༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ནམ་ཡང་ལམ་དུ་ཡོད་པའི་སྙིང་རུས་ཐོག་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་དགོས་ཞེས་ནན་སྟོན་གནང་བ།

来源:ཀྲུང་གོའི་བོད་སྐད་རླུང་འཕྲིན་ད2018-01-13 12:06:08 查看数0
        ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གསུངས་བཤད་གལ་ཆེན་གནང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ནམ་ཡང་ལམ་དུ་ཡོད་པའི་སྙིང་རུས་ཐོག་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཏུ་དགོས་ཞེས་ནན་སྟོན་གནང་བ་དང་། ལི་ཀྲན་ཧྲུའུ་དང་། དབང་ཡང་། ཝང་ཧུའུ་ཉིང་། ཧེན་ཀྲང་བཅས་གྲོས་ཚོགས་ལ་ཞུགས་པ་དང་། ཀྲའོ་ལེ་ཅི་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་བ།ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༡ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར། བྱ་གཞག་རླབས་པོ་ཆེ་ལེགས་འགྲུབ་བྱེད་པར་ ངེས་པར་དུ་ཏང་གི་འགོ་ཁྲིད་ལ་བརྟེན་དགོས་པ་དང་། ཏང་ལ་ངེས་པར་དུ་རྣམ་པ་གསར་པ་ཡོད་དགོས་ལ་གྲུབ་འབྲས་གསར་པ་ཡང་ཐོབ་པ་བྱ་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ལམ་ཆས་བསྐྱར་སྒྲིག་གིས་སླར་ཡང་ལམ་ལ་ཆས་དགོས། ནམ་ཡང་ལམ་དུ་ཡོད་པའི་སྙིང་རུས་ཐོག་ནས་ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཏུ་བཏང་ནས། ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བའི་རྣམ་པ་གསར་པ་ཞིག་གཏོད་དགོས་ཞེས་ནན་སྟོན་གནང་བ་དང་།ཞི་ཅིན་ཕིང་གིས། ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཏུ་གཏོང་བར། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་ཁྲིད་བྱས་ཏེ་འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ། ཁྱོན་ཡོངས་ནས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་རྒྱུར་དམ་པོར་གཞིགས་པ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱ་རྒྱུར་དམ་པོར་དམིགས་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ལམ་ལུགས་འཛུགས་སྐྱོང་བྱ་རྒྱུ་དེ་དག་གི་ཁྲོད་དུ་ཁྱབ་པར་བྱེད་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། རྒྱུན་འཁྱོངས་ཁྲོད་གཏིང་ཟབ་ཏུ་གཏོང་བ་དང་གཏིང་ཟབ་ཏུ་གཏོང་བའི་ཁྲོད་འཕེལ་རྒྱས་གཏོང་བ། ཏང་ནང་ཁུལ་གྱི་ཆབ་སྲིད་སྐྱེ་ཁམས་རྩ་བ་ནས་ལེགས་སུ་འགྲོ་རྒྱུ་མངོན་འགྱུར་བྱེད་པ། ཏང་གི་གསར་གཏོད་བྱེད་ནུས་དང་། གོང་བུར་འགྲིལ་ཤུགས། དམག་འཐབ་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཐུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱེད་པར་འགན་ལེན་ཐུབ་པ་བྱ་དགོས་ཞེས་བསྟན་གནང་ཡོད།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཀྲན་ཧྲུའུ་དང་། དབང་ཡང་། ཝང་ལུའུ་ཉིང་། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལེ་ཅིས་ཚོགས་འདུ་གཙོ་སྐྱོང་གནང་ཡོད་པ་རེད།ཞི་ཅིན་ཕིང་གིས། ཏང་འཛུགས་སྐྱོང་བྱ་རྒྱུའི་ལས་གཞི་རླབས་པོ་ཆེ་གསར་པ་དེ་ནི། རླབས་ཆེན་གྱི་འཐབ་རྩོད་དང་། བྱ་གཞག་རླབས་པོ་ཆེར་སྣེ་ཁྲིད་བྱས་ཏེ། མཇུག་མཐར་རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་པའི་རྩ་བའི་འགན་ལེན་ཡིན། ཏང་ཁྱོན་ཡོངས་ནས་ནན་སྐྱོང་བྱེད་པར། ངེས་པར་དུ་ཁྱོན་ཡོངས་ནས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་དགོས། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པར། ཆེས་རྩ་བ་ནི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་དེ་རེད་ཅེས་ནན་སྟོན་གནང་ཡོད་པ་དང་།ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས། ང་ཚོས་ཏང་ཁྱོན་ཡོངས་ནས་ནན་སྐྱོང་བྱེད་པའི་གནད་འགག་འདི་དམ་འཛིན་གང་ལེགས་བྱས་ཏེ། ང་ཚོའི་ཏང་གི་ལོ་རྒྱུས་ཐོག་སྤྱོད་གོ་ཆོད་པའི་ཉམས་མྱོང་བཟང་པོ་དང་བྱེད་སྟངས་ཡག་པོ་དར་སྤེལ་གཏང་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་། ཉམས་མྱོང་གསར་པར་གསར་སྐྲུན་བྱས་པ། ཏང་ཁྱོན་ཡོངས་ནས་ནན་སྐྱོང་བྱེད་པར་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད། གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མ་ཡིན་པས། ཉམས་མྱོང་ལ་གཅེས་སྤྲས་ཡག་པོ་བྱ་དགོས་པ་དང་། ང་ཚོས་ཡུན་རིང་རྒྱུན་འཁྱོངས་དང་། ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་དགོས། གཅིག་ནས་བསམ་བློར་བརྟེན་ནས་ཏང་འཛུགས་སྐྱོང་དང་ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་བྱ་རྒྱུ་ཕན་ཚུན་གཅིག་གྱུར་ཡོང་བ་བྱེད་པ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་རྒྱུ་རྩ་བའི་ལས་འགན་དུ་བརྩི་བ་དང་། ལམ་ལུགས་འཛུགས་སྐྱོང་དེ་ཉིད་ཏང་འཛུགས་སྐྱོང་གི་ལས་དོན་ཁག་ནང་ཁྱབ་པར་བྱེད་དགོས། གཉིས་ནས་ལས་འགན་གྱི་སྣེ་ཁྲིད་དང་གནད་དོན་གྱི་ཕྱོགས་སྟོན་བྱ་རྒྱུ་ཕན་ཚུན་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། གསུམ་ནས་འགག་རྩའི་ཉུང་ཤས་ལ་དམ་འཛིན་དང་མང་ཆེ་བ་དོ་དམ་བྱ་རྒྱུ་ཕན་ཚུན་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། བཞི་ནས་དབང་ཆ་ལག་བསྟར་བྱ་རྒྱུ་དང་འགན་འཁྲི་འཁུར་རྒྱུ་ཕན་ཚུན་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། འགན་འཁྲི་དམ་བཟུང་གང་ལེགས་བྱེད་པ་དང་། འགན་འཁྲི་རྩད་གཅོད་བྱ་རྒྱུའི་གནད་འགག་གལ་ཆེན་དམ་བཟུང་བྱེད་པ། ལྔ་ནས་དོ་དམ་ནན་པོ་དང་སེམས་ཁུར་དང་ཡིད་ཆེས་བྱ་རྒྱུ་ཕན་ཚུན་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། དྲུག་ནས་ཏང་ནང་ཁུལ་གྱི་ལྟ་སྐུལ་དང་མང་ཚོགས་ཀྱི་ལྟ་སྐུལ་ཕན་ཚུན་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱ་དགོས་ཞེས་བསྟན་གནང་ཡོད།ཞི་ཅིན་ཕིང་གིས། ཏང་ཁྱོན་ཡོངས་ནས་ནན་སྐྱོང་བྱེད་པར་ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་དང་། གཡོ་འགུལ་སྤུ་ཙམ་མི་ཐེབས་པ་བྱ་དགོས། རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཤུགས་རྐྱེན་ཐེབས་པའི་འོག་ཏུ། ང་ཚོའི་ཏང་གི་མདུན་དུ་ལྷགས་པའི་སྲིད་སྐྱོང་ཁོར་ཡུག་སྔར་བཞིན་རྙོག་འཛིང་ཆེ་བ་དང་། ཏང་གི་སྔོན་ཐོན་རང་བཞིན་ལ་ཤུགས་རྐྱེན་པ་དང་། ཏང་གི་དྭངས་གཙང་རང་བཞིན་ཉམས་ཞན་དུ་འགྲོ་བའི་རྒྱུ་རྐྱེན་ཡང་རྙོག་འཛིང་ཆེ་བ་ཞིག་ཡིན། ཏང་གི་དམག་དཔུང་དང་རང་ངོས་ཀྱི་གནས་ཚུལ་ལ་འགྱུར་ལྡོག་གལ་ཆེ་ལ་གཏིང་ཟབ་པ་བྱུང་བ་དང་། ཏང་འཛུགས་སྐྲུན་གྱི་སྤུས་ཚད་ལེགས་སུ་གཏོང་བ་དང་། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཇེ་ལེགས་སུ་གཏོང་བའི་ཁ་ཚ་དགོས་གཏུག་གི་བླང་བྱ་བཏོན་ཡོད་ཅེས་ནན་སྟོན་གནང་ཡོད།ཞི་ཅིན་ཕིང་གིས། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་གྱི་རྩོད་སྒྲུབ་ཀྱི་འབྲེལ་བར་གོ་བ་གཏིང་ཟབ་ལེན་དགོས་ཞེས་བསྟན་གནང་ཡོད།ཞི་ཅིན་ཕིང་གིས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་འཁྱོངས་ལྷོད་མེད་ཀྱིས་དོན་འཁྱོལ་བྱ་དགོས་པ་དང་། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱ་དགོས་པ། མུ་མཐུད་རྟག་བརྟན་དང་ཡུན་རིང་དང་། ནན་པོ་དང་ཏན་ཏིག གཏིང་ཟབ་དང་ཞིབ་ཚགས་བཅས་ཀྱི་ཐད་མུ་མཐུད་འབད་བརྩོན་བྱས་ཏེ། སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་བྱེད་སྲོལ་གྱི་འཕེལ་ཕྱོགས་གསར་པ་དང་མཚོན་ཚུལ་གསར་པར་དོ་སྣང་ཆེན་པོ་བྱས་ཏེ། བསྐྱར་ལོག་ཐེབས་རྒྱུ་སྔོན་འགོག་མཐའ་གཅིག་ཏུ་བྱ་དགོས་ཞེས་ནན་སྟོན་གནང་ཡོད།ཞི་ཅིན་ཕིང་གིས། སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པ་དང་། དོ་ནན་གྱི་སྒྲིག་ཁྲིམས་སྤྱད་དེ་ཏང་ཡོངས་ལ་དོ་དམ་དང་ཏང་ཡོངས་ལ་བཅོས་སྐྱོང་བྱེད་དགོས། སྒྲིག་ཁྲིམས་སློབ་གསོར་ཤུགས་སྣོན་བརྒྱབ་ཏེ་ལྕགས་ལྟ་བུའི་སྒྲིག་ཁྲིམས་དེ་ཏང་ཡོན་དང་ལས་བྱེད་པའི་ཉིན་རེའི་གོམས་གཤིས་དང་རང་འགུལ་ཐོག་བརྩི་སྲུང་ཞུ་ཡུལ་ལ་འགྱུར་བ་བྱེད་དགོས། སྒྲིག་ཁྲིམས་དང་སྒྲིག་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ལམ་ལུགས་དུས་བསྟུན་མདུན་སྐྱོད་ཡོང་བ་བྱེད་དགོས། རིམ་ཁག་ཏང་ཨུད་དང་ཏང་ཙུའུ་ཡིས་དམ་འཛིན་བྱེད་ཕོད་པ་དང་དོ་དམ་བྱེད་ཕོད་པ། སྒྲིག་ཁྲིམས་ལག་བསྟར་ནན་པོ་བྱས་ཏེ། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་དགོས་ཞེས་བསྟན་པ་དང་།ཞི་ཅིན་ཕིང་གིས། རྩ་ལག་མཉམ་བཅོས་གཏིང་ཟབ་ཏུ་བཏང་སྟེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་གནོན་པའི་རང་བཞིན་གྱི་རྒྱལ་ཁ་ལེན་དགོས་ཞེས་ནན་སྟོན་གནང་བ་དང་།ཞི་ཅིན་ཕིང་གིས། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི་རུལ་སུངས་གནད་དོན་བཅོས་སྒྲིག་ནན་པོ་བྱེད་དགོས། སྟོབས་ཤུགས་ངན་པ་དང་བྱ་སྤྱོད་ངན་པ་མེད་པ་བཟོ་རྒྱུ་དེ་རུལ་སུངས་ལ་ངོ་རྒོལ་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། སྟོབས་ཤུགས་ངན་པ་དང་འབྲེལ་བ་ཡོད་པའི་སྒྲིག་འཛུགས་ལ་རྡུང་རྡེག་གཏོང་དགོས་པ་མ་ཟད། དེར་འགེབས་སྲུང་བྱེད་མཁན་ལའང་རྡུང་རྡེག་གཏོང་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཕྱོགས་བསྡུས་ཁྲིམས་འཛིན་གྱི་རྒྱལ་སྤྱིའི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ཏེ། རུལ་སུངས་ཉེས་བསགས་པར་ཟིལ་གནོན་བྱ་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས་ཞེས་བསྟན་པ་དང་།ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་། ལྷག་བསམ་རྣམ་དག་གིས་འགན་འཁྲི་དང་དུ་བླངས་པ། སྒེར་སེམས་མེད་ལ་ཞུམ་པ་མེད་པའི་ཐོག་ནས་འགན་འཁྲི་འཁུར་ཏེ། ཏང་དང་མི་དམངས་ལ་ཕུལ་དུ་བྱུང་བའི་རྒྱུགས་ལན་ཕུལ་ཡོད། སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ངེས་པར་དུ་འགན་འཁྲིའི་གནས་བབ་བརྟན་སྲུང་བྱས་ཏེ། ལྟ་སྐུལ་བྱ་ཤུགས་ཆེ་རུ་གཏོང་བ་དང་སྒྲིག་ཁྲིམས་ལག་བསྟར་ནན་པོ་བྱེད་པ། འགན་འཁྲི་རྩད་གཅོད་ནན་པོ་བྱེད་པ་བཅས་བྱ་དགོས་ཞེས་བསྟན་པ་དང་།ཞི་ཅིན་ཕིང་གིས། སྒྲིག་ཁྲིམས་ལག་བསྟར་བྱེད་མཁན་གྱིས་ངེས་པར་དུ་སྔོན་ལ་སྒྲིག་ཁྲིམས་སྲུང་དགོས་པ་དང་། སྒྲིག་ཁྲིམས་ལག་བསྟར་བྱེད་དུ་འཇུག་མཁན་གྱིས་ངེས་པར་དུ་སྔོན་ལ་རང་གཅུན་བྱེད་དགོས། རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་སྔར་བས་མཐོ་བའི་ཚད་གཞི་དང་སྔར་བས་དོ་ནན་གྱི་སྒྲིག་ཁྲིམས་ཀྱིས་རང་ཉིད་ལ་བླང་བྱ་འདོན་དགོས། རྒྱ་ཆེའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་བྱེད་པས་ལྷག་བསམ་ཟོལ་མེད་དང་བློ་བརྟན་འགྱུར་མེད་བྱེད་པ། འགན་འཁྲི་འཁུར་ཕོད་པ། སྒྲིག་ཁྲིམས་ལ་བརྩི་སྲུང་དང་ཁྲིམས་ལ་བརྩི་སྲུང་ཞུ་བ། སྤྱོད་པ་གཙང་མ་བཅས་བྱས་ཏེ། ཏང་དང་མི་དམངས་ཀྱིས་སྤྲད་པའི་དབང་ཆ་གང་བྱུང་དུ་བེད་སྤྱོད་མི་བྱེད་པ་དང་། ངན་གཅོད་དགེ་སྒྲུབ་ཀྱི་རལ་གྲི་རྣོན་པོ་ཡག་པོ་འཕྱར་རྒྱུ་འགན་ལེན་བྱ་དགོས་ཞེས་བསྟན་ཡོད་པ་རེད།ཀྲའོ་ལེ་ཅིས་གྲོས་ཚོགས་གཙོ་སྐྱོང་གནང་སྐབས། རིམ་ཁག་ཏང་རྩ་འཛུགས་ཀྱིས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། དགོངས་དོན་གྱི་ངོ་བོ་ཁོང་དུ་ཆུད་པ་བྱེད་པ། བསམ་བློའི་ངོས་འཛིན་གཅིག་གྱུར་ཡོང་བ་བྱེད་པ། འགན་འཁྲི་ཁུར་སེམས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ལས་དོན་དངོས་དང་འགན་ནུས་གཉིས་ཟུང་འབྲེལ་བྱེད་པ་དང་། ཆབ་སྲིད་ཀྱི་གནས་བབ་དང་ཆབ་སྲིད་ཀྱི་འཇོན་ཐང་ཆེ་རུ་བཏང་སྟེ། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་མ་ལག་རང་བཞིན་དང་གསར་གཏོད་རང་བཞིན། དངོས་ཕན་རང་བཞིན་བཅས་ཆེ་རུ་ཏན་ཏིག་གཏོང་དགོས་ཞེས་བསྟན་གནང་ཡོད་པ་རེད།ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དེ་སྤྱི་ཚེས་༡༡ཉིན་པེ་ཅིན་དུ་སྐོང་འཚོགས་བྱས་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད། སྤྱི་ཚེས་༡༡ཉིན་གྱི་ཕྱི་དྲོ་ཀྲའོ་ལེ་ཅིས་་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་འགོ་བརྗོད་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་དགོས་ཞེས་པའི་ལས་དོན་སྙན་ཞུ་གནང་ཡོད་པ་རེད།ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། ཡིག་སྒྱུར། བསྟན་འཛིན་འཇམ་དཔལ། མཚམས་གཅོད།