༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ཝང་དབྱི་ཡིས་རྒྱ་གར་གྱི་ཕྱི་འབྲེལ་དཔོན་དང་མཇལ་འཕྲད་གནང་བ།

来源:ཀྲུང་གོའི་བོད་སྐད་རླུང་འཕྲིན་ད2018-06-07 22:21:58 查看数0



ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༤ཉིན། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཝང་དབྱི་ཡིས་ལྷོ་ཨ་ཧྥེ་རི་ཁར་འབོ་གསེར་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་དངོས་གཞིའི་མཇལ་མོལ་གནང་རིང་རྒྱ་གར་གྱི་ཕྱི་འབྲེལ་དཔོན་སི་ཝ་ལ་ཅེ་དང་མཇལ་འཕྲད་གནང་ཡོད་པ་རེད། ཝང་དབྱི་ཡིས་ཀྲུང་གོ་དང་རྒྱ་གར་ལ་ཁྱབ་རྒྱ་ཆེ་བའི་ཐུན་མོང་གི་ཁེ་ཕན་ཡོད་ལ། ཐུན་མོང་གི་ངོས་འཛིན་དེ་ཡང་ཕྱོགས་འགལ་ལས་ཆེ་བ་ཡོད།ཕྱོགས་གཉིས་པོས་དུས་དང་རྣམ་པ་ཀུན་ཏུ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གནས་བབ་ཧྲིལ་པོར་གཞིགས་པ་དང་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་རྐང་བཙུགས་ཏེ། གནད་དོན་དང་ཕྱོགས་འགལ་དེ་གཉིས་ཕྱོགས་གཉིས་འབྲེལ་བའི་གནས་བབ་འོས་འཚམ་ཐོག་བཞག་ནས་ཐག་གཅོད་ཡག་པོ་བྱེད་དགོས་ཤིང་། ཁེ་ཕན་ཉུང་ཤས་ཀྱིས་ཁྱོན་ཡོངས་ཀྱི་ཁེ་ཕན་ལ་ཤུགས་རྐྱེན་ཐེབས་འཇུག་མི་རུང་ཞེས་གསུངས་འདུགསི་ཝ་ལ་ཅེས་རྒྱ་གར་དང་ཀྲུང་གོ་ཕྱོགས་གཉིས་པོ་གསར་དར་ཁྲོམ་ར་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ངོས་ནས། ཕྱོགས་གཉིས་པོས་ཕྱོགས་མང་སྒྲིག་གཞིའི་ནང་མུ་མཐུད་ནས་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོབ་ཆེད་དུ་ལེགས་སྐྱེས་སྔར་ལས་ལྷག་པ་འབུལ་དགོས་ཞེས་བསྟན་ཡོད་པ་རེད