༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཆིན་ཏའོ་མཐོ་རིམ་གྲོས་ཚོགས་ཚོགས་པ་དང་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

来源:མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒ2018-06-12 10:38:42 查看数0

上海合作组织青岛峰会举行 习近平主持会议并发表重要讲话.jpg

ཟླ་དྲུག་པའི་ཚེས་བཅུ་ཉིན། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་ཆིན་ཏའོ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་ནས་ཚོགས་པ་དང་། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

上海合作组织青岛峰会举行 习近平主持会议并发表重要讲话 444.jpg

ཟླ་དྲུག་པའི་ཚེས་བཅུ་ཉིན། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་ཆིན་ཏའོ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་ནས་ཚོགས་པ་དང་། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཟླ་དྲུག་པའི་ཚེས་བཅུ་ཉིན། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་ཆིན་ཏའོ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་ནས་ཚོགས་པ་དང་། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་རྒྱུན་བཙུགས་ལས་ཁུངས་ཀྱི་འགན་འཁུར་བ། ལྟ་ཞིབ་པའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ། དེ་མིན་མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་གྲོས་ཚོགས་ལ་ཞུགས། ཚོགས་འདུར་ཞུགས་པའི་ཕྱོགས་སོ་སོས་མཉམ་དུ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཕྱིར་དྲན་བྱས་ཤིང་། རྩ་འཛུགས་འདིའི་འཕེལ་རྒྱས་གནས་བབ་དང་ལས་འགན། མདུན་ལྗོངས་སོགས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། རྒྱལ་སྤྱི་དང་ས་གནས་གནད་དོན་མཐུན་སྦྱོར་ལངས་ཕྱོགས་ཐད་ནས་ཐུན་མོང་གི་ལྟ་ཚུལ་གང་མང་བཏོན།

ཉིན་དེའི་སྔ་དྲོའི་དུས་ཚོད་བཅུ་གཅིག་གི་སྟེང་གྲོས་ཚོགས་དངོས་སུ་ཚོགས་འགོ་བརྩམས་པ་དང་ཞི་ཅིན་ཕིང་གིས་གྲོས་ཚོགས་ཚོགས་འགོ་བརྩམས་པར་ཤིས་ཚིག་ཕུལ། ཁོང་གིས་ཐོག་མར་ཕྱོགས་སོ་སོས་ལོ་གཅིག་གི་རིང་ལ་ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བའི་བྱ་བར་རྒྱབ་སྐྱོར་དང་གཞོགས་འདེགས་ཆེན་པོ་བྱས་པར་བཀའ་དྲིན་ཆེ་ཞུས་པར་མ་ཟད། ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ནི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱིས་ཁོངས་གཏོགས་རྒྱལ་ཁབ་རྒྱ་སྐྱེད་པའི་ཚུན་ལ་བསྡུས་པའི་མཐོ་རིམ་གྲོས་ཚོགས་ཐོག་མ་ཡིན་པ་དང་། དེ་ལ་སྔར་སྲོལ་རྒྱུན་མཐུད་དང་མ་འོངས་གསར་གཏོད་པར་དོན་སྙིང་གལ་ཆེན་ལྡན་ཞེས་བསྟན་པ་དང་། རྒྱ་གར་གྱི་ཙུང་ལི་མའོ་ཏེ་དང་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཧིག་སེ་དབྱིན་གཉིས་ཀ་ཐོག་དང་པོར་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཚུལ་གྱིས་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་དགའ་བསུ་ཞུས།

དེར་མཐུད་ནས་ཞི་ཅིན་ཕིང་གིས་ཁ་ཡིག་ལ་ཧྲང་ཧེ་སྙིང་སྟོབས་དར་སྤེལ་བྱས་ཏེ་ལས་དབང་གཅིག་པའི་ཚོགས་པ་གསར་སྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཧྲང་ཧེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་བཅུ་བདུན་གྱི་རིང་ལ། སྤྱིར་བཏང་མ་ཡིན་པའི་འཕེལ་རྒྱས་རྒྱུད་རིམ་བརྒྱུད་མྱོང་བ་དང་གཡུར་དུ་ཟ་བའི་གྲུབ་འབྲས་བླངས། ད་ལྟའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ནི་འཛམ་གླིང་སྟེང་དུ་ཁོངས་གཏོགས་རྒྱལ་ཁབ་ཆེས་མང་ཞིང་མི་གྲངས་ཆེས་མང་བའི་ཕྱོགས་བསྡུས་རང་བཞིན་གྱི་ཁུལ་ཁོངས་མཉམ་ལས་རྩ་འཛུགས་ཤིག་ཡིན་པ་དང་། རྒྱལ་སྤྱིའི་ཤུགས་རྐྱེན་སྔར་ལས་ཇེ་ཆེར་འགྲོ་བཞིན་ཡོད་པས། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱིའི་འདྲ་མཉམ་དང་དྲང་བཞག་སྲུང་སྐྱོབ་བྱེད་པར་མཐོང་ཆུང་བྱེད་མི་རུང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཧྲང་ཧེ་སྙིང་སྟོབས་ནི་ང་ཚོའི་ཐུན་མོང་གི་རྒྱུ་ནོར་ཡིན་པ་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ནི་ང་ཚོའི་ཐུན་མོང་གི་ཁྱིམ་གཞི་ཡིན། ང་ཚོས་མུ་མཐུད་དུ་ཧྲང་ཧེ་སྙིང་སྟོབས་ཀྱི་མཛུབ་སྟོན་འོག དཀའ་སྡུག་མཉམ་མྱོང་དང་དངོས་གཉེར་མཉམ་ལས་བྱེད་པ་དང་། སེམས་ཤུགས་གཅིག་སྒྲིལ་སྒོས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་པའི་ཚོགས་པ་གསར་སྐྲུན་བྱེད་དགོས་ལ། རྣམ་པ་གསར་བའི་རྒྱལ་སྤྱིའི་འབྲེལ་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། ཡུན་རིང་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས། མཉམ་དུ་དར་རྒྱས་སུ་འགྲོ་བ། སྒོ་འབྱེད་བཟོད་སྒོམ། དྭངས་གཙང་མཛེས་སྡུག་གི་འཛམ་གླིང་ཞིག་མཉམ་སྐྲུན་བྱེད་དགོས། གཅིག མཐུན་སྒྲིལ་ཡིད་ཆེས་ཀྱི་སྟོབས་ལྡན་ནུས་ཤུགས་གཅིག་སྡུད་བྱེད་དགོས། གཉིས། ཞི་བདེ་བདེ་འཇགས་ཀྱི་ཐུན་མོང་རྨང་གཞི་སྲ་བརྟན་དུ་གཏོང་དགོས། གསུམ། མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བའི་སྟོབས་ལྡན་འདེགས་ཤུགས་གསར་སྐྲུན་བྱེད་དགོས། བཞི། མི་གཞུང་བརྗེ་རེས་མཉམ་ལས་ཀྱི་སྦྲེལ་ཐག་ཇེ་དམ་དུ་གཏོང་དགོས། ལྔ། རྒྱལ་སྤྱིའི་མཉམ་ལས་ཀྱི་གྲོགས་པོའི་དྲ་རྒྱ་མཉམ་དུ་རྒྱ་བསྐྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་མཇུག་མཐར་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཁོངས་གཏོགས་རྒྱལ་ཁབ་སོ་སོ་དང་མཉམ་དུ་ཧུར་ཐག་དངོས་གཉེར་དང་མཛའ་མཐུན་མཉམ་ལས་ཀྱི་སྙིང་སྟོབས་གཞིར་བཟུང་སྟེ། ཐེངས་འདིའི་གྲོས་ཚོགས་ཀྱི་ཐུན་མོང་གི་ལྟ་ཚུལ་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ་དང་། སྐབས་རྗེས་མའི་ཀྲུའུ་ཞི་རྒྱལ་ཁབ་ཅི་ཨར་ཅི་སི་སི་ཐན་གྱི་བྱ་བར་རྒྱབ་སྐྱོར་བྱས་ཏེ། ཧྲང་ཧེ་མཉམ་ལས་རྩ་འཛུགས་ལ་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་ཞིག་མཉམ་སྐྲུན་བྱེད་དགོས་ཟེར།

རྒྱ་གར་གྱི་ཙུང་ལི་མའོ་ཏེ་དང་ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲ་ཨར་པ་ཡེ་ཧྥུའུ། ཅི་ཨར་ཅི་སི་སི་ཐན་གྱི་ཙུང་ཐུང་རེ་ཨུན་པེ་ཁི་ཧྥུའུ། ཕ་ཁི་སི་ཐན་གྱི་ཙུང་ཐུང་ཧིག་སེ་དབྱིན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན། ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་ཧི་མན། བུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡོ་ཡེ་ཧྥུའུ་སོགས་ཀྱིས་ཚོགས་ཐོག་ཏུ་གཏམ་བཤད། ཁོ་ཚོས་ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་ཐད་ལ་བཞག་པའི་བྱས་རྗེས་དང་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགན་འཁུར་བའི་སྐབས་སུ་བསྒྲུབས་པའི་བྱ་བར་གདེང་འཇོག་ཆེན་པོ་གནང་བ་དང་། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱིས་རྒྱ་གར་དང་ཕ་ཁི་སི་ཐན་གཉིས་ཀ་ཁོངས་གཏོགས་རྒྱལ་ཁབ་ཏུ་དང་ལེན་བྱས་པའི་དོན་སྙིང་གལ་ཆེན་ལ་གདེང་འཇོག་བྱས། ཕྱོགས་སོ་སོས་གཅིག་གྱུར་སྒོས་བལྟས་ན། ཧྲང་ཧེ་སྙིང་སྟོབས་མུ་མཐུད་དུ་བརྩི་སྲུང་བྱས་ཏེ། ཆབ་སྲིད་དང་བདེ་འཇགས། དཔལ་འབྱོར། མི་གཞུང་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། ཕྱོགས་མང་ཉོ་ཚོང་བརྗེ་རེས་རྐྱེན་སྲོལ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བར་མ་ཟད། རྒྱལ་སྤྱིའི་བཅའ་ཁྲིམས་སྒྲིག་སྲོལ་གྱི་སྤྱི་ཁོག་ནང་དུ་ས་གནས་ཀྱི་གནད་དོན་གཙོ་བོ་ཐག་བཅད་ནས། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་པ་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་ངེས་ཡིན་ཟེར།

གྲོས་ཚོགས་ཀྱི་སྔོན་ལ། ཞི་ཅིན་ཕིང་གིས་ཕྱོགས་སོ་སོའི་སྐུ་མགྲོན་དང་མཉམ་དུ་པར་བླངས་ནས་དྲན་རྟེན་དུ་བཞག

ཏེན་ཞའོ་ཞང་དང་དབྱང་ཅེ་ཁྲིས། ཝང་དབྱིས། ཧི་ལིས་ཧྥུན་སོགས་གྲོས་ཚོགས་ལ་ཞུགས།