༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ཇོ་མོ་གླང་མའི་སྣོད་བཅུད་མུ་མཐུད་ཇེ་ལེགས་སུ་འགྲོ་བ།

来源:ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ2018-07-04 11:55:49 查看数0

528132_yis_1530590260326.jpg

ཉེ་བའི་ལོ་ཤས་རིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། དེ་བཞིན་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་ཐུན་མོང་འབད་བརྩོན་འོག ཇོ་མོ་གླང་མ་ཁུལ་དུ་ཁོར་ཡུག་སྲུང་སྐྱོང་གི་བྱེད་ཐབས་ནན་པོ་ད་བར་དུ་ལག་ལེན་བསྟར་གྱི་ཡོད་ལ། སྣ་མང་མཉམ་ཞུགས་ཀྱིས་ཇོ་མོ་གླང་མའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པའི་རྣམ་པ་ཞིག་ཀྱང་ཆགས་ཡོད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་སྲིད་ཇུས་ནན་པོའི་འོག ཇོ་མོ་གླང་མའི་རང་རྒྱལ་ཕྱོགས་ཀྱི་ས་ཁོངས་སྣོད་བཅུད་ཁོར་ཡུག་མུ་མཐུད་ལེགས་སུ་འགྲོ་བཞིན་ཡོད་པ་རེད། འདི་ནི་ཉེ་ཆར་ས་བབ་སྨི་༥༢༠༠ད་པའི་ཇོ་མོ་གླང་མའི་སྒར་ས་ཆེན་པོའི་ནང་ཁོར་ཡུག་འཕྲོད་བསྟེན་པས་གད་སྙིགས་གཙང་སེལ་བྱེད་པའི་གནས་ཚུལ་ཡིན་པ།