུའི་ཉོ་འཚོང་རྒྱུ་བསྐྱེད་དགོས་ཞེས་བསྟན།

ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་ལག་རྩལ་གྱི་མཉམ་ལས་དེ་རང་དབང་སྒོ་འབྱེད་ཀྱི་ཉོ་འཚོང་དངུལ་གཏོང་ཁོར་ཡུག་དང་ཁ་འབྲལ་ཐབས་མེད། ཕྱོགས་གཉིས་ཀྱིས་མཉམ་དུ་རང་དབང་ཉོ་འཚོང་ལ་སྲུང་སྐྱོབ་བྱེད་པ་དང་། ཕྱོགས་གཅིག་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ནས། སྒྲིག་སྲོལ་རྨང་གཞི་ཡིན་པའི་ཕྱོགས་མང་ཉོ་འཚོང་སྒྲིག་སྲོལ་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་ཡང་བསྐྱར་བསྒྲགས་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། དེང་སྐབས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ་ཧ་ཅང་བཟང་ལ། དེ་ནི་ཉེ་བའི་ལོ་འགའི་རིང་ལ་དཔལ་འབྱོར་སྒྲིག་གཞི་རྒྱུན་མཐུད་སྒོས་ལེགས་བསྒྱུར་དང་ནང་གནས་འཕེལ་རྒྱས་སྒུལ་ཤུགས་ཇེ་དྲག་ཏུ་བཏང་བའི་གྲུབ་འབྲས་ཡིན་པ་དང་། གཏན་འཇགས་རང་བཞིན་དང་རྒྱུན་སྲིང་རང་བཞིན་ཅུང་དྲག་པོ་ལྡན། ང་ཚོར་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་བ་དང་། མུ་མཐུད་དུ་རང་འགུལ་སྒོས་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་ནས། ཕྱོགས་གཅིག་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ལ་རྒོལ་ལན་སྤྲོད་པ་དང་། འདྲ་མཉམ་དང་མངོན་གསལ། ཡོངས་བསྒྲགས་ཀྱི་འགྲན་རྩོད་ལ་བརྟེན་ནས་ཕྱོགས་མང་ཅན་གྱི་ཁྲོམ་ར་རྒྱ་བསྐྱེད་པ། རང་གི་དོན་དག་བཟང་པོར་བསྒྲུབ་པ་དང་ནང་གནང་སྒུལ་ཤུགས་ཆེ་རུ་བསྐྱེད་ནས། དཔལ་འབྱོར་རྒྱུན་སྲིང་ངང་འཕར་སྣོན་འབྱུང་བ་དང་བརྟན་བརླིང་སྒོས་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་སྲུང་འཛིན་བྱེད་པ་བཅས་ལ་ཡིད་ཆེས་དང་ནུས་པ་ཡོད་ཟེར།

ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་ལས་རིགས་ཀྱི་འཐུས་མི་བཞི་བརྒྱ་ལྷག་གླེང་སྟེགས་ལ་ཞུགས།

ཞའོ་ཅེ་དང་ཧི་ལིས་ཧྥེང་གཉིས་གོང་གི་བྱ་འགུལ་ལ་ཞུགས།