༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཆིང་ཏའོ་དབུ་ཚོགས་ཀྱི་ཁྱབ་རྒྱ་ཆུང་བའི་གྲོས་མོལ་གཙོ་སྐྱོང་གནང་།

来源:ཀྲུང་གོའི་བོད་སྐད་རླུང་འཕྲིན་ད2018-06-12 10:38:43 查看数0

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་ཞུགས་རྒྱལ་ཁབ་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅོ་བརྒྱད་པའི་ཁྱབ་རྒྱ་ཆུང་བའི་གྲོས་མོལ་སྤྱི་ཚེས་༡༠ཉིན་ཆིང་ཏའོ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་འཚོགས་ཡོད་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད། རྒྱ་གར་གྱི་ཙུང་ལི་མོ་ཏི་དང་། ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲར་པ་ཡེ་ཧྥུ། ཅིར་ཅི་སི་སེ་ཐན་གྱི་ཙུང་ཐུང་རེ་ཨེན་པེ་ཁོ་ཧྥུ། ཕ་ཁི་སི་ཐན་གྱི་ཙུང་ཐུང་ཧོའུ་སེ་དབྱིན། ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་། ཐ་ཅི་ཁེ་སི་ཐན་གྱི་ཙུང་ཐུང་ལ་ཧེ་མེང་། ཝུ་ཙེ་པེ་ཁེ་སི་ཐན་གྱི་ཙུང་ཐུང་མེའར་ཅི་ཡུའེ་ཡེ་ཧྥུ་བཅས་གྲོས་ཚོགས་ལ་ཕེབས་ཞུགས་གནང་ཡོད་པ་རེད། ཁོངས་ཞུགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་པས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་གོང་འཕེལ་དང་དེ་བཞིན་གལ་ཆེའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་ཡོད།

སྔ་དྲོའི་ཆུ་ཚོད་དགུ་པ་ཙམ་ལ། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་ཞུགས་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་རིམ་བཞིན་ཚོགས་རར་ཕེབས་ཡོད། ཞི་ཅིན་ཕིང་གིས་སྤྲོ་སེམས་འཁོལ་བའི་ངང་ནས་བསུ་བ་ཞུས་གནང་བ་མ་ཟད། ཁོང་རྣམ་པ་དང་རེ་རེ་བཞིན་ཕྱག་བཏང་གནང་ཡོད་པ་དང་། དེ་རྗེས་ལྷན་བཞུགས་སྐུ་པར་བསྐྱོན་ཡོད་པ་རེད། 
ཞི་ཅིན་ཕིང་གིས་གསུངས་བཤད་གནང་སྐབས། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་བཙུགས་ནས་ལོ་17སོང་ཚུན། འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ། ཧྲང་ཧའེ་སྙིང་སྟོབས་རྒྱུན་འཁྱོངས་བྱས་པ་དང་། གལ་ཆེའི་གྲུབ་འབྲས་ཐོབ་ནས། འཛམ་གླིང་ཐོག་ཤུགས་རྐྱེན་གལ་ཆེན་ལྡན་པའི་ཕྱོགས་བསྡུས་རང་བཞིན་གྱི་ས་ཁོངས་སྒྲིག་འཛུགས་ཤིག་ལ་གྱུར་ཡོད། ད་ལྟ། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གནས་ཡོད་པས། ང་ཚོས་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། ཕྱི་ནང་གཉིས་ཀྱི་འགྲན་རྩོད་ལ་་ཁ་གཏད་ཧུར་ཐག་བཅོག་པ། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཅས་བྱས་ཏེ། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་བརྟན་པོའི་ངང་མདུན་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་གོང་འཕེལ་ཐད་གྲོས་འགོ་ཁག་བཞི་བཏོན་གནང་ཡོད་པ་སྟེ།

དང་པོ། ཧྲང་ཧའེ་སྙིང་སྟོབས་དར་སྤེལ་བཏང་ནས། མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་རྒྱག་དགོས་པ།

གཉིས་པ། བདེ་འཇགས་མཉམ་ལས་ལ་སྐུལ་འདེད་བཏང་ནས། ལག་གདང་སྦྲེལ་ཏེ་ འགྲན་རྩོད་ལ་ཁ་གཏད་བཅོག་པ།

གསུམ་པ། དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཐུན་མོང་གོང་འཕེལ་ལ་སྐུལ་འདེད་གཏོང་བ།

བཞི་པ། དགེ་མཚན་ལྡན་པའི་ཤུགས་རྐྱེན་འདོན་སྤེལ་བྱས་ནས། རྒྱལ་སྤྱིའི་འགན་འཁྲི་མངོན་པར་བྱེད་རྒྱུ་བཅས་ཡིན།

ཞི་ཅིན་ཕིང་གིས། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ནི་དུས་རབས་གོང་འཕེལ་གྱི་རླབས་རྒྱུན་དང་བསྟུན་པ་དང་། རྒྱལ་ཁབ་ཁག་གི་ཐུན་མོང་ཁེ་ཕན་དང་མཐུན་པའི་བྱ་བཞག་ཅིག་ཡིན། ང་ཚོས་ཕྱོགས་ཁག་དང་མཉམ་དུ། ཐོག་མའི་བསམ་འདུན་མི་བརྗེད་པར། ལག་གདང་འབྲེལ་ནས་མདུན་སྐྱོད་བྱས་ཏེ། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་གོང་འཕེལ་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། དེ་བས་དམ་ཟབ་ཀྱི་ལས་དབང་ཐུན་མོང་མ་ལག་འཛུགས་པ། འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོབ་དང་། མིའི་རིགས་ཀྱི་གོང་འཕེལ་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་སྔར་བས་ཆེ་བ་འབུལ་འདོད་ཡོད་ཅེས་ནན་བཤད་གནང་ཡོད་པ་རེད།

ཁོངས་ཞུགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་པས་ཀྲུང་གོས་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་ནས་ལོ་གཅིག་སོང་ཚུན་ཁོངས་ཞུགས་རྒྱལ་ཁབ་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དང་སྒྲིག་འཛུགས་དེའི་གོང་འཕེལ་ཆེད་ལེགས་སྐྱེས་ཕུལ་བར་ཚད་མཐོའི་གདེང་འཇོག་གནང་ཡོད་པ་དང་། མགྲིན་དབྱངས་གཅིག་གྱུར་ངང་། ཐེངས་འདིའི་གྲོས་ཚོགས་ནི་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་རྒྱ་ཆེར་བཏང་རྗེས་སྐོང་འཚོགས་བྱས་པའི་དབུ་ཚོགས་ཐེངས་དང་པོ་དེ་ཡིན་པས། གལ་ཆེའི་དོན་དངོས་དང་ལོ་རྒྱུས་དོན་སྙིང་ལྡན་ཡོད་པ་དང་། ཁོངས་ཞུགས་རྒྱལ་ཁབ་གསར་པ་ཞུགས་པ་དེས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ནུས་པ་མཐོ་རུ་ཕྱིན་པ། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱིས་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་རྒྱུ་དང་། གོང་འཕེལ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འཁུར་བའི་འགན་འཁྲི་ཇེ་ཆེར་འགྲོ་གི་ཡོད་པའི་ངོས་འཛིན་གནང་བ་དང་། དུས་བབ་གསར་པའི་འོག་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱིས་ཧྲང་ཧའེ་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མུ་མཐུད་ནས་འབྲེལ་གཏུག་མཐུན་སྦྱོར་གཏིང་ཟབ་ཏུ་གཏོང་བ། གོ་སྐབས་དམ་འཛིན་གང་ལེགས་བྱེད་པ། འགྲན་རྩོད་ལ་ཁ་གཏད་འོས་འཚམ་གཅོག་པ། དཔལ་འབྱོར་ཉོ་ཚོང་དང་དངུལ་རྩ། ཞིང་ལས། མཉམ་སྦྲེལ་མཉམ་མཐུད། མི་ཆོས་རིག་གནས་སོགས་ཐད་ཀྱི་ཕྱོགས་ཡོངས་མཉམ་ལས་ལ་སྐུལ་འདེད་གཏོང་བ། ངན་ཤུགས་གསུམ་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་བཅས་བྱས་ཏེ། སྒྲིག་འཛུགས་འདི་རྒྱུན་མཐུད་དང་སྐྱོན་བྲལ། བརྟན་ལྷིང་བཅས་ཀྱི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་འགན་ལེན་བྱེད་དགོས་པའི་ངོས་འཛིན་གནང་ཡོད།

གྲོས་ཚོགས་ཐོག སྤྱི་ལོ་༢༠༡༩ལོའི་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་དབུ་ཚོགས་ཅིར་ཅི་སི་སི་ཐན་དུ་སྐོང་འཚོག་བྱ་རྒྱུའི་གཏན་འབེབས་གནང་ཡོད་པ་རེད།