བོད་སྐྱོད་པ་རྒན་རབས་ཀྱི་མི་ཚེའི་གཏམ་རྒྱུད། ༢
ངའི་མིང་ལ་ཧུའུ་ཅིན་ཨན་ཟེར་ཞིང་ད་ལོ་ལོ་༨༥ཡིན། སྔོན་ཆད་བོད་དུ་སྐད་གྲགས་ཡོད་པའི་དམག་སྡེ་བཅོ་བརྒྱད་པའི་དམག་མི་ཞིག་ཡིན་ལ། ལོ་༡༧སྟེང་བོད་ལ་ཡོང་ནས་ལོ་༦༠སྟེང་རྒན་ཡོལ་བྱས་པ་ཡིན། ངས་ལོ་ངོ་༤༠རིང་བོད་ནས་འཚོ་བ་རོལ་བས་བོད་ཡུལ་ནི་ངའི་ཕ་ཡུལ་གཉིས་པ་ཡིན། ང་རང་ཡང་ས་འདིར་ཧ་ཅང་དགའ་པོ་ཡོད།
སྤྱི་ལོ་༡༩༥༠ལོར། ང་རང་དམག་སྡེ་བཅོ་བརྒྱད་པའི་འདའ་ཤོག་༡༥༧པར་ཞུགས་པ་ཡིན། དེར་ཞུགས་རྗེས། དང་ཐོག་གི་ལས་འགན་ནི་མང་ཚོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་དེ་ཡིན། དེ་དུས་ང་ཚོ་ཚང་མ་མང་ཚོགས་ཀྱི་ཁང་པའི་ནང་བསྡད་ཡོད་ལ། ང་ཚོས་ཉིན་ལྟར་མང་ཚོགས་ལ་ཆུ་ལེན་རོགས་བྱེད་ཀྱིན་ཡོད།
དུས་རབས་གོང་མའི་ལོ་རབས་༥༠བར། བོད་ཞི་བའི་བཅིང་འགྲོལ་གཏོང་ཆེད། འཐབ་གྲོགས་ཚོ་དང་ལྷན་དུ་དཀའ་ཚེགས་ཆེ་བའི་བོད་དུ་རྒྱང་སྐྱོད་བྱེད་འགོ་ཚུགས་ཤིང་། དུས་རབས་ཕྱེད་ཀའི་རིང་གི་ང་དང་བོད་ཀྱི་ལས་དབང་དེ་ནས་འགོ་བརྩམས་པ་རེད།
བོད་སྐྱོད་ཀྱི་ལམ་དུ་ཉེན་ཁ་མང་པོ་དང་འཕྲད་དེ། དཔེར་ན། ཐེངས་ཤིག་འཐབ་གྲོགས་ཚོ་དང་ལྷན་དུ་གོ་གྲུར་བསྡད་ནས་འབྲི་ཆུར་བརྒལ་སྐབས། རྦ་རླབས་དྲག་ཏུ་འཕྱུར་ཡོང་བ་སོགས་ངའི་དྲན་ངོས་ནས་དུས་ནམ་ཡང་ཡལ་ཐབས་མི་འདུག
སྐབས་དེར་གྲུའི་ནང་དུ་ང་ཚོ་མི་བདུན་ཡོད་ཅིང་། གཞོགས་རེར་མི་གསུམ་རེ་བསྡད་ཡོད་པ་དང་། བཅུ་དཔོན་གྱིས་གྲུར་ཁ་ལོར་བསྒྱུར་བཞིན་ཡོད། ཆུའི་རྦ་རླབས་ཧ་ཅང་མཐོ་བས་ང་ཚོའི་བློ་མཐུན་ཞིག་སྐྲག་ནས་གཞོགས་གཅིག་ལ་གཡོལ་བ་དང་གྲུ་གཟིངས་མགོ་རྟིང་ལོག་གྲབས་བྱས་པ་རེད། སྟབས་ལེགས་པ་ཞིག་ལ་བཅུ་དཔོན་གྱི་ལག་རྩལ་བཟང་པས་ང་ཚོ་ཉེན་ཁ་ལས་ཐར་བ་རེད།
གལ་སྲིད་དེ་དུས་གྲུ་གཟིངས་མགོ་རྟིང་ལོག་པ་ཡིན་ན། ང་ཚོ་ཚང་མར་ཚེ་སྲོག་གི་ཉེན་ཁ་ཡོད་པར་ཐེ་ཚོམ་མེད། སྐབས་དེར་ང་ལ་ཆོད་སེམས་གཅིག་ཡོད་དེ། དེ་ནི་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ནས་བོད་ཞི་བའི་བཅིང་འགྲོལ་བཏང་སྟེ། བོད་ཀྱི་མི་དམངས་རྣམས་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྐྱོབ་རྒྱུ་དེ་ཡིན། ལས་འགན་དེ་ངེས་པར་བསྒྲུབ་དགོས་པས་ངས་དཀའ་ངལ་ཐམས་ཅད་སེལ་ཅི་ཐུབ་བྱས་པ་ཡིན།
སྤྱི་ལོ་༡༩༥༡ལོར་བོད་ཞི་བའི་བཅིང་འགྲོལ་བཏང་བའི་སྐབས་དེར། བོད་སྐྱོད་དཔུང་སྡེར་ལས་འགན་གསར་པ་ཞིག་ཡོད་དེ། དེ་ནི་བོད་གསར་པ་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན་པས། སྐབས་དེར་ང་ཕ་ཡུལ་དང་བྲལ་ནས་ལོ་༧ལྷག་ཟིན་པ་རེད།
སྤྱི་ལོ་༡༩༥༤ལོར། ད་གཟོད་ཕ་ཡུལ་དུ་ཕ་མ་དང་ལྷན་འཛོམས་བྱུང་མོད། འོན་ཀྱང་མི་དམངས་ལ་ཞབས་ཞུ་བསྒྲུབས་ཏེ། གཞིས་ཁྱིམ་ཆེན་མོ་འཛུགས་རྒྱུ་ནི་རང་ཉིད་ཀྱི་ཁྱིམ་ཚང་དང་བསྡུར་ན་ལས་དོན་གལ་ཆེན་ཞིག་ཡིན།
གནའ་བོའི་བོད་ལྗོངས་ཀྱིས་དུས་རབས་གསར་པ་ཞིག་བསུས་ཡོད་པས། དུས་ཁག་དང་པོའི་འཛུགས་སྐྲུན་པ་ཚོས་དཀའ་སྤྱད་འབད་བརྩོན་གྱིས་ས་མཐོར་ལེགས་སྐྱེས་ཕུལ་ཡོད།
སྐབས་དེར་ང་རང་བོད་ཀྱི་རིག་གནས་ལས་དོན་པ་ཞིག་ཡིན་པའི་ཆ་ནས། བོད་ཀྱི་རིག་གནས་ལ་རྒྱུས་ལོན་ཅི་ཡང་མེད་པ་ནས་བོད་གསར་པའི་རིག་གནས་ནི་ཀ་རྟེན་སྟོབས་ཤུགས་ལྟ་བུར་གྱུར་ཡོད་པ་དང་སྦྲགས། བོད་དུ་གཉེན་སྒྲིག་བྱས་པ་ཡིན།
དེའི་རྗེས། བོད་ལྗོངས་འཛུགས་སྐྲུན་པ་མང་པོས་བྱས་རྗེས་ཁྲོད་རིམ་བཞིན་འཕེལ་རྒྱས་བྱུང་བ་དང་། བྱ་གཞག་ཐམས་ཅད་ཡར་ངོས་ཟླ་ལྟར་གོང་འཕེལ་བྱུང་བ་རེད། སྤྱི་ལོ་༡༩༩༢ལོར་ངས་རྒན་ཡོལ་ཞུས་ཏེ་ཁྲིན་ཏུའུ་ནས་འཚོ་བ་རོལ་བ་ཡིན།
ལོ་ངོ་བཅུ་ཕྲག་ཁ་ཤས་རིང་གི་བོད་ཀྱི་འཚོ་བ་ནི་ང་རང་ལ་མཚོན་ན་མི་ཚེའི་ཁྲོད་ཀྱི་ཆེས་གལ་ཆེན་ཞིག་ཡིན། ང་ཁྲིན་ཏུའུ་ནས་རྟག་པར་ཇ་ཁང་ལ་འགྲོ་བའི་གོམས་སྲོལ་ཞིག་ཆགས། ངས་ཇ་ཁང་ནང་བོད་ཀྱི་རྒན་ཡོལ་ཞུས་པའི་བློ་མཐུན་རྣམས་དང་མཉམ་དུ་སྔོན་གྱི་འདས་དོན་ལ་ཕྱིར་དྲན་བྱས་པ་ཡིན། ང་རང་ལོ་༨༥ལ་བསླེབས་ཀྱང་རྒྱུན་དུ་འདི་འདྲའི་བྱེད་སྒོ་ཡོད་ཚེ་དེ་ལ་འགྲོ་ཁོ་ཐག་ཡིན།
ལོ་༤༠ལྷག་ལ་ངས་བོད་དུ་འཚོ་བ་རོལ་ཡང་བྱས་རྗེས་ཆེན་པོ་བཞག་ཡོད་ཅེས་བརྗོད་མི་ཕོད་ཀྱང་། དྲང་མོར་བཤད་ན། ངས་བོད་ཀྱི་ཆེད་དུ་རང་ནུས་ཅི་ལྕོགས་སྒོས་སྒྲུབ་འོས་པའི་ལས་དོན་མཐའ་དག་བསྒྲུབས་པ་ཡིན།
བོད་ནི་ངའི་ཕ་ཡུལ་གཉིས་པ་དེ་ཡིན་ལ། ས་འདིའི་མང་ཚོགས་རྣམས་ནི་ངའི་གཉེན་ཉེ་དང་ཀུན་ནས་མཚུངས། བརྩེ་བ་འདི་ལྟ་བུས་ང་དང་བོད་ཀྱི་མི་དམངས་རྣམས་ཀྱི་ཡིད་སེམས་གཅིག་ཏུ་སྦྲེལ་ནས། དུས་ནམ་ཡང་འབྲལ་ཐབས་མེད་པར་གྱུར་ཡོད།
འདི་ནས་ང་ཚོས་ལོ་༡༧ཅན་གྱི་སྟག་ཤར་གཞོན་པ་ནས་ལོ་༦༠གཉའ་ནས་གནོན་པའི་བར། ཧུའུ་ཅིན་ཨན་གྱིས་རང་ཉིད་ཀྱི་ལང་ཚོའི་ཆ་ཡོངས་སུ་བོད་ཀྱི་ཆེད་དུ་ཕུལ་ཏེ། བོད་འཛུགས་སྐྲུན་བྱེད་པར་དཀའ་སྡུག་གི་རྔུལ་ཁྲག་གཏོར་བའི་ཁོང་དང་ཁོང་ལྟ་བུའི་རྒན་རབས་པ་རྣམས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ང་ཚོས་ཀྱང་མུ་མཐུད་དུ་བོད་སྐྱོད་རྒན་རབས་པའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ། མཛེས་སྡུག་ལྡན་པའི་བོད་གསར་པ་འཛུགས་སྐྲུན་བྱ་རྒྱུ་ཡིན།