༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

བོད་རུམ་ཐོན་ལས་བརྗེ་ཚོང་བཤམས་སྟོན་འགྲེམས་ཚོགས་སྐབས་གཉིས་པ་ལྷ་སར་འགོ་ཚུགས་པ།

来源:བོད་ལྗོངས་འཕྲིན་དྲ།2018-01-13 12:06:13 查看数0

     སྤྱི་ཟླ་དང་པོའི་ཚེས ༡༡ ཉིན་གྱི་སྔ་དྲོ།  བོད་རུམ་ཐོན་ལས་བརྗེ་ཚོང་བཤམས་སྟོན་འགྲེམས་ཚོགས་སྐབས་གཉིས་པ་ལྷ་སར་འགོ་ཚུགས་པ་དང་།  བྱེད་སྒོ་དེའི་དམིགས་ཡུལ་ནི་ཕྱོགས་བསྡུས་ལས་སྟེགས་ཀྱི་ཕན་འབྲས་དང་བོད་རུམ་རིག་གནས་སྒྱུ་རྩལ་དྲིལ་བསྒྲགས་འགྲེམས་སྟོན།  བོད་རུམ་རིག་གནས་ཉོ་ཚོང་སྤེལ་རེས་ལ་སྐུལ་འདེད་དང་བོད་རུམ་བཟོ་རྩལ་གྱི་ལག་རྩལ་མཐོར་འདེགས་གཏོང་རྒྱུ།  བོད་རུམ་ཐོན་ལས་རྐང་འཛིན་གྱི་ལེགས་ཆ་ལྡན་པའི་ཁེ་ལས་གསོ་སྐྱོང་བྱས་ཏེ།  བོད་རུམ་ཐོན་ལས་འདི་ཉིད་བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་འདེགས་སྐྱོར་རྣམ་གྲངས་གསར་པ་ཞིག་ཏུ་འགྱུར་བ་བྱེད་རྒྱུ་བཅས་རེད།

ཁྱད་ལྡན་བོད་རུམ་ཐོན་རྫས། འཛམ་བུའི་གླིང་ལ་ཁྱབ་སོང་།

ཤེས་རྟོགས་བྱུང་བར་གཞིགས་ན།  ཐེངས་འདིའི་བོད་རུམ་འགྲེམས་ཚོགས་ཐོག་མུ་མཐུད་ཉོ་ཚོང་འགྲེམས་སྟོན་དང་འགྲེམས་ཚོང་ཟུང་འབྲེལ་གྱི་ནུས་པ་མངོན་གསལ་ཐོན་པ་བྱེད་རྒྱུ་མ་ཟད།  དུས་ཡུན་ཉིན་བཅུའི་རིང་གཙོ་གནད་ཐོག་རང་ལྗོངས་ཀྱི་བོད་རུམ་ཁེ་ལས་ཀྱི་ཁྱད་ལྡན་ཐོན་ཟོག་ཆེད་དོན་འགྲེམས་སྟོན་བྱེད་རྒྱུ་དང་།  བོད་ཀྱི་རིག་གནས་གསར་གཏོད་དང་བོད་རུམ་འགྲེམས་ཚོགས་ཀྱི་དྲ་བའི་སྟེགས་བུ་སོགས་བརྒྱུད་ནས་ནང་དོན་ཁྱབ་བསྒྲགས་བྱ་རྒྱུ།  གཅིག་བསྡུས་ཐོག་གཙོ་གནད་རིག་གནས་ཁེ་ལས ༢༢ དང་ཆེད་ལས་མཉམ་ལས་ཁང་ཁག་གི་རིགས་སྣ་ཚོགས་ཀྱི་བོད་རུམ་དང་སྤུ་ཕྲུག  བསླས་འཐག་སོགས་རིགས་བརྒྱ་ལ་ཉེ་བའི་ཐོན་རྫས་གྲངས་སྟོང་ཁ་ལོན་པ་འགྲེམས་ཚོང་བྱ་རྒྱུ་རེད།། 

སྲོལ་རྒྱུན་ལག་ཤེས་རྒྱུན་འཛིན་བྱས་ཙ་ན། ཕྱུག་འགྱུར་ལམ་བུར་མི་བསྐྱོད་ག་ལ་སྲིད།