༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

སྤྱི་ལོ༢༠༡༧ལོའི་གངས་ལྗོངས་སྙན་དབྱངས་བྱ་དགའ་སྤྲོད་པའི་མཛད་སྒོ་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་སྤེལ་བ།

来源:བོད་ལྗོངས་འཕྲིན་དྲ།2018-01-10 11:06:16 查看数0

སྤྱི་ཟླ་དང་པོའི་ཚེས ༦ ཉིན།  བོད་རང་སྐྱོང་ལྗོངས་གླུ་གཞས་མཐུན་ཚོགས་ཀྱིས་གཙོ་གཉེར་གནང་བའི་གངས་ལྗོངས་སྙན་དབྱངས་བྱ་དགའ་སྤྲོད་པའི་མཛད་སྒོ་སྐབས་དང་པོ་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་སྤེལ་བ་རེད།  སྤྱི་ལོ ༢༠༡༧ ལོར་རང་ལྗོངས་ཁོངས་སུ་ཐོན་པའི་གླུ་གཞས་ཡག་ཤོས་བཅུ་ལ་ལོ་འཁོར་གྱི་སྙན་དབྱངས་བྱ་དགའ་ཐོབ་ཡོད།  དེ་མིན་ད་དུང་ཚིག་དང་གདངས་ཀྱི་ཕུལ་བྱུང་རྩོམ་པོའི་བྱ་དགའ་དང་།  ཕུལ་བྱུང་གཞོན་སྐྱེས་གཞས་མཁན་གྱི་བྱ་དགའ་སོགས་བྱ་དགའ་གཞན་བདུན་ཡང་མཉམ་དུ་སྤྲད་ཡོད།  སྙན་དབྱངས་བྱ་དགའ་དེ་སྤྲོད་པའི་དམིགས་ཡུལ་ནི་རང་ལྗོངས་ཀྱི་ཕུལ་བྱུང་གི་གླུ་གཞས་བརྩམས་ཆོས་ཁག་བརྒྱུད་སྤེལ་དང་གོང་འཕེལ་གཏོང་ཆེད་སྟེགས་བུ་ཞིག་མཁོ་འདོན་བྱེད་རྒྱུ་དེ་ཡིན།།