༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ཨ་ཧྥུ་ཀ་ནི་སི་ཐན་གྱི་རྒྱལ་སར་རང་ལྕེབས་རྣམ་པའི་འབར་གས་འཇབ་རྒོལ་ཕོག་པའི་ནང་ཤི་རྨས་བྱུང་བའི་མི་འབོར་མི་༡༢༠ལྷག་ཙམ་ཟིན་པ།

来源:ཀྲུང་གོའི་བོད་སྐད་རླུང་འཕྲིན་ད2017-12-30 12:01:56 查看数0

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༢༨ཉིན། ཨ་ཧྥུ་ཀ་ནི་སི་ཐན་སྤྱི་པའི་འཕྲོད་བསྟེན་པུའུ་ཡིས་ཉིན་དེར་རྒྱལ་ས་ཁ་པུར་ལ་ཐོན་པའི་རང་ལྕེབས་རྣམ་པའི་འབར་གས་འཇབ་རྒོལ་ནང་འཇབ་རྒོལ་བྱེད་མཁན་ཕུད་པའི་མི་༤༡རྐྱེན་ལམ་དུ་ཤོར་བ་དང་། མི་༨༤ལ་རྨས་སྐྱོན་བཟོས་ཡོད་ཅེས་བཤད་ཡོད་པ་རེད། དབྱི་སི་ལན་རྒྱལ་ཁབ་ཟེར་བའི་ཐལ་སྐྱོད་སྒྲིག་འཛུགས་ཀྱིས་ད་ཐེངས་ཀྱི་འཇབ་རྒོལ་བཟོས་པ་ཡིན་ཞེས་བཤད་ཡོད།

འཇབ་རྒོལ་དངོས་སུ་མཐོང་མཁན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། ས་གནས་དེ་གའི་སྔ་དྲོའི་ཆ་ཚོད་བཅུ་དང་སྐར་མ་སུམ་ཅུ་ཡས་མས་ལ་ཁ་པུར་ནུབ་ཁུལ་གྱི་ཉེན་རྟོག་ཁུལ་ཨང་དྲུག་པའི་ཏ་ཧྲེ་ཐེ་པར་ཆིའི་ས་ཁུལ་དུ་དྲག་ཆས་པས་སྒེར་བཙུགས་རིག་གནས་སྨྱན་སྦྱོར་ལས་ཁུངས་ཡོད་སའི་ཁང་ཆེན་ཞིག་ལ་འཇབ་རྒོལ་བྱས་པ་དང་། ལས་ཁུངས་དེར་ཁོངས་གཏོགས་སུ་རིག་གནས་མཐུན་ཚོགས་གཅིག་དང་གསར་འགྱུར་ཁང་གཅིག་ཡོད་ཅེས་བཤད་འདུག 
ཤེས་རྟོགས་བྱས་པར་གཞིགས་ན། དོན་རྐྱེན་ཐོན་སྐབས་ཐོག་ཁང་དེའི་ས་འོག་ཐོག་རྩེག་དང་པོར་སྤྱི་པའི་འདུ་འཛོམས་ཤིག་བྱེད་པའི་སྒང་ཡིན་ཞིང་། འཇབ་རྒོལ་པ་ཞིག་འདུ་འཛོམས་བྱེད་སར་འཛུལ་ནས་འབར་མདེལ་སྟོད་གོས་སྤར་ཡོད་པ་དང་། འཇབ་རྒོལ་པ་གཞན་ཞིག་གིས་ཁང་པའི་ཕྱི་རུ་བསྒུགས་ནས། མི་ཚོགས་ཕྱི་ལ་བྲོས་པའི་སྐབས་སུ་གཟུགས་པོའི་ཐོག་གི་འབར་མདེལ་སྤར་ཡོད་པ་རེད། ཤི་རྨས་མི་སྣའི་ནང་མི་ཉུང་བ་ཞིག་གསར་འགྱུར་ལས་དོན་མི་སྣ་ཡིན།