༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ལིས་ཁི་ཆང་གིས་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སིན་དང་གྲོས་མོལ་མཛད།

来源:མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒ2018-01-13 12:06:06 查看数0



0.jpg

ཟླ་དང་པོའི་ཚེས་བཅུ་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཅིན་པེན་ཞི་བདེ་ཐོག་ཁང་ཆེན་མོའི་ནང་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སིན་དང་གྲོས་མོལ་མཛད། པར་འདི་ནི་གྲོས་མོལ་མ་བྱས་གོང་། ཧུང་སིན་གྱིས་ཞི་བདེ་ཐོག་ཁང་ཆེན་མོར་ལིས་ཁི་ཆང་ལ་དགའ་བསུ་ཞུ་བའི་མཛད་སྒོ་རྒྱ་ཆེན་པོ་བསྡུ་བའི་ཚུལ་རེད། 
 

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ས་དེའི་ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོར་ཅིན་པེན་ཐོག་ཁང་ཆེན་མོའི་ནང་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སིན་དང་གྲོས་མོལ་མཛད།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཁམ་ཕུ་ཁྲེ་གཉིས་ནི་མཛའ་མཐུན་ཁྱིམ་མཚེས་ཡིན་ལ། རྒྱལ་ཁབ་གཉིས་བར་སྲོལ་རྒྱུན་མཛའ་བཤེས་ཟབ་མོ་ཆགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ཏེ་ལོ་འཁོར་དྲུག་ཅུ་ལོན་པ་དང་བསྟུན་ནས། ཁམ་ཕུ་ཁྲེ་ཕྱོགས་ཀྱི་མཐོ་རིམ་བར་གྱི་འགྲོ་འོང་མུ་མཐུད་དུ་ཇེ་དམ་དུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། མི་གཞུང་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་ཇེ་དམ་དུ་གཏོང་བ་དང་མཉམ་དུ་ཁམ་ཕུ་ཁྲེའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། ཁྱད་པར་དུ་དམངས་ཚིས་ལེགས་བཅོས་བྱེད་པར་རོགས་རམ་བྱེད་རྒྱུ་མ་ཟད། ལག་གདང་སྦྲེལ་ཏེ་ཀྲུང་གོ་དང་ཁམ་ཕུ་ཁྲེ་གཉིས་ཀྱི་འཐབ་ཇུས་དོན་སྙིང་ལྡན་པའི་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་ནན་གྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་དང་འཕེལ་རྒྱས་འཐབ་ཇུས་སྔར་ལས་འབྲེལ་འདྲིས་བཟང་བོ་བྱས་ཏེ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པ་དང་བསྟུན་ནས། ཐོན་ནུས་དང་དངུལ་གཏོང་མཉམ་ལས་ཕྱོགས་ཀྱི་ལས་གཞི་གཙོ་བོ་ལག་བསྟར་བཟང་བོ་བྱེད་འདོད་ཡོད་པར་མ་ཟད། དཔལ་འབྱོར་དམིགས་བསལ་ས་ཁུལ་དང་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། ཞིང་ལས་དང་ཞིང་ཐོན་དངོས་རྫས་ལས་སྣོན་བྱེད་པ། གནས་སྐོར་སོགས་ཕྱོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། ཚན་རིག་སློབ་གསོ་དང་རིག་གནས་འཕྲོད་བསྟེན། ས་གནས་སོགས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། ཀྲུང་གོ་དང་ཁམ་ཕུ་ཁྲེ་བར་འབྲེལ་བ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་རབ་དང་རིམ་པ་མཉམ་དུ་སྤེལ་ནས། ཀྲུང་གོ་དང་ཁམ་ཕུ་ཁྲེ་གཉིས་ཀྱི་མཛའ་མཐུན་དམངས་འདུན་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ཟེར།

ཧུང་སིན་གྱིས་ཙུང་ལི་ལིས་ཁི་ཆང་ཁམ་ཕུ་ཁྲེ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་སྐབས་འདིར་ཁམ་ཕུ་ཁྲེ་ལ་འཚམས་འདྲིར་ཡོང་པར་དགའ་བསུ་ཞུས་པར་མ་ཟད། ཙུང་ལི་ལིས་ཁི་ཆང་གིས་ཐེངས་འདིར་འཚམས་འདྲི་བྱས་ནས་ཁམ་ཕུ་ཁྲེ་དང་ཀྲུང་གོ་གཉིས་ཀྱི་སྲོལ་རྒྱུན་མཛའ་བཤེས་སྔར་ལས་ཇེ་བརྟན་དུ་གཏོང་སྲིད་ལ། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་དང་རྫ་ཆུ་དང་མཱེ་ཀུང་ཆུ་བོའི་མཉམ་ལས་སྔར་ལས་འཕེལ་རྒྱས་སུ་གཏོང་ཐུབ། ཁམ་ཕུ་ཁྲེ་དང་ཀྲུང་གོ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ་ནི་ཁམ་ཕུ་ཁྲེ་སྲིད་གཞུང་དང་མི་དམངས་ཀྱི་ཐུན་མོང་གི་ལྟ་བ་ཡིན་པས། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་སྲོག་ཤིང་ཁེ་ཕན་གནད་དོན་ཐད་ནས་མུ་མཐུད་དུ་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་དྲང་བདེན་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་སྣ་ཚོགས་བཟང་བོར་བསྒྲུབ་སྟེ། ཁམ་ཕུ་ཁྲེ་དང་ཀྲུང་གོ་གཉིས་ཀྱི་སྲོལ་རྒྱུན་མཛའ་བཤེས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དུ་འཇུག་རྒྱུ་ཡིན་ཞེས་བཤད།

གྲོས་མོལ་བྱས་རྗེས། ལིས་ཁི་ཆང་དང་ཧུང་སིན་གཉིས་ཀྱིས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར་ཉོ་ཚོང་དང་འཕྲོད་བསྟེན། ནགས་ལས། ཞིང་ལས། མི་གཞུང་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་བཅུ་དགུ་འགོད་པར་བདེན་དཔང་བྱས། ཕྱོགས་གཉིས་ཀྱིས་ད་རུང་ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཉམ་འབྲེལ་གསལ་སྒྲོག་སྤེལ།

གྲོས་མོལ་མ་བྱས་གོང་། ཧུང་སིན་གྱིས་ཞི་བདེ་ཐོག་ཁང་ཆེན་མོ་ནས་ལིས་ཁི་ཆང་ལ་དགའ་བསུ་ཞུ་བའི་མཛད་སྒོ་རྒྱ་ཆེན་པོ་བསྡུས།