༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ཐལ་སྐྱོད་སྒྲིག་འཛུགས་དབྱི་སི་ལན་རྒྱལ་ཁབ་ཟེར་བའི་དྲག་ཆས་པ་ཉི་ཤུ་ལྷག་བསད་པ།

来源:ཀྲུང་གོའི་བོད་སྐད་རླུང་འཕྲིན་ད2018-01-08 17:28:10 查看数0

ཨ་ཧྥུ་ཀ་ནི་སི་ཐན་སྨྱན་སྦྱོར་ཚན་པས་སྤྱི་ཚེས་༦ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཨ་ཧྥུ་ཀ་ནི་སི་ཐན་བདེ་འཇགས་དཔུང་སྡེས་ཉེ་དུས་ཤར་རྒྱུད་ལྷ་གེ་མན་དུ་ཐལ་སྐྱོད་སྒྲིག་འཛུགས་དབྱི་སི་ལན་རྒྱལ་ཁབ་ཟེར་བའི་དམིགས་འབེན་ལ་གཙང་བཅོམ་བྱ་སྤྱོད་སྤེལ་བ་དང་། ཉུང་མཐར་ཡང་དྲག་ཆས་པ་ཉི་ཤུ་བསད་ཡོད་པ་རེད།

ཨ་ཧྥུ་ཀ་ནི་སི་ཐན་ཧ་མ་གསར་འགྱུར་ཁང་གིས་ཉིན་དེར་དམག་ཕྱོགས་ཀྱི་གསལ་བསྒྲགས་ལུང་དུ་དྲངས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཐེངས་འདིའི་གཙང་བཅོམ་བྱ་སྤྱོད་སྤྱི་ཚེས་༥ཉིན་ལྷ་གེ་མན་བྱང་རྒྱུད་ཨ་ལིང་ཅར་ས་ཁུལ་དུ་སྤེལ་འགོ་ཚུགས་པ་དང་། གཙང་བཅོམ་ཁྲོད་བསད་པའི་དྲག་ཆས་པ་གཉིས་ནི་དབྱི་སི་ལན་རྒྱལ་ཁབ་ཟེར་བའི་ཐལ་སྐྱོད་སྒྲིག་འཛུགས་དེའི་གནས་དེ་གའི་བཀོད་འདོམས་པ་གཙོ་བོ་ཡིན་པ་རེད། 
གསལ་བསྒྲགས་ནང་ད་དུང་དབྱི་སི་ལན་རྒྱལ་ཁབ་ཟེར་བའི་ཐལ་སྐྱོད་སྒྲིག་འཛུགས་དེའི་སྒར་ས་གཞན་ཞིག་ཀྱང་ཐེངས་འདིའི་གཙང་བཅོམ་བྱ་སྤྱོད་ཁྲོད་མེད་པ་བཟོས་པ་བསྟན་ཡོད།