༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ཞིང་འབྲོག་མང་ཚོགས་ཀྱིས་དགའ་བསུ་ཐོབ་པའི་ཚགས་པར་ཞིག་གཉེར་བ།

来源:2018-06-10 14:22:13 查看数0

ཟླ་༦ཚེས་༨ཉིན། པེ་ཅིང་གྲོང་ཁྱེར་ཡན་ཆིང་ཆུས་ཀྱིས་གསར་དུ་བཏོད་པའི་ལེ་དབར་ཁྲི་ཡི་ལྕགས་རི་རིང་པོ་སྲུང་སྐྱོང་གི་དང་བླངས་ཞབས་ཞུའི་མནའ་འབྲེལ་བཙུགས་ཤིང་། ཧོ་པེ་ཞིང་ཆེན་ཀྲང་ཅ་ཁའུ་གྲོང་ཁྱེར་དང་པེ་ཅིང་གྲོང་ཁྱེར་ཡན་ཆིང་ཆུས་དང་། ཧུའེ་རའུ་ཆུས། སྨི་ཡུན་ཆུས། དེ་བཞིན་པེ་ཅིང་དུ་ཡོད་པའི་ཕྱི་སྦྱོང་སློབ་མ་སོགས་དང་བླངས་ཞབས་ཞུའི་རུ་ཁག་༡༠དང་བླངས་ཞབས་ཞུའི་མནའ་འབྲེལ་ནང་ཞུགས་པ་རེད། དང་བླངས་པ་ཚོས་ལོ་ལྟར་ལྕགས་རི་རིང་པོར་ཡུལ་སྐོར་སྣེ་ཤན་པ་བྱེད་པ་དང་། ལྕགས་རི་རིང་པོའི་གཙང་སྦྲ་འཕྲོད་བསྟེན་ལ་སྲུང་སྐྱོང་། ཚུལ་མིན་གྱི་བྱེད་སྤྱོད་བཀག་འགོག ལྕགས་རི་རིང་པོའི་རིག་གནས་དྲིལ་བསྒྲགས་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།