༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ལིས་ཀྲན་ཧྲུའུ་ཡིས་ནང་སོག་ནས་མཁའ་དབུགས་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་གཟིགས་ཞིབ་མཛད།

来源:མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒ2018-06-07 22:21:50 查看数0


      ཟླ་དྲུག་པའི་ཚེས་གཉིས་ཉིན་ནས་ཚེས་ལྔ་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ནང་སོག་རང་སྐྱོང་ལྗོངས་ནས་མཁའ་དབུགས་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་གཟིགས་ཞིབ་མཛད། 

栗战书.jpg

ཟླ་དྲུག་པའི་ཚེས་གཉིས་ཉིན་ནས་ཚེས་ལྔ་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ནང་སོག་རང་སྐྱོང་ལྗོངས་ནས་མཁའ་དབུགས་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་གཟིགས་ཞིབ་མཛད།


ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཟླ་དྲུག་པའི་ཚེས་གཉིས་ཉིན་ནས་ཚེས་ལྔ་ཉིན་བར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་ཁྲིད་དེ་སྔ་གཞུག་ཏུ་ནང་སོག་རང་སྐྱོང་ལྗོངས་མཁར་སྔོན་པོ་དང་པོ་ཐིག ཨིག་ཨར་ཏོ་སི་བཅས་ནས་མཁའ་དབུགས་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་གཟིགས་ཞིབ་མཛད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་སྒོས་ལག་ལེན་མཐར་ཕྱིན་བྱེད་པ་དང་། འགན་འཁྲི་ཇེ་དྲག་ཏུ་གཏོང་བ། མཁའ་དབུགས་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ཁྱོན་ཡོངས་དང་ནུས་ཡོད་སྒོ་ལག་བསྟར་བྱས་ནས། མེས་རྒྱལ་བྱང་ཕྱོགས་མཐའ་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་འགོག་སྲུང་མ་ལག་རྒྱུན་ཆད་མེད་པར་འཛུགས་སྐྲུན་བཟང་བོ་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་དག་གཙང་མཁའ་དབུགས་ལོངས་སྤྱོད་བྱེད་པར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།

གློག་ཤུགས་དང་རྣོ་ལྕགས། རྡོ་སོལ། རྫས་འགྱུར་བཟོ་ལས། ནུས་ཁུངས་གསར་བའི་རླངས་འཁོར་སོགས་ཁེ་ལས་སུ་ལིས་ཀྲན་ཧྲུའུ་ཡིས་ཁེ་ལས་ཀྱི་ལག་རྩལ་རིམ་སྤར་བསྒྱུར་བཀོད་དང་ནུས་ཁུངས་གྲོན་ཆུང་། བཙོག་རྫས་ཉུང་འདོན་བཅས་ཐད་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད། ཁོང་གིས་གསུངས་རྒྱུར། སྐྱེ་ཁམས་ཁོར་ཡུག་གནད་དོན་མཐར་གཏུགས་ན་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པའི་གནད་དོན་ཡིན་པས། ལྗང་མདོག་གི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས། མགོ་ཁུངས་ནས་བཅོས་སྐྱོང་དང་ཕྱོགས་བསྡུས་སྲིད་སྐྱོང་བྱེད་དགོས་ལ། ཕྱོགས་གཅིག་ནས་ད་ལྟའི་བཙོག་བཟོ་བཅོས་སྐྱོང་བྱེད་པའི་ཐད་ལ་འབད་པ་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་ཚད་གཞིར་བསླེབས་མེད་པའི་བཙོག་རྫས་ཁེ་ལས་བཅོས་སྐྱོང་བྱེད་དགོས། ཕྱོགས་གཞན་ཞིག་ནས་བཙོག་རྫས་ཕྱིར་གཏོང་བའི་ཐད་འབད་པ་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་ཐོན་ལས་དང་ནུས་ཁུངས་སྒྲིག་གཞི་ལེགས་སྒྲིག་བྱས་ནས། རྡོ་སོལ་དག་གཙང་དང་ནུས་ཡོད་སྒོས་བཀོལ་སྤྱོད་བྱེད་པར་འབད་བརྩོན་བྱེད་དགོས་ཟེར།

ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་སོ་སོར་འགོ་འཛིན་མཛད་དེ་རིམ་པ་ལྔའི་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་མང་ཚོགས་ཀྱི་འཐུས་མི་དང་བཞུགས་མོལ་མཛད་པ་དང་། ནང་སོག་འབྲེལ་ཡོད་ཕྱོགས་ཀྱི་གནས་ཚུལ་ཡར་ཞུ་ལ་ཉན་པར་མ་ཟད། རང་སྐྱོང་ལྗོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས་སུ་ཕེབས་ཏེ་ལས་བྱེད་མི་སྣར་འཚམས་འདྲི་མཛད། ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་གསུངས་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཁའ་དབུགས་བཙོག་བཟོ་འགོག་བཅོས་བྱ་བ་བཟང་བོར་སྒྲུབ་པའི་ཐད་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ། ཆབ་སྲིད་ལངས་ཕྱོགས་ཇེ་བརྟན་དུ་གཏོང་བ་དང་། ཆབ་སྲིད་འགན་འཁྲི་ཇེ་དྲག་ཏུ་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་ཡིད་ལ་དམ་པོར་བཅངས་པ་དང་། དོན་དངོས་ཀྱི་བྱ་བའི་ཁྲོད་དངོས་འབེབ་བྱས་ནས། མཁའ་དབུགས་ཇེ་གཙང་དུ་གཏོང་བའི་བྱ་བ་ངེས་པར་དུ་བཟང་བོར་སྒྲུབ་དགོས་ལ། དམངས་འཐུས་ཚོགས་ཆེན་འཐུས་མིའི་འབྲེལ་འདྲིས་ནུས་པ་འདོན་སྤེལ་བཟང་བོ་བྱས་ནས། མང་ཚོགས་ཀྱི་རེ་བ་དུས་ཐོག་ཏུ་ཡར་ཞུ་བྱེད་པ་དང་། མི་དམངས་ཀྱི་བློ་གྲོས་གཅིག་བསྡུ་བྱས་ནས། སྤྱི་ཚོགས་ཡོངས་མཉམ་དུ་བཅོས་སྐྱོང་བྱ་བའི་ཁྲོད་ཞུགས་པའི་རྣམ་པ་བཟང་བོ་ཆགས་པར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།