༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ཀྲང་ཏི་ཅང་གིས་ཀམ་པི་ཡའི་ཙུང་ཐུང་པ་ལོ་ལ་མཇལ་འཕྲད་གནང་།

来源:མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒ2017-12-24 15:30:58 查看数0

 ༢n.jpg༢n.jpgརྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་ཉེར་གཉིས་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀམ་པི་ཡའི་ཙུང་ཐུང་པ་ལོ་ལ་མཇལ་འཕྲད་གནང་།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་ཉེར་གཉིས་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀམ་པི་ཡའི་ཙུང་ཐུང་པ་ལོ་ལ་མཇལ་འཕྲད་གནང་།

ཀྲང་ཏི་ཅང་གིས་གསུངས་རྒྱུར། ཁ་སང་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གཉིས་ཀྱིས་གྲོས་མོལ་གལ་ཆེན་མཛད་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་པོ་བསྟན། ཟླ་གསུམ་གྱི་སྔོན་ལ། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་དུ་བརྗེ་རེས་མཉམ་ལས་བྱེད་པར་ལྟ་ཚུལ་གཅིག་མཐུན་བྱུང་བ་དང་། ཕྱོགས་གཉིས་ཀྱི་མཛའ་མཐུན་ཚན་ཆུང་བཙུགས་ནས་ཚར་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཀམ་པི་ཡའི་གྲོས་ཁང་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་དུ་བྱུང་བའི་ཐུན་མོང་གི་ལྟ་བ་གལ་ཆེན་དངོས་འབེབས་བྱེད་རྒྱུ་དེ་ལས་འགན་གལ་ཆེན་དུ་བརྩི་བ་དང་། མཛའ་མཐུན་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་སྐྱོང་སྲིད་འཛིན་དང་ཁྲིམས་འཛུགས་ཀྱི་ཉམས་མྱོང་བརྗེ་རེས་བྱེད་པ་དང་། མི་སྣའི་འགྲོ་འོང་དང་མི་ཚུལ་བརྗེ་རེས་ལ་སྐུལ་འདེད་གཏོང་བ། དངོས་གཉེར་མཉམ་ལས་འཐུས་ཚང་དུ་གཏོང་བའི་སྲིད་ཇུས་དང་བཅའ་ཁྲིམས་ཀྱི་ཁོར་ཡུག་འཐུས་ཚང་དུ་བཏང་ནས།རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་བྱས་རྗེས་ལེགས་པར་འཇོག་འདོད་ཡོད་ཟེར།

པ་ལོ་ཡིས་བཤད་རྒྱུར། ཀམ་པི་ཡ་དང་ཀྲུང་གོའི་འབྲེལ་བ་སླར་གསོ་བྱས་པ་དེ་ཀམ་པི་ཡའི་མི་དམངས་ཀྱི་འདོད་བློ་དང་མཐུན། ཀམ་པི་ཡས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་ཕངས་མེད་དུ་རོགས་རམ་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན་ལ། ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་ཉམས་མྱོང་དཔྱད་གཞིར་བཟུང་ནས། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཟེར།

ཝང་ཁྲིན་མཇལ་འཕྲད་ལ་ཞུགས།