༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

བོད་སྐྱོད་རྒན་རབས་པའི་མི་ཚེའི་གཏམ་རྒྱུད། ༣

来源:2017-04-14 17:04:16 查看数0

འདིར་བརྗོད་པའི་བརྩེ་དུང་ནི་ཤིན་ཏུ་འཁྲུག་ཆ་དོད་པའི་ཕོ་མོའི་མཛའ་བརྩེའི་སྐོར་གྱི་གཏམ་རྒྱུད་ཅིག་མིན། འོན་ཀྱང་། གཏམ་རྒྱུད་འདིར་བལྟས་རྗེས་ཁྱེད་རང་སེམས་འགུལ་ཐེབས་པར་ཡིད་ཆེས་ཡོད། རྩོམ་སྒྲིག་པས།

མི་ཚང་མས་གཞོགས་ཁང་ནུབ་མའི་གཏམ་རྒྱུད་ནང་གི་ཧུང་ཉང་ལ་སོ་སོའི་འདོད་པ་དང་མཐུན་པའི་བརྩེ་དུང་ཞིག་ཐོབ་པའི་རེ་བ་བྱེད་ཀྱི་ཡོད།

༡༩༥༠ལོར། ལི་ལིའུ་ཡོན་ལོ་༡༨ཡིན་ཞིང་། ཁྲེན་ཏུའུ་དམག་ཁུལ་དུ་ཡོད་པ་དང་། དམག་སྡེ་བཅོ་བརྒྱད་པའི་གདོང་སྐྱོད་རུ་ཁག་གི་འཐབ་འཛིང་པར་གྱུར་པ་མ་ཟད། ལོ་དེར་བོད་དུ་བསླེབས་པ་རེད། ༡༩༥༠ལོར། ནུ་རུང་ལོ་༡༣ནས་༡༤བར་ཡིན་ཞིང་། དར་རྩེ་མདོའི་དམག་ཁུལ་དུ་ཡོད་པ་དང་། དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པར་གྱུར་པ་མ་ཟད། ལོ་དེར་བོད་དུ་བསླེབས་པ་རེད།

འཇིག་ཡེར་བའི་རང་བྱུང་གི་ཁོར་ཡུག་དང་འཚོ་བའི་ཆ་རྐྱེན་ཞན་པའི་རྐྱེན་གྱིས་འཐབ་འཛིང་པ་རྣམས་ཀྱིས་ཁའི་པགས་པ་བཤུས་པ་དང་། སེན་མོར་རྐོ་ཐིག་ལྷུང་བ་དང་། ཉིན་ལྟར་སྤྱི་ལེ་༥༠ལྷག་ཙམ་རྐང་ཐང་ལ་འགྲོ་དགོས་ཀྱི་ཡོད།

ལྷ་སར་བསླེབས་རྗེས། ཁོང་གཉིས་ལས་ཁུངས་མི་འདྲ་བའི་ནང་ལས་བགོས་བྱས་པ་རེད། འོན་ཀྱང་། རྒྱང་སྐྱོད་བྱེད་པའི་བརྒྱུད་རིམ་ནང་ཁོང་གཉིས་པོའི་བར་བརྩེ་དུང་ཆགས་ནས། ལས་དབང་གི་ཁོང་གཉིས་དམ་པོར་སྦྲེལ་ཡོད།

༡༩༥༥ལོར། ལིའི་ལིའུ་ཡོན་དང་ནུ་རུང་གཉིས་གཉེན་སྒྲིག་བྱས་པ་རེད།

ཁོང་གིས་ཉལ་ཁྲི་གཅིག་དང་སྒྲོག་ཙེ་གཅིག་གཤོང་བའི་ཁང་པ་ཞིག་བཙལ་ཏེ། རང་གི་བཟའ་ཟླར་མེ་ཏོག་རྐང་གཅིག་སྤྲད་པ་དང་། སྤུན་གྲོགས་ཚོས་ཀ་ཏོ་ར་དང་། ཨ་ཅོར། སྔས་འབོལ་སོགས་ལེགས་སྐྱེས་སུ་ཕུལ་བ་རེད།

དེ་ནས་བཟུང་། ཁོང་གཉིས་ཀྱིས་བོད་དུ་ལོ་༤༠ལྷག་ལ་འཚོ་བ་བསྐྱལ་བ་དང་། སྐྱིད་སྡུག་ཉམས་མྱོང་གིས་ད་བར་ལོ་༦༢ལྷག་ཟིན་ཡོད།

མི་ཁག་ཅིག་གིས། ད་ལྟ་འཚོ་བ་གང་འདྲ་བསྐྱལ་རུང་། སྤོ་ལགས་དང་རྨོ་ལགས་ཁོང་གཉིས་ཀྱི་དུས་རབས་དེར་ཡིད་སྨོན་བྱེད་ཀྱི་ཡོད།



དེ་དུས་མི་ལ་རང་ཚུགས་བརྟན་པོ་ཡོད་པས་ལས་ཀ་ཞིག་ལ་འཇུ་བའམ། མི་ཞིག་ལ་དགའ་པོ་བྱས་ཚེ་མི་ཚེ་མཐའ་འཁྱོལ་གྱི་ཡོད། ལིའི་ལིའུ་ཡོན་དང་ནུ་རུང་གཉིས་ཤིང་བྱི་ལོར་གཅིག་སེམས་གཅིག་མཐུན་ཡོང་དོན་ནི་ངེད་གཉིས་ལ་ཐུང་མོང་གི་བསམ་འདུན་ཞིག་ཡོད་དེ།  བོད་ལ་བརྩེ་བ་ཟབ་མོ་ཡོད་པས་ཡིན་ཞེས་གསུངས།


ལོ་ངོ་དྲུག་ཅུ་ལྷག་འདས་པས། ལོ་དེར་བོད་ལ་མཉམ་དུ་ཡོང་མཁན་གྱི་འཐབ་འཛིང་པ་མང་ཆེ་བ་ད་ལྟ་བཞུགས་མེད། ལིའི་ལིའུ་ཡོན་བཟའ་ཚང་གཉིས་པོས་ད་ཆ་སྔར་བཞིན་བོད་ལ་དོ་ཁུར་གནང་གི་ཡོད་ལ། ཁོང་རྣམ་གཉིས་ཀྱི་ངོས་ནས་བཤད་ན། བོད་ནི་ཁོང་རྣམ་གཉིས་ཀྱི་མི་ཚེ་ཧྲིལ་པོར་ལེགས་སྐྱེས་འབུལ་ས་དང་། བོད་ནི་ཁོང་ཚོའི་སེམས་དབུས་སུ་ཉར་བའི་ཆེས་མཛེས་སྡུག་ལྡན་པའི་དྲན་འཆར་དེ་ཡིན།

ཟི་ཁྲོན་གཤོང་ས་ནས་གངས་ལྗོངས་ས་མཐོའི་བར། ན་གསོ་དར་ལ་བབ་པ་ནས་དབུ་སྐྲ་དུང་ལྟར་གྱུར་བའི་བར། བོད་དུ་ལོ་༤༠ལྷག་ལ་ལས་ཀ་བྱས་ཏེ་འཚོ་བ་བསྐྱལ་བ་དེ་ནི། གཞོན་ནུའི་ལང་ཚོའི་ཁྲོད་ཆེས་ལེགས་ཤོས་དང་། བོད་ལྗོངས་ནི་ཁོང་གཉིས་པོའི་བརྩེ་དུང་གི་མདུད་པ་ཐེབས་ས་ཡིན་པས། བོད་ཀྱིས་ཁོང་གཉིས་ལ་རྟག་བརྟན་གྱི་བརྩེ་དུང་སྤྲད་པ་དང་། བོད་ནི་ཁོང་གཉིས་ཀྱི་བརྩེ་དུང་གི་བདེན་དཔང་ལྟ་བུ་ཡིན།