༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ཧུའུ་ནན་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པས་བོད་དུ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ལ་རྟོག་ཞིབ་གནང་བ།

来源:ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ2018-07-09 16:06:35 查看数0

529688_yis_1531024813416_s.jpg

ཟླ་༧ཚེས་༣ནས་༦ཉིན་བར་ཧུའུ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཏུའུ་ཅ་ཧའོ་ཡིས་ཧུའུ་ནན་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་འཁྲིད་དེ་ལྷོ་ཁ་གྲོང་ཁྱེར་གྱི་ཁ་གཏད་བོད་སྐྱོར་གྱི་ལས་དོན་ལ་རྟོག་ཞིབ་གནང་ཞིང་། འདི་ནི་ཏུའུ་ཅ་ཧའོ་དང་བཅས་པས་ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པའི་ལོ་རིམ་དང་པོའི་འཛིན་གྲྭ་༢༣པའི་མཉམ་སྦྲེལ་འཛིན་གྲྭར་ཕེབས་ནས་ལྷུན་རྩེ་རྫོང་གི་ཡེ་ཤེས་དབང་མོའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བཞིན་པ།

ཟླ་༧ཚེས་༣ནས་༦ཉིན་བར་ཧུའུ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་ཚོཌ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཏུའུ་ཅ་ཧའོ་ཡིས་ཧུའུ་ནན་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ལྷོ་ཁ་གྲོང་ཁྱེར་དང་ལྷ་ས་གྲོང་ཁྱེར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན། བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཚུལ་དང་ཧུའུ་ནན་གྱི་ཁ་གཏད་བོད་སྐྱོར་ལས་དོན་སྔར་བས་ཡག་པོ་སྒྲུབ་པའི་ཐད་ས་ཆ་དངོས་སུ་བརྟག་ཞིབ་གནང་བ་དང་སྦྲགས། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་བཞུགས་མོལ་ཡང་གནང་ནས་ཁ་གཏད་བོད་སྐྱོར་ཇུས་ཆེན་ལ་མཉམ་དུ་གྲོས་མོལ་གནང་བ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལིའུ་ཅང་དང་། རྡོ་ཐོགས། ཞུས་ཁྲེང་ཚང་། ཧྲི་མོའུ་ཅུན། ཀའོ་དབྱང་བཅས་རྟོག་ཞིབ་གནང་སྐབས་ལྷན་དུ་ཕེབས་པ་དང་སྦྲགས་བཞུགས་མོལ་ཚོགས་འདུར་ཡང་ཕེབས་པ་རེད།

ཧུའུ་ནན་ཞིང་ཆེན་གྱི་འགོ་ཁྲིད་ཁྲེན་ཤང་ཆུན་དང་། ཧུའུ་ཧེང་ཧྭ། ཤེ་ཅན་ཧུའེ། ཤང་ལི་ལི། ཀྲང་ཏ་ཧྥང་བཅས་ཀྱིས་འཐུས་མི་ཚོགས་པ་དང་ལྷན་དུ་ཕེབས་ནས་རྟོག་ཞིབ་གནང་བ་རེད།

ཧུའུ་ནན་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པ་དང་བཅས་པ་སྔ་རྗེས་སུ་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་དང་མཐོ་རིམ་སློབ་འབྲིང་གསུམ་པར་ཕེབས་ཏེ། ཧུའུ་ནན་གྱི“ཚོགས་སྒྲིག་རྣམ་པའི”སྨན་བཅོས་དང་སློབ་གསོའི་ཤེས་ལྡན་པའི་བོད་སྐྱོར་རྣམ་གྲངས་ལ་རྟོག་ཞིབ་གནང་བ་མ་ཟད། ད་དུང་བོད་སྐྱོར་སྨན་པ་དང་དགེ་རྒན་དབར་སྤེལ་རེས་ཀྱང་གཏིང་ཟབ་གནང་བ་རེད། ཏུའུ་ཅ་ཧའོ་ཡིས་ས་གནས་འདི་གར་སྨན་ཁང་དང་སློབ་གྲྭ་སྐྲུན་རོགས་བྱེད་པ་དང་སྨན་བཅོས་དང་སློབ་གསོ་སོགས་ཀྱི་སྒྲིག་ཆས་ཁ་སྣོན་རྒྱག་པ་ནི་བོད་སྐྱོར་ལས་དོན་གྱི་ཕྱོགས་གཞན་ཞིག་རེད། དེའི་ནང་གི་འགག་རྩ་ནི་ལྷོ་ཁར་ནམ་ཡང་གནས་པའི་ཆུ་ཚད་མཐོ་བའི་སྨན་བཅོས་དང་དགེ་རྒན་དཔུང་ཁག་ཁག་གཅིག་གསོ་སྐྱོང་བྱ་རྒྱུ་དེ་རེད། ཚང་མས་ཡང་འབད་བསྐྱར་འབད་ཀྱིས་བོད་རིགས་སྤུན་ཟླའི་གཟུགས་གཞི་བདེ་ཐང་འགན་ལེན་དང་ས་གནས་འདི་གའི་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས།

ཏུའུ་ཅ་ཧའོ་ཡིས་གྲ་ནང་རྫོང་བདེ་སྐྱིད་གྲོང་གསར་དུ་ཕེབས་རྗེས་གྲོང་ཚོ་དེའི་སྤྱི་ཡོངས་གནས་སྤོས་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས། དབུལ་སྒྲོལ་འགག་སྒྲོལ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་གྲོང་མི་པད་མ་རྒྱལ་མཚན་གྱི་ཁྱིམ་དུ་ཕེབས་པ་རེད། བོད་རིགས་ཀྱི་སྤུན་ཟླ་རྣམས་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་པ་གསར་པའི་ནང་དུ་བསྡད་ཡོད་པ་གཟིགས་སྐབས། ཁོང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཚང་མའི་འཚོ་བ་ཉིན་རེ་བཞིན་ལེགས་སུ་ཕྱིན་པས། ང་ཚོས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་བསམ་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས་ཞེས་གསུངས།

བོད་ལྗོངས་ཅང་ཡ་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་ནི་ཀྲུའུ་ཀྲོའུ་བོད་སྐྱོར་ལས་དོན་རུ་ཁག་གིས་ནང་འདྲེན་བྱས་པའི་ལྷོ་ཁ་གྲོང་ཁྱེར་དུ་གཞིས་ཚུགས་པའི་སྐྱེ་དངོས་ཚན་རྩལ་ཀུང་སི་ཞིག་རེད། ཏུའུ་ཅ་ཧའོ་ཡིས་རྟོག་ཞིབ་གནང་རྗེས་ལྷོ་ཁ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་དང་བསྟུན་ནས་ང་ཚོས་ཐོན་ལས་བོད་སྐྱོར་ལ་སྔར་བས་དོ་ཁུར་བྱེད་དགོས། ལྷོ་ཁར་རྐང་འཛིན་ཁེ་ལས་དང་། ཀ་རྟེན་ཐོན་ལས། ཐོན་རྫས་རྩེ་གྲ མ་རྩ་བརྟན་པོ་བཅས་སྐྱེད་སྲིང་བྱ་ཆེད། ལྷོ་ཁའི་རང་བརྟེན་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་གསུངས།

ཏུའུ་ཅ་ཧའོ་ཡིས་ད་དུང་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་འབྲོག་པ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་ཡང་མཇལ་འཕྲད་གནང་བ་རེད། ཁོང་གིས་ཁྱེད་ཚོ་ཕ་བུ་མི་རབས་གཉིས་ཀྱིས་ལོ་བཅུ་ཕྲག་ཉིན་གཅིག་ལྟར་སྐད་གྲགས་མེད་པར་མེས་རྒྱལ་གྱི་མངའ་ཁོངས་ས་ཆ་བསྲུངས་ཡོད། ཏང་ལ་ལྷག་བསམ་རྣམ་དག་དང་། མེས་རྒྱལ་ལ་དགའ་ཞེན། མཐའ་མཚམས་སྲ་བརྟན་བཅས་ཀྱི་འགྱུར་མེད་དད་སེམས་དང་སྙིང་རུས་ལ་མི་རྣམས་ཡིད་སྨོན་སྐྱེ་འོས་པ་ཞིག་ཡོད། བོད་རང་སྐྱོང་ལྗོངས་དང་ལྷོ་ཁ་མཉམ་དུ་ཡུལ་སྨད་ཡག་པོ་སྐྲུན་པ་དང་མཐའ་མཚམས་ཡག་པོ་སྲུང་བ་ནི་ཧུའུ་ནན་གྱི་འདོར་ཐབས་མེད་པའི་འགན་འཁྲི་ཞིག་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྱེད་ཚོར་སྤྲིངས་གནང་བའི་འཕྲིན་ལན་གྱི་དགོངས་དོན་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ཡུལ་སྨད་ཤང་གི་འབྱོར་འབྲིང་གྲོང་ཚོའི་འབྲེལ་ཡོད་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ། ཡུལ་སྨད་ཤང་གངས་ལྗོངས་མཐའ་མཚམས་ཀྱི་བཀྲག་མདངས་འཚེར་བའི་མུ་ཏིག་ལྟ་བུར་འགྱུར་བ་བྱ་རྒྱུ་ཡིན་ཞེས་གསུངས།

ཏུའུ་ཅ་ཧའོ་ཡིས་ཚེས་༤ཉིན་གྱི་ཕྱི་དྲོར་འཚོགས་པའི་ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་ཧུའུ་ནན་གྱི་ཁ་གཏད་བོད་སྐྱོར་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ཚན་རིག་བོད་སྐྱོར་དང་། གནད་སྨིན་བོད་སྐྱོར། དོན་གཉེར་བོད་སྐྱོར་བཅས་མཐའ་འཁྱོངས་བྱས་ནས། ཁ་གཏད་བོད་སྐྱོར་ལས་ཀའི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

རྟོག་ཞིབ་གནང་རིང་ཏུའུ་ཅ་ཧའོ་ཡིས་ད་དུང་ཧུའུ་ནན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པའི་སྡོད་གནས་སུ་ཕེབས་ནས་བོད་སྐྱོར་ལས་བྱེད་པར་འཚམས་འདྲི་གནང་བ་རེད།

ཚེས་༦ཉིན་གྱི་སྔ་དྲོར་ཧུའུ་ནན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱིས་ལྷ་ས་གྲོང་ཁྱེར་དུ་ཁ་གཏད་རོགས་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

ཏུའུ་ཅ་ཧའོ་ཡིས་ཚོགས་འདུའི་ཐོག ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་དང་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྤྱི་འདོམས་སྐུལ་འདེད་བཏང་བས། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་ཉིན་རེ་ལས་མ་བསྡད་པར་ལེགས་སུ་ཕྱིན་ཡོད། ལྷག་དོན་དུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཚན་ཁག་ལ་དམ་འཛིན་དང་དཔུང་ཁག་གི་སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཉམས་མྱོང་དང་བྱེད་ཐབས་བཟང་པོ་དང་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་སྤྱོད་ཚུལ་བཟང་པོ་དང་ལེགས་སྐྱེས་ཀྱི་སྙིང་སྟོབས་ལ་ང་ཚོས་སློབ་སྦྱོང་ནན་ཏན་བྱེད་རིན་ཡོད། བོད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ནི་མཁས་མཛངས་ལྡན་ལ་ཡང་དག་ཡིན་པ་གསལ་བཤད་གང་ལེགས་ཐུབ་པ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཆེན་པོ་གང་ལེགས་མངོན་ཐུབ་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་གསོན་ཤུགས་ཆེན་པོ་གང་ལེགས་མངོན་ཐུབ་ཅེས་གསུངས།

ཏུའུ་ཅ་ཧའོ་ཡིས་བོད་ལྗོངས་ལྷོ་ཁར་ཁ་གཏད་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ཧུའུ་ནན་ལ་དཀྲིས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། གོམ་སྟབས་རྗེས་མར་ཧུའུ་ནན་གྱིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན། ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ཏེ། བརྩེ་དུང་དང་འགན་སེམས་ཡོད་པའི་སྒོ་ནས་ཁ་གཏད་བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་པ་དང་། བོད་ལྗོངས་དང་ལྷོ་ཁའི་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་བླ་ན་མེད་པའི་རྒྱལ་ཁབ་ས་ཆ་ཡག་པོ་སྲུང་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་བྱ་རྒྱུ་ཡིན། “ལོ་ལྔ་ཚན་བཅུ་གསུམ་པའི”བོད་སྐྱོར་འཆར་འགོད་ལག་བསྟར་ནན་ཏན་བྱས་ཏེ། སློབ་གསོ་དང་། འཕྲོད་བསྟེན། ལས་ཞུགས། སྤྱི་ཚོགས་འགན་སྲུང་སོགས་དམངས་འཚོའི་གཙོ་གནད་གནད་དོན་དང་དཀའ་ཚེགས་གནད་དོན་ལ་དེ་བས་དམིགས་པ་དང་། དབུལ་སྒྲོལ་འགག་སྒྲོལ་དང་མཐའ་མཚམས་གྲོང་ཚོ་འཛུགས་སྐྲུན་སོགས་ཀྱི་ཁ་ཚ་དགོས་གཏུག་གི་ལས་འགན་དེ་བས་ཡག་པོ་སྒྲུབ་པ། རོགས་སྐྱོར་བྱ་ཡུལ་གྱི་འཕེལ་རྒྱས་དགོས་མཁོར་དེ་བས་དམིགས་པ་བཅས་བྱས་ནས། བོད་སྐྱོར་མ་དངུལ་དང་རྣམ་གྲངས་དོན་ཐོག་ཏུ་འཁྱོལ་བ་དང་། ཕན་པ་དངོས་འཐོབ་རྒྱུར་སྐུལ་འདེད་གཏོང་གི་ཡིན་ཞེས་གསུངས།

བཞུགས་མོལ་ཚོགས་འདུའི་ཐོག་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས་ཧུའུ་ནན་ཞིང་ཆེན་གྱིས་ཡུན་རིང་ནང་བོད་ཀྱི་ལས་དོན་ལ་མཐོང་ཆེན་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད། ཁོང་གིས་དམིགས་བསལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་གྱི་ངོས་ནས་བོད་ལ་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་ཐོབ་ཡོད། ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་འཕེལ་རྒྱས་བརྟན་ལྷིང་གི་ལས་དོན་ཁག་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཁ་ཕྱོགས་སྟངས་འཛིན་དང་ཇུས་བཀོད་གནང་སྟེ། ང་ཚོར་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུར་འབད་བརྩོན་བྱེད་ཕྱོགས་གསལ་སྟོན་གནང་བ་མ་ཟད། ད་དུང་རྩ་བའི་གཞི་འཛིན་སའང་མཁོ་འདོན་གནང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུད་དང་། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། སྤྱི་འདོམས་ཇུས་འགོད་དང་། འགག་སྒྲོལ་དཀའ་སེལ། སྙིང་རུས་གཏན་འཁྱོངས། ཤུགས་སྣོན་ཆད་མེད་བཅས་བྱས་ནས་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་འཐོབ་རྒྱུར་སྐུལ་འདེད་བཏང་བས་བོད་ཀྱི་ལོ་རྒྱུས་ཐོག་གི་དུས་སྐབས་ཡག་ཤོས་གྲས་སུ་སླེབས་ཡོད་ཅེས་གསུངས།

ཝུའུ་དབྱིང་ཅེས་དུས་ཡུན་རིང་པོའི་ནང་ཧུའུ་ནན་ཞིང་ཆེན་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་ཁ་གཏད་བོད་སྐྱོར་གྱི་འཐབ་ཇུས་ལག་བསྟར་བྱེད་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཁ་གཏད་བོད་སྐྱོར་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་སྔ་བར་ཕྱི་གསུམ་དུ་ཆབ་སྲིད་ཀྱི་ལས་འགན་དང་གཟི་བརྗིད་ཀྱི་འགན་འཁྲི་ཞིག་ཏུ་བརྩིས་ནས། ཤེས་ལྡན་པ་དང་། རྣམ་གྲངས། མ་དངུལ། ལག་རྩལ་བཅས་ཀྱི་ཐད་ནས་བོད་སྐྱོར་ཤུགས་ཆེན་བྱས་པས། ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ། ལྷོ་ཁ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ཀྱི་ཡར་ཐོན་ལ་སྐུལ་འདེད་ཐུབ་ཡོད་ཅེས་གསུངས།

བཞུགས་མོལ་ཚོགས་འདུའི་ཐོག་ཆེ་དགྲ་ལྷས་ལྗོངས་ཡོངས་ཀྱི་འཕེལ་རྒྱས་བརྟན་ལྷིང་ལས་དོན་དང་རོགས་སྐྱོར་འཐོབ་ཡུལ་གྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད། ཧུའུ་ནན་ཞིང་ཨུད་ཀྱི་རྒྱུན་ཨུ། རྒྱུན་ལས་ཧྲེང་ཀྲང་གཞོན་པ་ཁྲེན་ཤང་ཆུན་གྱིས་ཧུའུ་ནན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་བོད་སྐྱོར་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད།