༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

རྒྱལ་ཁབ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོ་ཝེ་ཐེའི་རྒྱལ་པོ་ས་པ་ཧེ་དང་གྲོས་མོལ་གནང་བ།

来源:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲི2018-07-11 12:05:37 查看数0

སྤྱི་ཚེས་༩ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཁོ་ཝེ་ཐེའི་རྒྱལ་པོ་ས་པ་ཧེ་དང་གྲོས་མོལ་གནང་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་མགྲིན་དབྱངས་གཅིག་གྱུར་ཐོག་ཀྲུང་གོ་དང་ཁོ་ཝེ་ཐེའི་འཐབ་ཇུས་རོགས་པའི་འབྲེལ་བ་འཛུགས་རྒྱུའི་གཏན་འབེབས་གནང་བས་དུས་རབས་གསར་པའི་ཀྲུང་གོ་དང་ཁོ་ཝེ་ཐེའི་འབྲེལ་བར་སྒུལ་ཤུགས་གསར་པ་བསྣན་པ་དང་མདུན་ལྗོངས་གསར་པ་གཏོད་ཡོད།

ཞི་ཅིན་ཕིང་གིས་ས་པ་ཧེ་ནས་ཀྲུང་གོར་འཚམས་འདྲི་ཐེངས་བདུན་པ་གནང་བར་དགའ་བསུ་ཞུས་གནང་བ་དང་། ས་པ་ཧེས་ཀྲུང་གོ་དང་ཁོ་ཝེ་ཐེའི་འབྲེལ་བའི་གོང་འཕེལ་ཐད་ལེགས་སྐྱེས་གལ་ཆེན་ཕུལ་བར་བསྔགས་བརྗོད་གནང་ཡོད། ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཁོ་ཝེ་ཐེ་ནི་དཀའ་ངལ་ཆེ་བའི་དུས་སུ་ཟོལ་མེད་ཀྱི་བརྩེ་བ་བཅངས་མཁན་གྲོགས་པོ་བཟང་པོ་ཞིག་ཡིན། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༤༧སོང་རིང་། ཕྱོགས་གཉིས་པོས་སྔ་བར་ཕྱི་གསུམ་དུ་ལྷག་བསམ་དག་ལ་མཛའ་གྲོགས་ལྡན་པ་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། དངོས་གཉེར་མཉམ་ལས་ཀྱི་གཏིང་ཚད་དང་ཁྱབ་རྒྱ་ཟམ་མི་ཆད་པར་ཤུགས་ཆེར་བཏང་བས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་བསྐྲུན་ཡོད། དེང་གི་འཛམ་གླིང་འདི་ཉིད་འཕོ་འགྱུར་དང་ལེགས་སྒྲིག་བྱེད་པའི་འགག་རྩའི་དུས་སུ་སླེབས་པས། ཀྲུང་གོའི་ཕྱོགས་ནས་མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་འཛུགས་རྒྱུ་བཏོན་པ་ནི་མཉམ་ལས་བརྒྱུད་ཐུན་མོང་ཁེ་ཕན་གཏིང་ཟབ་ཏུ་གཏོང་བ་དང་། མཉམ་འདྲེས་ཐོག་འཛམ་གླིང་གི་ཞི་བདེར་སྐུལ་འདེད་གཏོང་བ། འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་ལས་མཉམ་རྒྱལ་དང་། ཐུན་མོང་གོང་འཕེལ་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་རེད་ཅེས་གསུངས་པ་དང་།

ཞི་ཅིན་ཕིང་གིས། ཀྲུང་གོའི་ཕྱོགས་ནས་ཁོ་ཝེ་ཐེ་འདི་ཉིད་མཚོ་ཁུག་ཕྱོགས་ཀྱི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་། ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་མཉམ་ལས་རོགས་པ་གལ་ཆེན་ཞིག་ཡིན།

ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕན་ཚུན་བར་གྱི་སྲོག་ཤིང་ཁེ་ཕན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་དགོས། ཀྲུང་གོའི་ཕྱོགས་ནས་སྔར་རྒྱུན་བཞིན་ཁོ་ཝེ་ཐེས་རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་འཚམ་པའི་གོང་འཕེལ་ལམ་བུའི་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཁོ་ཝེ་ཐེ་ནི་ཀྲུང་གོ་དང་རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་ཡིག་ཆར་མིང་རྟགས་འགོད་མཁན་རྒྱལ་ཁབ་སྔ་ཤོས་དེ་ཡིན་པ་དང་། ཕྱོགས་གཉིས་པོས་གོང་འཕེལ་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་དང་། མཉམ་ལས་རྣམ་གྲངས་ལ་གྲུབ་འབྲས་སྔ་ཙམ་ཐོབ་རྒྱུའི་བརྩོན་ལེན་བྱེད་ཀྱི་ཡོད། ནུས་པའི་འབྱུང་ཁུངས་དང་། རྨང་གཞིའི་སྒྲིག་བཀོད། དངུལ་རྩ། ཉོ་ཚོང་། མ་འཇོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས། མི་ཆོས་རིག་གནས་ཀྱི་སྤེལ་རེས་ཟབ་ཏུ་གཏོང་བ་དང་། བདེ་འཇགས་དང་འཇིགས་སྐུལ་ལ་ངོ་རྒོལ་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། ཀྲུང་གོའི་ཕྱོགས་ནས་ཁོ་ཝེ་ཐེ་ཕྱོགས་དང་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་དང་། ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་བར་གྱི་འབྲེལ་བ་བརྟན་པོའི་ངང་མདུན་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཏོན་གནང་ཡོད།

ས་པ་ཧེས། ཀྲུང་གོ་ནི་འཛམ་གླིང་ཐོག་ཀུན་གྱི་ཁས་ལེན་ཐོབ་པའི་ཞི་བདེར་དགའ་བའི་རྒྱལ་ཁབ་ཅིག་རེད། ཁོ་ཝེ་ཐེས་རླབས་ཆེའི་ཀྲུང་གོའི་སྲོལ་རྒྱུན་མཛའ་གྲོགས་དང་མཉམ་ལས་དམ་ཟབ་བྱེད་པའི་འབྲེལ་བར་མཐོང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ཀྲུང་གོས་རྒྱལ་སྤྱིའི་བྱ་དོན་ཁྲོད་དྲང་བདེན་གཞུང་དྲང་བྱས་པར་གདེང་འཇོག་མཐོ་པོ་བྱེད་ཀྱི་ཡོད། ཀྲུང་གོ་ནི་ཡིད་རྟོན་རུང་བའི་གྲོགས་པོ་དང་རོགས་པ་ཡིན། ཁོ་ཝེ་ཐེས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད། ང་རང་ནས་ད་ཐེངས་སྔར་ན་མེད་པའི་འཐུས་མི་ཚོགས་པ་ཆེན་པོའི་སྣེ་ཁྲིད་པ་དང་། ཁོ་ཝེ་ཐེའི་ཕྱོགས་ནས་ཀྲུང་གོའི་ཕྱོགས་དང་ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞིའི་སྟེང་དངོས་གཉེར་གྱི་སྙིང་སྟོབས་ཐོག་ནས་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་འབྲེལ་བར་ཤུགས་སྣོན་རྒྱག་པ། མཉམ་ལས་བྱས་ཏེ་རྒྱུད་གཅིག་ལམ་གཅིག་བསྐྲུན་པ། མཚོ་ཁུག་ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

གྲོས་མོལ་གནང་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཕྱོགས་གཉིས་མཉམ་ལས་ཡིག་ཆར་མིང་རྟགས་འགོད་པའི་དཔང་པོ་གནང་ཡོད། ཕྱོགས་གཉིས་པོས་ད་དུང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁོ་ཝེ་ཐེ་རྒྱལ་ཁབ་བར་འཐབ་ཇུས་རོགས་པའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཡོད།

གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ས་པ་ཧེར་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་གནང་ཡོད་པ་རེད།