༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

སེར་ཤུལ་དུ་གནའ་བོའི་བྲག་བརྐོས་རི་མོའི་རྗེས་ཤུལ་ཞིག་གསར་དུ་རྙེད་པ།

来源:མི་དམངས་དྲ་བ་།2019-08-19 10:24:39 查看数0

༄༅།།རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་པ་སེར་ཤུལ་དུ་འཛོམས་པ་དང་། གནའ་བོའི་བྲག་བརྐོས་རི་མོའི་རྗེས་ ཤུལ་ཡིན་ངེས་པའི་ས་གནས་ཤིག་གསར་དུ་རྙེད།

མི་དམངས་དྲ་བའི་འཕྲིན། ཟླ་༨ཚེས་༧ཉིན་ནས་ཚེས་༡༠ཉིན་བར། རྒྱལ་ཁབ་ཕྱི་ནང་གི་བྲག་བརྐོས་རི་མོའི་རིགས་གཅིག་མཁས་པ་ཚོ་སེར་ཤལ་རྫོང་དུ་འཛོམས་ནས། མཚོ་བོད་མཐོ་སྒང་གི་གནའ་བོའི་བྲག་བརྐོས་རི་མོ་དང་རྡོ་བརྐོས་སྒྱུ་རྩལ་གསར་རྙེད་དང་ཞིབ་འཇུག སྲུང་སྐྱོང་དང་བེད་སྤྱོད་ཐད་ནས་རིག་གཞུང་བགྲོ་གླེང་སྤེལ་བ་དང་། གནའ་བོའི་བྲག་བརྐོས་རི་མོའི་རྗེས་ཤུལ་ཡིན་ངེས་པའི་ས་གནས་ཤིག་གསར་དུ་རྙེད་ཡོད།     ཤེས་རྟོགས་བྱུང་བར་གཞིགས་ན། སི་ཁྲོན་སེར་ཤུལ་ལ་“རྡོ་བརྐོས་སྒྱུ་རྩལ་གྱི་ཞིང་ཁམས”ཞེས་གནའ་ནས་འབོད་སྲོལ་ཡོད། ༢༠༡༠ལོ་ནས་༢༠༡༢ལོའི་བར། དེའི་མངའ་ཁོངས་ནས་གཟི་བརྗིད་ཆེ་བའི་བཙན་པོའི་དུས་སྐབས་ཀྱི་རྡོ་བརྐོས་ཚོགས་ཤིག་རྙེད་པས། གནའ་རྫས་རྟོག་ཞིབ་ལས་རིགས་ཀྱིས་དོ་ཁུར་ཐོབ་ཡོད། རྡོ་བརྐོས་ཚོགས་དེ་ནི་དུས་རབས་༨པའི་དུས་མཇུག་དང་དུས་རབས་༩པའི་དུས་འགོར་གྲུབ་པ་དང་། དེ་དག་ནི་རྣམ་པར་སྣང་མཛད་དང་སངས་རྒྱས་ཀྱི་སྐུ། སྒྲོལ་མའི་སྐུ། གནའ་བོའི་བོད་ཡིག་གི་རྡོ་བརྐོས་སོགས་བཙན་པོའི་དུས་སྐབས་ཀྱི་དར་སྲོལ་ཆེ་བའི་དཔེ་མཚོན་གྱི་བརྗོད་གཞི་ཡིན། དེ་ནི་སི་ཁྲོན་ཞིང་ཆེན་མངའ་ཁོངས་སུ་བཙན་པོའི་དུས་སྐབས་ཀྱི་རྡོ་བརྐོས་ཚོགས་རྙེད་ཐེངས་དང་པོ་ཡིན་ཞིང་། ཉག་ཆུའི་འགྲམ་རྒྱུད་ནས་བཙན་པོའི་དུས་སྐབས་ཀྱི་རྡོ་བརྐོས་རྙེད་ཐེངས་དང་པོའང་ཡིན། དེའི་ཕྱིར། “༢༠༡༣ལོའི་ལོ་འཁོར་གྱི་གནའ་རྫས་གསར་རྙེད་ཆེན་པོ་བཅུ་”རུ་བདམས་པ་རེད།     རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་པ་སེར་ཤུལ་དུ་སླེབས་རྗེས་སུ། སྔ་གཞུག་ཏུ་ཝ་ཤུལ་ཤང་ཧ་དར་གྲོང་ཚོ་དང་། ཨ་རིགས་རྫ་ཤང་གཉིས་ཀྱི་བྲག་བརྐོས་རི་མོའི་རྗེས་ཤུལ་ཡོད་སའི་ཡུལ་དངོས་སུ་བསྐྱོད་ནས་རྟོག་ཞིབ་རིགས་སྒྲུབ་བྱས་པ་དང་། ཨ་རིགས་རྫ་ཤང་གི་མངའ་ཁོངས་ནས་གནའ་བོའི་བྲག་བརྐོས་རི་མོའི་རྗེས་ཤུལ་ཡིན་ངེས་པའི་གནས་ཤིག་གསར་དུ་རྙེད་འདུག

༄༅།།རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་པ་སེར་ཤུལ་དུ་འཛོམས་པ་དང་། གནའ་བོའི་བྲག་བརྐོས་རི་མོའི་རྗེས་ ཤུལ་ཡིན་ངེས་པའི་ས་གནས་ཤིག་གསར་དུ་རྙེད།